▶རྒྱ་གར་དུ་དྲག་ཆར་གྱིས་མི་138ཙམ་རྐྱེན་ལམ་དུ་ཤོར་འདུག
རྒྱ་གར་ནུབ་རྒྱུད་ཀྱི་མ་ཧ་ལ་ཐུའོ་ཐེ་ལ་མངའ་སྡེའི་སྲིད་གཞུང་གི་དཔོན་རིགས་ཀྱིས་སྤྱི་ཚེས་24ཉིན་བརྗོད་པ་ལྟར་ན། དྲག་ཆར་གྱིས་མངའ་སྡེ་དེར་ཉུང་མཐར་ཡང་མི་138རྐྱེན་ལམ་དུ་ཤོར་བ་དང་། མི་མང་པོ་ཞིག་གར་སོང་ཆ་མེད་དུ་གྱུར་ཡོད་པ་རེད། ཤེས་རྟོགས་བྱུང་བར་གཞིགས་ན།ཉིན་ཤས་བསྟུད་མར་དྲག་ཆར་བབས་པས་མ་ཧ་ལ་ཐུའོ་ཐེ་ལ་མངའ་སྡེར་རི་ཉིལ་དང་འདམ་རྡོའི་ཆུ་རུད། ཆུ་ལོག་བཅས་ཀྱི་གནོད་འཚེ་ཐོན་ཡོད།
ས་གནས་སྲིད་གཞུང་གིས་ཆུ་མཛོད་མང་པོ་ནས་ཆུ་ལོག་ཕྱིར་འབུད་པའི་བཀའ་ཕབ་ཡོད་ཅིང་། ཆུ་བོ་ཁ་ཤས་ཀྱི་ཆུ་རགས་ཞིག་ཟིན་པའམ་ཡང་ན་མྱུར་དུ་ཞིག་ལ་ཉེ་བ་དང་། མངའ་སྡེའི་སྲིད་གཞུང་གིས་གེགས་ཁུལ་གྱི་མི་ཁྲི་9ཙམ་གནས་སྤོ་བྱས་ཡོད་པའི་སྐོར་བརྗོད་འདུག
ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཞུ་དག བསྟན་འཛིན།
ཡིག་སྒྱུར། རིག་འཛིན་སྐྱིད།