ཆ་འཕྲིན་ཐེར་འདོན། mzjubao@cnr.cn

པར་རིས་མིག་གི་དགའ་སྟོན།

མཛེས་སྡུག་ལྡན་པའི་ཕ་ཡུལ།

2021-07-08 09:03:00     责编:娜科

 

    ལྷོ་ཁ་ནི་གཉན་ཆེན་ཐང་ལྷའི་ལྷོ་ཕྱོགས་དང་ཡར་ཀླུང་གཙང་པོའི་དབུས་སྨད་ཁུལ་དུ་གནས་པ། བྱང་དུ་བོད་ཀྱི་ལྟེ་བའི་གྲོང་ཁྱེར་ལྷ་ས་དང་འབྲེལ་བ། ནུབ་ཏུ་གཞིས་རྩེ་དང་མུ་འབྲེལ་ཡིན་པ། ཤར་དུ་ཉིང་ཁྲི་དང་འབྲེལ་བ། ལྷོ་ངོས་རྒྱ་གར་དང་འབྲུག་ཡུལ་རྒྱལ་ཁབ་གཉིས་དང་འབྲེལ་བ། འདི་ནི་བོད་ཀྱི་རིག་གནས་ཀྱི་འབྱུང་ཁུངས་དང་བོད་ཀྱི་བླ་སྲོག་གནས་ཡུལ་རེད། ལྷོ་ཁར་བརྗིད་ཆགས་ཤིང་ཡིད་དབང་འཕྲོག་པའི་རི་ཀླུང་ཡོད་ལ་ངོ་མཚར་ཆེ་བའི་གནས་རི་དང་གནས་མཚོ་ཡང་ཡོད་ཅིང་། ཡུལ་ལྗོངས་རི་མོ་ལྟར་མཛེས་པའི་གདོད་མའི་ནགས་ཚལ་ཡོད་ལ་མི་སེམས་འགུལ་བའི་ཡངས་ཤིང་རྒྱ་ཆེ་བའི་རྩྭ་ཐང་ཡང་ཡོད།  

   གཤམ་ལ་ཚེ་རིང་ནོར་བུས་པར་ལེན་བྱས་པའི་མཛེས་པའི་ལྷོ་ཁར་གཟིགས་དང་།  

     ཚེ་རིང་ནོར་བུ་ནི་ཀྲུང་གོའི་པར་རྩོམ་བདག་དབང་མཐུན་ཚོགས་བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་གྱི་དབུ་བཞུགས་འཐུས་མི་གཞོན་པ་དང་བོད་ཀྱི་པར་རྒྱག་མཁས་ཅན་མཐུན་ཚོགས་ཀྱི་ལས་འཛིན་པ་རེད། རྒྱལ་ཡོངས་ཀྱི་གནམ་གཤིས་ཞབས་ཞུའི་ལེགས་སྐྱེས་འབུལ་མཁན་བྱ་དགའ་དང་། ལྗོངས་ཡོངས་ཀྱི་གནམ་གཤིས་ཞབས་ཞུའི་ལེགས་སྐྱེས་འབུལ་མཁན་བྱ་དགའ་རག་མྱོང་ཡོད། ཁོང་གི་བརྩམས་ཆོས་༼སླར་གསོ་བྱུང་བའི་ས་གཞི།༽ཞེས་པ་དང་།༼སྣོད་བཅུད་ཁོར་ཡུག་ལེགས་སུ་གཏོང་། མཛེས་སྡུག་ལྡན་པའི་རི་ཀླུང་སྐྲུན།༽ཞེས་པ། ༼དཔྱིད་ཀྱི་ཉམས་འགྱུར།༽ ༼གྲོང་ཚོ་གསར་པ།༽༼ཐག་རིང་གི་སྐུ་མགྲོན་བསུ་བ།༽སོགས་ལ་རྒྱལ་ཡོངས་དང་རང་སྐྱོང་ལྗོངས་རིམ་པའི་བྱ་དགའ་ཐོབ་པ་དང་རྒྱལ་ཡོངས་ཀྱི་པར་རིས་འགྲེམ་སྟོན་མང་པོའི་ནང་ཚུད་མྱོང་ཡོད།

 

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

ཞུ་དག ལྷག་པ།

གསར་འགོད་པ། བཀྲ་ཤིས་བཟང་པོ།  

པར་བ། ཚེ་རིང་ནོར་བུ།   

中央广播电视总台 央广网 版权所有

མཛེས་སྡུག་ལྡན་པའི་ཕ་ཡུལ།

ཚེ་རིང་ནོར་བུ་ནི་ཀྲུང་གོའི་པར་རྩོམ་བདག་དབང་མཐུན་ཚོགས་བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་གྱི་དབུ་བཞུགས་འཐུས་མི་གཞོན་པ་དང་བོད་ཀྱི་པར་རྒྱག་མཁས་ཅན་མཐུན་ཚོགས་ཀྱི་ལས་འཛིན་པ་རེད། རྒྱལ་ཡོང