ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་ནང་གསར་འགྱུར།

༼དབང་གྲགས་བགྲོ་གླེང་༽ཞེས་པའི་ནང་ཤའོ་ཡ་ཆིང་གིས་འགོག་རྐྱེན་སེལ་བ་དང་རོགས་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས་ཁེ་ལས་འབྲིང་ཆུང་བརྟན་ལ་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་རམ་འདེགས་བྱེད་དགོས་ཞེས་གསུངས་པ།

2021-10-18 09:31:00     责编:nake

འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ཁྲོམ་རའི་གཞུང་དྲང་འགྲན་རྩོད་ཀྱི་སྒྲིག་ལམ་བཟང་པོ་དེ་ཁེ་ལས་དང་ལྷག་པར་དུ་ཁེ་ལས་འབྲིང་ཆུང་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུ་དང་འབྲེལ་བ་ཡོད་པ་དང་། མི་དམངས་མང་ཚོགས་ཀྱི་ཁེ་དབང་སྲུང་སྐྱོང་བྱ་རྒྱུ་དང་འབྲེལ་བ་ཡོད། ཇི་ལྟར་བྱས་ནས་ཁྲོམ་རའི་འཕེལ་རྒྱས་ཀྱི་བཀག་རྒྱ་སྔར་བས་སེལ་བ་དང་གནད་སྨིན་ཇུས་འདོན་བྱས་ནས་གཞུང་དྲང་འགྲན་རྩོད་ཀྱི་ཁྲོམ་རའི་ཁོར་ཡུག་བཏོད་དེ་ཁེ་ལས་འབྲིང་ཆུང་བརྟན་ལ་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས་སམ་ཞེ་ན། བཟོ་ལས་དང་ཆ་འཕྲིན་ཅན་པུའི་པུའུ་ཀྲང་ཤའོ་ཡ་ཆིང་གིས་ཉིན་ཤས་གོང་སྤྱི་ཁྱབ་ལས་ཁུངས་ཀྱི་གསར་འགོད་པའི་ཆེད་དོན་བཅར་འདྲི་དང་ལེན་གནང་ཡོད།

མིག་སྔར་ཁེ་ལས་འབྲིང་ཆུང་འཕེལ་རྒྱས་ཡོང་རྒྱུར་རྒྱབ་སྐྱོར་བྱེད་པའི་ཐད་བཅའ་ཁྲིམས་དང་ཁྲིམས་སྲོལ་མ་ལག་གཞི་རྩའི་ཆ་ནས་འཐུས་ཚང་དུ་གཏོང་བ་དང་། སྲིད་ཇུས་ཀྱི་འཆར་འགོད་མ་ལག་ཉིན་བཞིན་འཐུས་ཚང་དུ་གཏོང་བ། ཁེ་ལས་འབྲིང་ཆུང་འཕེལ་རྒྱས་གཏོང་བའི་ཁོར་ཡུག་རྒྱུན་ཆད་མེད་པར་ལེགས་སུ་གཏོང་བ་བཅས་བྱེད་བཞིན་ཡོད། ཤའོ་ཡ་ཆིང་གིས། བཟོ་ལས་དང་ཆ་འཕྲིན་ཅན་པུས་སྣེ་ཁྲིད་དེ་ཁེ་ལས་འབྲིང་ཆུང་གི་རྣམ་དབྱེའི་ཚད་གཞིར་སླར་ཡང་བཟོ་བཅོས་རྒྱག་བཞིན་ཡོད། སྲིད་ཇུས་བྱ་ཐབས་བཏོན་པ་དེ་དག་དཔལ་འབྱོར་དུས་བབ་ཀྱི་འགྱུར་ལྡོག་དང་ཁེ་ལས་འབྲིང་ཆུང་དང་ཆེས་ཆུང་གྲས་ཀྱི་འཕེལ་རྒྱས་ལ་འཕྲད་པའི་དངོས་ཡོད་དཀའ་ངལ་གྱི་གནད་དོན་ལ་དམ་པོར་དམིགས་པ་དང་། བཀོལ་སྤྱོད་ཐུབ་པའི་རང་བཞིན་དང་ནུས་ལྡན་རང་བཞིན་ཆེ་བས་ཁྲལ་གྲོན་ཉུང་དུ་གཏོང་བ་དང་། ཡིད་རྟོན་དངུལ་བུན་མང་དུ་གཏོང་བ། ཁེ་ལས་སྐྱེད་སྲིང་བྱེད་པ། ཞབས་ཞུ་ལེགས་སུ་གཏོང་བ་བཅས་ཀྱི་ཐད་གཅིག་སྡུད་ཐོག་མངོན་ཡོད་ཅེས་གསུངས་ཡོད།

