ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་ནང་གསར་འགྱུར།

མཚོ་སྔོན་གྱི་ས་མཐོའི་ལུས་སྦྱོང་རྟེན་གཞི་འདིར་གཟེངས་བསྟོད་ཐོབ་པ།

2023-12-11 15:36:00     责编:桑吉卓玛

ཟླ་12ཚེས་6ཉིན་གསར་འགོད་པས་མཚོ་སྔོན་ཞིང་ཆེན་ལུས་རྩལ་ཅུས་ནས་ཤེས་རྟོགས་བྱས་པར་གཞིགས་ན། རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུས་ཀྱིས་གཟེངས་བསྟོད་བྱས་པའི་2022ལོའི་རྒྱལ་ཡོངས་ཀྱི་གངས་འཁྱགས་ལུས་རྩལ་འཕེལ་རྒྱས་ཐད་ལེགས་སྐྱེས་མངོན་གསལ་དོད་པོ་ཕུལ་མཁན་མཉམ་སྡེབ་དང་མི་སྒེར་ཁྲོད་མཚོ་སྔོན་མདོ་བ་རྒྱལ་ཁབ་ས་མཐོའི་ལུས་རྩལ་སྦྱོང་བརྡར་རྟེན་གཞིར(གཤམ་དུ“མདོ་བ་རྟེན་གཞི”ཞེས་བསྡུ་རྒྱུ)“རྒྱལ་ཡོངས་ཀྱི་གངས་འཁྱགས་ལུས་རྩལ་འཕེལ་རྒྱས་ཐད་ལེགས་སྐྱེས་མངོན་གསལ་དོད་པོ་ཕུལ་མཁན་མཉམ་སྡེབ”ཀྱི་མཚན་སྙན་ཐོབ་པ་དང་། རྟེན་གཞིའི་འཁྱགས་དར་བཟོ་མཁན་དགེ་རྒན་མིང་ལའེ་ཧྲེང་ལ“རྒྱལ་ཡོངས་ཀྱི་གངས་འཁྱགས་ལུས་རྩལ་འཕེལ་རྒྱས་ཐད་ལེགས་སྐྱེས་མངོན་གསལ་དོད་པོ་ཕུལ་མཁན་མི་སྒེར”གྱི་མཚན་སྙན་ཐོབ་པ་རེད།

ཉེ་བའི་ལོ་ཤས་རིང་། མདོ་བ་རྟེན་གཞིས་གངས་འཁྱགས་ལུས་རྩལ་གྱི“ལྷོ་སྲིང་དང་ནུབ་སྐྱེད། ཤར་སྐྱོད”བཅས་ཀྱི་རྒྱལ་ཁབ་ཀྱི་འཐབ་ཇུས་ལག་བསྟར་དོན་འཁྱོལ་བྱས་ནས། “མི་འབོར་དུང་ཕྱུར་གསུམ་གངས་འཁྱགས་ལུས་རྩལ་ནང་ཞུགས་རྒྱུར་སྐུལ་ཁྲིད་བྱེད་པའི”འབོད་སྐུལ་དང་ལེན་ཞུས་ཏེ། རྒྱལ་ཁབ་རྟེན་གཞིའི་འགན་འཁྲི་འདོན་སྤེལ་གང་ལེགས་བྱས་ནས་གངས་འཁྱགས་ལུས་རྩལ་ར་བའི་ལེགས་ཆ་སྤྱད་དེ་རྩལ་འགྲན་ལུས་རྩལ་གྱི་གངས་འཁྱགས་རྣམ་གྲངས་ཁྱབ་གདལ་དང་འཕེལ་རྒྱས་འགྲོ་རྒྱུར་རོགས་རམ་ཧུར་ཐག་བྱས་ཡོད།

2016ལོའི་ཚུན་དུ། མདོ་བ་རྟེན་གཞིས་རྒྱལ་སྤྱིའི་འཁྱག་ལྟིར་གྱི་རྩེར་སོན་འགྲན་བསྡུར་སྐབས་དྲུག་པ་དང་རྒྱལ་ཡོངས་འཁྱག་ལྟིར་རིམ་མཚུངས་མཉམ་འགྲན་སོགས་འགྲན་བསྡུར་ཆེ་གྲས་བདེ་བླག་ངང་གཉེར་བ་དང་། ཐོ་ཁེའོ་ཨོ་རྩལ་འགྲན་ཚོགས་དང་པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་སྦྱོང་བརྡར་འགན་ལེན་ལས་དོན་ཏན་ཏིག་ངང་སྤེལ་ནས། གངས་འཁྱགས་ལུས་རྩལ་གྱི་བྱ་གཞག་འཕེལ་རྒྱས་ཆེད་ལེགས་སྐྱེས་ཧུར་ཐག་ཕུལ་ཡོད། མདོ་བ་རྟེན་གཞིས་མཐའ་མའི་གདོང་མཆོང་གི་གྲ་སྒྲིག་དུས་མཚམས་ཀྱི་སྦྱོང་བརྡར་འགན་ལེན་བྱས་པའི་ཀྲུང་གོའི་རྐུབ་སྟེགས་འཁོར་ལོའི་འཁྱག་ལྟིར་རུ་ཁག་ལ་2022ལོའི་དབང་པོ་སྐྱོན་ཅན་ཨོ་རྩལ་འགྲན་ཚོགས་ཀྱི་གསེར་གྱི་རྟགས་མ་ཐོབ་པ་དང་། གསོ་སྐྱོང་བྱས་པའི་མཚོ་སྔོན་གྱི་ཁག་དང་པོའི་འཁྱག་ལྟིར་ཤན་འབྱེད་པ་དང་འཁྱག་བཟོ་བས་པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་རྒྱལ་ཁབ་རུ་ཁག་གི་འཁྱགས་བཟོ་བ་དང་འཁྱག་ཤུད་ཁང་གི་འཁྱགས་བཟོ་བའི་འགན་འཁུར་ཡོད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།
ཞུ་དག གཡུ་སྒྲོན།
ཡིག་སྒྱུར། ལྷ་སྟག་མཚོ།

འཛམ་གླིང་སྐར་ཁུངས།

ཕ་དབྱི་ཕྱོཊ་གཉིས་པོས་དམག་མཚམས་འཇོག་པའི་དུས་ཡུན་ནར་འགྱངས་བཏང་བ།

ས་གནས་དེ་གའི་དུས་ཚོད་ཟླ་11པའི་ཚེས་24ཉིན་གྱི་སྔ་དྲོའི་ཆུ་ཚོད་7པར། ཧ་མ་སི་དང་དབྱི་སི་རལ་གྱིས་ཀ་ཧྲ་ས་ཁུལ་དུ་གནས་སྐབས་དམག་མཚམས་འཇོག་པའི

中央广播电视总台 央广网 版权所有

མཚོ་སྔོན་གྱི་ས་མཐོའི་ལུས་སྦྱོང་རྟེན་གཞི་འདིར་གཟེངས་བསྟོད་ཐོབ་པ།

ཟླ་12ཚེས་6ཉིན་གསར་འགོད་པས་མཚོ་སྔོན་ཞིང་ཆེན་ལུས་རྩལ་ཅུས་ནས་ཤེས་རྟོགས་བྱས་པར་གཞིགས་ན། རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུས་ཀྱིས་གཟེངས་བསྟོད་བྱས་པའི་2022ལོའི་རྒྱལ་ཡོངས་ཀྱི་གངས་འཁྱགས་ལུས་