ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་ནང་གསར་འགྱུར།

ཚོང་དོན་པུས་སྐབས་གསུམ་པའི་ཀྲུང་གོ་རྒྱལ་སྤྱིའི་ཉིན་རེའི་འཛད་སྤྱོད་དངོས་པོའི་དངོས་མང་སྟོན་ཚོགས་ཀྱི་གྲ་སྒྲིག་ལས་དོན་གོ་རིམ་ལྡན་པའི་ངང་སྤེལ་བཞིན་ཡོད་པ་དང་། རང་རྒྱལ་གྱི་འགྲེམས་སྟོན་ལས་རིགས་མགྱོགས་མྱུར་སླར་གསོ་གོང་འཕེལ་འགྲོ་ཚུལ་མངོན་པ།

2023-03-25 11:16:00     责编:桑吉卓玛

འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། སྤྱི་ཚེས་༢༣ཉིན་ཚོང་དོན་པུས། སྐབས་གསུམ་པའི་ཀྲུང་གོ་རྒྱལ་སྤྱིའི་ཉིན་རེའི་འཛད་སྤྱོད་དངོས་པོའི་དངོས་མང་སྟོན་ཚོགས་ཀྱི་གྲ་སྒྲིག་ལས་དོན་གོ་རིམ་ལྡན་པའི་ངང་སྤེལ་བཞིན་ཡོད་པ་དང་། མིག་སྔའི་ཆར་རང་རྒྱལ་གྱིས་དྲ་འོག་འགྲེམས་སྟོན་གཉེར་རྒྱུར་སྐུལ་འདེད་ཧུར་ཐག་གཏོང་བའི་ཐོག་ནས་འགྲེམས་སྟོན་ལས་རིགས་མགྱོགས་མྱུར་སླར་གསོ་གོང་འཕེལ་འགྲོ་ཚུལ་མངོན་ཡོད་པའི་ཁྱབ་བསྒྲགས་བྱས་ཡོད།

སྤྱི་ཟླ་༤པའི་ཚེས་༡༠ཉིན་ནས་ཚེས་༡༥ཉིན་བར་ཧའེ་ནན་ཞིང་ཆེན་ཧའེ་ཁའུ་གྲོང་ཁྱེར་དུ་གཉེར་རྒྱུའི་སྐབས་གསུམ་པའི་ཀྲུང་གོ་རྒྱལ་སྤྱིའི་འཛད་སྤྱོད་དངོས་པོའི་དངོས་མང་སྟོན་ཚོགས་ནི་རིམས་ནད་སྔོན་འགོག་ཚོད་འཛིན་བརྟན་པོ་བྱུང་བའི་རྗེས་སུ་རང་རྒྱལ་གྱིས་གཉེར་རྒྱུའི་རྒྱལ་སྤྱིའི་རང་བཞིན་གྱི་འགྲེམས་སྟོན་ཐོག་མ་དེ་ཡིན་ལ། ཚོང་དོན་པུའི་འཛད་སྤྱོད་སྐུལ་སྤེལ་ལོའི་བྱེད་སྒོ་རབ་དང་རིམ་པའི་གྲུབ་ཆ་གལ་ཆེན་ཞིག་ཀྱང་ཡིན། ཚོང་དོན་པུའི་གསར་འགྱུར་མགྲིན་ཚབ་པ་ཧྲུའུ་ཡུས་ཐིང་གིས་ཟུར་གསལ་གནང་བར། མིག་སྔའི་ཆར་འཛད་སྤྱོད་དངོས་པོའི་དངོས་མང་སྟོན་ཚོགས་ཀྱི་གོ་ལ་ཧྲིལ་པོའི་ཚོང་འགུག་ལས་དོན་ལེགས་སྒྲུབ་ཟིན་ཡོད་པ་དང་། སྐུ་མགྲོན་གདན་ཞུ་དང་། ཆ་སྦྱོར་བྱེད་སྒོ ཞབས་ཞུའི་འགན་ལེན་སོགས་ཐད་ཀྱི་གྲ་སྒྲིག་ལས་དོན་ད་ལྟ་གོ་རིམ་ལྡན་པའི་སྒྲུབ་བཞིན་ཡོད་པ་རེད།