ལོ་ལྔ་ཚན་གྱི་འཆར་འགོད་བཅུ་གསུམ་པའི་རིང་རྒྱལ་ཡོངས་སུ་དཔྱ་ཁྲལ་ཉུང་གཏོང་དང་གྲོན་དངུལ་དམའ་རུ་གཏོང་ཚད་སྒོར་དུང་ཕྱུར་ཁྲི་7དང་6000ཙམ་ཟིན་ཡོད། ཤའོ་ཡ་ཆིང་གིས། འདི་ལོའི་ལོ་ཧྲིལ་པོར་དཔྱ་ཁྲལ་ཉུང་གཏོང་དང་གྲོན་དངུལ་དམའ་རུ་གཏོང་གྲངས་སྒོར་དུང་ཕྱུར་7000ལས་བརྒལ་ནས་ཁེ་ལས་འབྲིང་ཆུང་དང་ཆེས་ཆུང་གྲས་ལ་ཕན་པ་ཆེན་པོ་ཐོབ་རྒྱུ་ཡིན་པའི་སྔོན་དཔག་བྱས་ཡོད། མིག་སྔར། ཁེ་ལས་སྟོབས་ཆེན་ཆུང་ངུ་ཞེས་པའི་ཁེ་ལས་4700ལྷག་དང་། ཞིང་ཆེན་རིམ་པའི་ཆེད་ལས་དང་། སྤུས་ལེགས། དམིགས་བསལ། གསར་འཛུགས་བཅས་ཀྱི་ཁེ་ལས་འབྲིང་ཆུང་ཁྲི་4ལྷག་གསོ་སྐྱོང་བྱས་ཟིན་ཡོད། ཤའོ་ཡ་ཆིང་གིས། མིག་སྔར་ཁེ་ལས་འབྲིང་ཆུང་འཕེལ་རྒྱས་ཀྱི་ལོ་ལྔ་ཚན་གྱི་འཆར་འགོད་བཅུ་བཞི་པ་མགྱོགས་མྱུར་བཟོ་བཞིན་ཡོད། ལོ་ལྔ་ཚན་གྱི་འཆར་འགོད་བཅུ་བཞི་པའི་རིང་། ང་ཚོས་སྤུས་ལེགས་ཁེ་ལས་སྐས་རིམ་བཞིན་སྐྱེད་སྲིང་བྱེད་པའི་མ་ལག་མགྱོགས་མྱུར་འཐུས་ཚང་དུ་བཏང་ནས་གསར་གཏོད་རྣམ་པའི་ཁེ་ལས་འབྲིང་ཆུང་ཁྲི་100ཙམ་སྐྱེད་སྲིང་བྱེད་པ་དང་། ཆེད་ལས་དང་། སྤུས་ལེགས། དམིགས་བསལ། གསར་འཛུགས་བཅས་ཀྱི་ཁེ་ལས་འབྲིང་ཆུང་ཁྲི་10དང་ཆེད་ལས་དང་། སྤུས་ལེགས། དམིགས་བསལ། གསར་འཛུགས་བཅས་ཁེ་ལས་སྟོབས་ཆེན་ཆུང་ངུ་ཁྲི་གཅིག་ཙམ་གསོ་སྐྱོང་བྱེད་བཞིན་ཡོད་ཅེས་གསུངས་ཡོད་པ་རེད།

