ཆ་འཕྲིན་ཐེར་འདོན། mzjubao@cnr.cn

པར་རིས་མིག་གི་དགའ་སྟོན།

དུས་ཐུང་ལོ་བཅུ་ཕྲག་ནང་ལོ་ངོ་སྟོང་གི་མཆོང་སྐྱོད་བྱུང་བ།

2021-10-12 09:39:00     责编:sangjzm

—— བརྙན་པར་ལས་བོད་ཀྱི་ལོ་ངོ་70ཡི་རིང་གི་འཕོ་འགྱུར་ཆེན་པོ་མངོན་པ།

གོང་གི་པར་ནི་དུས་རབས་20པའི་ལོ་རབས་50པར་ལྷ་ས་སློབ་ཆུང་གི་སློབ་མས་ཕོ་བྲང་པོ་ཏ་ལའི་མདུན་དུ་རི་མོ་འབྲི་བཞིན་པ། འོག་གི་པར་ནི་ནི་2017ལོའི་ཟླ་11ཚེས་10ཉིན་བོད་ཀྱིས་གསོ་སྐྱོང་བྱས་པའི་འབུམ་རམས་ཞིབ་འཇུག་སློབ་མ་ཁག་དང་པོ་སློབ་མཐར་ཕྱིན་པ།

ལོ་ངོ་70ཡི་གོང་དུ་བོད་ཞི་བས་བཅིངས་འགྲོལ་བཏང་ཞིང་། དུས་དེ་ནས་བཟུང་བོད་ཀྱི་མི་དམངས་རྣམས་བཙན་རྒྱལ་རིང་ལུགས་ཀྱི་བཙན་འཛུལ་དང་འཆིང་རྒྱ་ལས་ཐར་ནས་མེས་རྒྱལ་ཁྱིམ་ཚང་ཆེན་པོའི་པང་དུ་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་དང་མཉམ་དུ་མཐུན་སྒྲིལ་དང་། ཡར་ཐོན། འཕེལ་རྒྱས་བཅས་ཀྱི་འོད་སྟོང་འཕྲོ་བའི་ལམ་ཆེན་དུ་བསྐྱོད།

ལོ་ངོ་70ཡི་ལོ་རྒྱུས་ཆུ་རྒྱུན་རིང་མོར་ཀྲུང་གོ་གུང་ཁྲན་ཏང་གིས་བོད་ཀྱི་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་ཀྱིས་འོད་སྟོང་འཕྲོ་བའི་ལོ་རྒྱུས་ཀྱི་བྱས་རྗེས་རླབས་པོ་ཆེ་བཞག་ཡོད། དུས་ཐུང་ལོ་བཅུ་ཕྲག་ནང་ལོ་ངོ་སྟོང་གི་མཆོང་སྐྱོད་བྱུང་ནས་བོད་མུན་ནག་ནས་འོད་ཟེར་དང་། རྗེས་ལུས་ནས་ཡར་ཐོན། དབུལ་ཕོངས་ནས་འབྱོར་ཕྱུག སྲིད་དབང་སྒེར་གཅོད་ནས་དམངས་གཙོ། སྒོ་རྒྱག་ནས་སྒོ་དབྱེ་བཅས་བར་འཕེལ་རྒྱས་ཕྱིན་ནས་བོད་ཀྱི་སྤྱི་ཚོགས་ཀྱི་རྣམ་པ་གསར་རྐྱང་དུ་གྱུར་པ་དང་བོད་ཀྱི་མི་དམངས་ཀྱི་འཚོ་བ་ཉིན་རེ་བཞིན་ལེགས་སུ་ཕྱིན་ཡོད།

ང་ཚོས་བརྙན་པར་ཁག་གཅིག་བསྡུར་ནས་ལོ་ངོ་70ཡི་རིང་བོད་ཀྱིས་བརྒྱུད་མྱོང་བའི་སྤྱིར་བཏང་གཏན་ནས་མིན་པའི་ལམ་བུར་ཕྱིར་ལྟ་དང་ཞི་བས་བཅིངས་འགྲོལ་བཏང་ཚུན་བོད་ཀྱི་བྱ་གཞག་ཁག་ལ་ཐོབ་པའི་ཕྱོགས་ཡོངས་ཀྱི་ཡར་ཐོན་དང་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཉམས་སུ་མྱོང་ཐུབ།

གོང་གི་པར་ནི་དུས་རབས་20པའི་ལོ་རབས་50པར་བོད་ལྗོངས་ལས་གྲྭ་རྩད་ཞིབ་རུ་ཁག་གསོར་འབིགས་རྩད་ཞིབ་ཚོགས་ཆུང་གིས་ལྷ་སའི་ཆུ་ཤུགས་གློག་ཁང་གནས་ཡུལ་དུ་བྱང་ཤར་ཅིས་ཤིས་གཏེར་ལས་ཅུས་འཕྲུལ་ཆས་སྤྱི་ཁྱབ་བཟོ་གྲྭ་ནས་དབོར་བའི་གསོར་འབིགས་རྩད་ཞིབ་འཕྲུལ་ཆས་སྤྱད་དེ་གསོར་འབིགས་རྩད་ཞིབ་བྱེད་བཞིན་པ། འོག་གི་པར་ནི་2018ལོའི་ཟླ་10ཚེས་26ཉིན་པར་བླངས་པའི་བོད་ཀྱི་ཆུ་ཤུགས་གློག་ཁང་ཆེན་པོ་དང་པོ་རྫམ་ཆུ་ཤུགས་གློག་ཁང་ཡིན་པ།

སྔོན་གྱི་པར་ནི་དུས་རབས་20པའི་ལོ་རབས་80པར་བོད་ལྗོངས་སྙན་རོང་རྫོང་གི་འབྲོག་པས་རྐང་འཁོར་སྦྱོང་བཞིན་པ། མཇུག་གི་པར་ནི་2017ལོའི་ཟླ་2ཚེས་23ཉིན་ནག་ཆུ་གྲོང་ཁྱེར་སྙན་རོང་རྫོང་གི་འབྲོག་ཕྲུག་ཅིག་གིས་རང་ཁྱིམ་གྱི་སྒོ་འགྲམ་དུ་སྦག་སྦག་འཇོག་བཞིན་པ།

ཡོང་ཁུངས། མི་དམངས་དྲ་བ།

中央广播电视总台 央广网 版权所有

དུས་ཐུང་ལོ་བཅུ་ཕྲག་ནང་ལོ་ངོ་སྟོང་གི་མཆོང་སྐྱོད་བྱུང་བ།

ལོ་ངོ་70ཡི་ལོ་རྒྱུས་ཆུ་རྒྱུན་རིང་མོར་ཀྲུང་གོ་གུང་ཁྲན་ཏང་གིས་བོད་ཀྱི་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་ཀྱིས་འོད་སྟོང་འཕྲོ་བའི་ལོ་རྒྱུས་ཀྱི་བྱས་རྗེས་རླབས་པོ་ཆེ་བཞག་ཡོད། དུས་ཐུང་ལོ་བཅུ་ཕྲག་ནང་ལོ་ངོ་སྟོང་གི་མཆོང་སྐྱོད་བྱུང་ནས་བོད་མུན་ནག་ནས