མིག་སྔའི་ཆར། རང་རྒྱལ་གྱིས་སྲིད་ཇུས་བྱ་ཐབས་ཧུར་ཐག་བཏོན་པ་དང་། དྲ་འོག་གི་འགྲེམས་སྟོན་གཉེར་བར་སྐུལ་འདེད་བཏང་ནས། འགྲེམས་སྟོན་བྱེད་སྒོ་གང་མགྱོགས་སླར་གསོ་གོང་འཕེལ་ཡོང་བའི་རྣམ་པ་མངོན་ཡོད། ཧྲུའུ་ཡུས་ཐིང་གིས་ཟུར་གསལ་གནང་བར། ད་ལོའི་སྤྱི་ཟླ་དང་པོ་ནས་གཉིས་པའི་བར་རང་རྒྱལ་རྒྱལ་ཁོངས་ནང་གི་ཆེད་ལས་འགྲེམས་སྟོན་ཁང་གིས་འགྲེམས་སྟོན་བྱེད་སྒོ་ཁྱོན་བསྡོམས་༡༨༤གཉེར་བ་དང་། དུས་མཚུངས་ལས་ལྡབ་གཅིག་དང་གྲངས་ཆུང་གཅིག་འཕར་ཡོད། དེའི་ནང་སྤྱི་ཟླ་༢པར། རྒྱལ་ཁོངས་ནང་གི་ཆེད་ལས་འགྲེམས་སྟོན་ཁང་གིས་འགྲེམས་སྟོན་བྱེད་སྒོ་༡༣༤གཉེར་བ་དང་། དེ་དུས་མཚུངས་ལས་ལྡབ་གསུམ་དང་གྲངས་ཆུང་གསུམ་འཕར་ཡོད་ཅིང་། སྤྱི་ལོ་༢༠༡༩ལོའི་དུས་ཚོད་གཅིག་པའི་༨༣.༨%སླར་གསོ་བྱུང་ཡོད་པ་དང་། སྔོན་དཔག་བྱས་ན་ལོ་ཧྲིལ་པོའི་རྒྱལ་ཁོངས་ནང་གི་འགྲེམས་སྟོན་བྱེད་སྒོ་གཉེར་བའི་གཞི་ཁྱོན་ལོ་གོང་མ་ལས་ལྡབ་ཀྱིས་འཕར་བའི་རེ་བ་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།

འཛམ་གླིང་སྐར་ཁུངས།

▶རྒྱ་མཚོའི་ནང་སྤོས་འགྱིག་གི་རྡུལ་ཕྲན་དུང་ཕྱུར་ཁྲི་170ཙམ་ཡོད་འདུག

གཞན་ཡང་དཔལ་འབྱོར་རིག་པའི་ཇུས་འདོན་ཚོགས་པ་དང་འཇར་ཕན་གྱི་ཁེ་གཉེར་མིན་པའི་སྒྲིག་གཞི་སྟེ་འཇར་ཕན་རྒྱུ་ནོར་ཚོགས་པས་མཉམ་འབྲེལ་ཐོག་ཁྱབ་བསྒྲགས་བྱས་པའི་སྙན་ཞུའི་ནང་།

中央广播电视总台 央广网 版权所有

ཚོང་དོན་པུས་སྐབས་གསུམ་པའི་ཀྲུང་གོ་རྒྱལ་སྤྱིའི་ཉིན་རེའི་འཛད་སྤྱོད་དངོས་པོའི་དངོས་མང་སྟོན་ཚོགས་ཀྱི་གྲ་སྒྲིག་ལས་དོན་གོ་རིམ་ལྡན་པའི་ངང་སྤེལ་བཞིན་ཡོད་པ་དང་། རང་རྒྱལ་གྱི་འགྲེམས་སྟོན་ལས་རིགས་མགྱོགས་མྱུར་སླར་གསོ་གོང་འཕེལ་འགྲོ་ཚུལ་མངོན་པ།

འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། སྤྱི་ཚེས་༢༣ཉིན་ཚོང་དོན་པུས། སྐབས་གསུམ་པའི་ཀྲུང་གོ་རྒྱལ་སྤྱིའི་ཉིན་རེའི་འཛད་སྤྱོད་དངོས་པོའི་དངོས་མང་སྟོན་ཚོགས་ཀྱི་གྲ་སྒྲིག་ལས་དོན་གོ་རིམ་ལྡན་པའི་ངང་སྤེལ་