འདི་ལོའི་ཟླ་བདུན་པར། བཟོ་ལས་དང་ཆ་འཕྲིན་ཅན་པུས་ད་དུང་འགྲན་རྩོད་ཀྱི་སྒྲིག་ལམ་དཀྲུག་པ་དང་། འཛད་སྤྱོད་པའི་ཁེ་དབང་ལ་གནོད་འཚེ་བཟོ་བ། གྲངས་གཞིའི་བདེ་འཇགས་ལ་འཇིགས་སྐུལ་བྱེད་པ་སོགས་ཀྱི་ཐད་དོ་ཁུར་བྱས་ཏེ་དུས་ཡུན་ལོ་ཕྱེད་ཀྱི་དྲ་སྦྲེལ་ལས་རིགས་ལ་ཆེད་དོན་བཅོས་སྒྲིག་གི་བྱ་སྤྱོད་སྤེལ་འགོ་ཚུགས་ཡོད། ཤའོ་ཡ་ཆིང་གིས་གསར་འགོད་པར། མིག་སྔར་ཁེ་ལས་ཀྱི་སྒྲིག་སྲོལ་དང་མཐུན་པའི་འདུ་ཤེས་ཡོངས་ཁྱབ་ཐོག་ཟབ་ཏུ་ཕྱིན་པ་དང་། ནང་ཁུལ་གྱི་དོ་དམ་ལམ་ལུགས་རིམ་བཞིན་འཐུས་ཚང་དུ་ཕྱིན་པ། མངོན་གསལ་དོད་པའི་གནད་དོན་ཁག་གཅིག་ཐོག་མའི་ཆ་ནས་ཐག་གཅོད་ཐུབ་པ། དྲ་སྦྲེལ་ཁེ་ལས་གཙོ་གྲས་ཁག་གིས་གང་བྱུང་དུ་ཐོན་ཡོང་བའི་ཆ་འཕྲིན་བཀག་མི་ཐུབ་པའི་གནད་དོན་ཤེས་རྟོགས་ཐུབ་ཚད་69%ནས་གཞི་རྩའི་ཆ་ནས་མེད་པ་བཟོས་པ་དང་། ཆ་འཕྲིན་གང་བྱུང་དུ་ཐོན་ཚད་90%ནས་1%བར་ཆག་པ། འཕྲིན་གཏོང་ཁེ་ལས་ཀྱི་སྒྲིབ་ཡོལ་བྱ་སྤྱོད་ཁག་གཅིག་ཡོ་བསྲང་ཐུབ་ནས་འཛད་སྤྱོད་པའི་ཉམས་ལེན་རིམ་གྱིས་ལེགས་སུ་ཕྱིན་ཡོད་ཅེས་གསུངས་ཡོད་པ་རེད།

གོམ་སྟབས་རྗེས་མར་བཟོ་ལས་དང་ཆ་འཕྲིན་ཅན་པུས་དྲ་སྦྲེལ་ལས་རིགས་ཀྱི་ཆེད་དོན་བཅོས་སྒྲིག་བྱ་སྤྱོད་ལ་མུ་མཐུད་སྐུལ་འདེད་གཏིང་ཟབ་བཏང་ནས་ལས་དོན་སྤེལ་ཤུགས་སྔར་བས་ཆེ་རུ་གཏོང་རྒྱུ་རེད། ཁེ་ལས་ཀྱི་བྱེད་པོའི་འགན་འཁྲི་ནན་དུ་གཏོང་བ་དང་། ལྟ་སྐུལ་ཞིབ་བཤེར་ལ་ཤུགས་སྣོན་རྒྱག་པ། གནད་དོན་གྱི་རྩིས་ཁྲར་གཞིགས་པ། ཁེ་ལས་ཀྱིས་དག་ཐེར་ཏན་ཏིག་བྱ་རྒྱུར་ལྟ་སྐུལ་བཅས་བྱ་རྒྱུ་ཡིན་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཞུ་དག ཟླ་བ་ཚེ་རིང་།
ཡིག་སྒྱུར། མཚམས་གཅོད།

འཛམ་གླིང་སྐར་ཁུངས།

▶རྒྱ་གར་དུ་དྲག་ཆར་གྱིས་མི་138ཙམ་རྐྱེན་ལམ་དུ་ཤོར་འདུག

རྒྱ་གར་ནུབ་རྒྱུད་ཀྱི་མ་ཧ་ལ་ཐུའོ་ཐེ་ལ་མངའ་སྡེའི་སྲིད་གཞུང་གི་དཔོན་རིགས་ཀྱིས་སྤྱི་ཚེས་24ཉིན་བརྗོད་པ་ལྟར་ན། དྲག་ཆར་གྱིས་མངའ་སྡེ་དེར་ཉུང་

中央广播电视总台 央广网 版权所有

༼དབང་གྲགས་བགྲོ་གླེང་༽ཞེས་པའི་ནང་ཤའོ་ཡ་ཆིང་གིས་འགོག་རྐྱེན་སེལ་བ་དང་རོགས་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས་ཁེ་ལས་འབྲིང་ཆུང་བརྟན་ལ་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་རམ་འདེགས་བྱེད་དགོས་ཞེས་གསུངས་པ།

འདི་ལོའི་ཟླ་བདུན་པར། བཟོ་ལས་དང་ཆ་འཕྲིན་ཅན་པུས་ད་དུང་འགྲན་རྩོད་ཀྱི་སྒྲིག་ལམ་དཀྲུག་པ་དང་། འཛད་སྤྱོད་པའི་ཁེ་དབང་ལ་གནོད་འཚེ་བཟོ་བ།