ཆ་འཕྲིན་ཐེར་འདོན། mzjubao@cnr.cn

དམིགས་བསལ་དོ་ཁུར།

དཔལ་ཡུལ་རྫོང་དུ་ཤིང་ནཊ་ལྐོག་གཅོད་ཀྱི་གྱོད་དོན་གཉིས་ཐོན་འདུག

2021-04-19 10:18:00     责编:娜科

 

    ཉེ་ཆར། སི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ་དཔལ་ཡུལ་རྫོང་སྤྱི་བདེ་ཅུད་ཀྱིས་ཤིང་ནགས་ལྐོག་གཅོད་ཀྱི་གྱོད་དོན་གཉིས་རྩད་ཆོད་པ་དང་། དོགས་ཡོད་ཉེས་ཅན་པ་གཉིས་བཟུང་ཡོད། 

 

    གྱོད་དོན་དང་པོ་ནི། བརྟག་དཔྱད་བརྒྱུད་ཤེས་རྟོགས་བྱུང་བར། སྤྱི་ལོ་2020ལོའི་ཟླ་12པར་རྡོ་ཆེ་གེ་མོས་ཤིང་ནགས་གཅོད་པའི་ཆོག་འཐུས་ལག་འཁྱེར་མ་གཉེར་བའི་གནས་ཚུལ་འོག་རང་དགར་ཨ་འཛི་ཤང་འབའ་རོང་གྲོང་ཚོའི་དགེ་གྲགས་རི་བོ་(མཚོ་ཆེན་གསུམ་མདོ་སྲུང་སྐྱོང་ཁུལ་ཚོད་ལྟའི་ཁུལ་གྱི་ནགས་ས་15པའི་ནགས་ས་ཆུང་བ་364)ཡི་རྒྱལ་དབང་ནགས་ཁུལ་དུ་ནགས་ཤིང་རྐང་5བཅད་པ་དང་།  འཇའ་དབྱུག་ལ་བརྟེན་ནས་དགེ་གྲགས་རི་བོའི་རྐང་ལམ་ཞིག་གི་འགྲམ་དུ་སྤུངས་ཡོད་པ་དང་། སྤྱི་ལོ་2021ལོའི་ཟླ་4པར་སྐོར་ཞིབ་མི་དམངས་ཉེན་རྟོག་པས་རྩད་ཆོད་ལག་ཟིན་བྱུང་།  མིག་སྔར་རྡོ་ཆེ་གེ་མོ་ཁྲིམས་ལྟར་ཉེས་དོན་བཀག་ཉར་བྱས་ཡོད།

    གྱོད་དོན་གཉིས་པ་ནི། བརྟག་དཔྱད་བརྒྱུད་ཤེས་རྟོགས་བྱུང་བར། སྤྱི་ལོ་2018ལོའི་ཟླ་7པར། ཨ་འཛི་ཤང་འབའ་རོང་གྲོང་ཚོའི་གྲོང་མི་ཀྲང་ཆེ་གེ་མོས་ཤིང་ནགས་གཅོད་པའི་ཆོག་འཐུས་ལག་འཁྱེར་མ་གཉེར་བའི་གནས་ཚུལ་འོག་རང་དགར་ཨ་འཛི་ཤང་འབའ་རོང་གྲོང་ཚོའི་འབའ་ལ་རི་བོ་(མཚོ་ཆེན་གསུམ་མདོ་སྲུང་སྐྱོང་ཁུལ་བར་བཅད་ཁུལ་གྱི་ནགས་ས་10པའི་ནགས་ས་ཆུང་བ་68)ཡི་རྒྱལ་དབང་ནགས་ཁུལ་ནས་ནགས་ཤིང་རྐང་27ལྐོག་གཅོད་བྱས་ཤིང་། འཇའ་དབྱུག་ལ་བརྟེན་ནས་རི་གཤམ་དུ་དབོར་བ་མ་ཟད་ལས་སྣོན་བྱས་རྗེས་སྨར་ལ་རི་བོའི་འདབས་སུ་སྤུངས་ཡོད་པ་དང་། སྤྱི་ལོ་2021ལོའི་ཟླ་4པར་སྐོར་ཞིབ་ཉེན་རྟོག་པས་ཤེས་རྟོགས་བྱུང་། 

 

    མིག་སྔར། ཀྲང་ཆེ་གེ་མོ་ཁྲིམས་ལྟར་ཉེས་དོན་བཀག་ཉར་བྱས་ཡོད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

ཞུ་དག མིག་དམར་རྒྱ་མཚོ།

ཡིག་སྒྱུར། ཀླུ་འབུམ།

中央广播电视总台 央广网 版权所有

དཔལ་ཡུལ་རྫོང་དུ་ཤིང་ནཊ་ལྐོག་གཅོད་ཀྱི་གྱོད་དོན་གཉིས་ཐོན་འདུག

གྱོད་དོན་གཉིས་པ་ནི། བརྟག་དཔྱད་བརྒྱུད་ཤེས་རྟོགས་བྱུང་བར། སྤྱི་ལོ་2018ལོའི་ཟླ་7པར། ཨ་འཛི་ཤང་འབའ་རོང་གྲོང་ཚོའི་གྲོང་མི་ཀྲང་ཆེ་གེ་མོས་ཤིང་ནགས་གཅོད་པའི་ཆོག་