ཆ་འཕྲིན་ཐེར་འདོན། mzjubao@cnr.cn

འཚོ་བའི་རྒྱུན་ཤེས།

བྱིས་པའི་ཁྱིམ་ཆས་ལས་བཅུ་ཆ་གསུམ་ཙམ་ཚད་གཞི་མ་ལོན་པས་ཁྱིམ་བདག་གིས་གཟབ་རོགས།

2021-08-12 14:36:00     责编:nake


ཕ་མ་མང་པོ་ཞིག་གིས་བྱིས་པར་ཁྱིམ་ཆས་འདེམས་སྐབས་ཚང་མས་བྱིས་པའི་ཁྱིམ་ཆས་འདེམ་བཞིན་ཡོད་པ་དང་། བྱིས་པའི་ཁྱིམ་ཆས་ནི་བྱིས་པ་ཚོར་ཆེད་དུ་བཟོས་པ་ཡིན་ཞིང་། དར་མ་ཚོས་བཀོལ་བའི་ཁྱིམ་ཆས་ལས་བདེ་འཇགས་ཡིན་པར་འདོད་ཡོད།འོན་ཀྱང་དོན་ངོ་མར་དེ་འདྲ་ཡིན་ནམ།

ཁྱིམ་བདག་ཚོས་ཕྱི་ངོས་ཙམ་ལས་བྱིས་པའི་ཁྱིམ་ཆས་ལ་དམིགས་བསལ་གྱི་བདེ་འཇགས་བླང་བྱ་ཡོད་པ་ཤེས་མེད། བླང་བྱ་དེ་ནི་“ཞིབ་ཆ་”རེད།

འབྲེལ་ཡོད་བྱིས་པའི་བདེ་འཇགས་ལས་ཁུངས་ཀྱིས་གྲངས་གཞི་ཁྱབ་བསྒྲགས་བྱས་ནས་བྱིས་པར་ཕོག་པའི་གནོད་འཚེ་ལས་ 60% ཙམ་ནི་ཁྱིམ་དུ་བྱུང་བ་ཡིན་པ་བསྟན་ཡོད།

དེ་ལས་ཁྱིམ་དུ་བྱུང་བའི་བྱིས་པའི་གནོད་འཚེ་ལས་མང་ཆེ་བ་ནི་ཁྱིམ་ཆས་དང་འབྲེལ་བ་ཡོད། ཡིན་ན་ཡང་རྒྱལ་ཁབ་ཁྲོམ་རའི་ལྟ་སྐུལ་དོ་དམ་ཅུས་ཀྱིས་གསར་དུ་ཁྱབ་བསྒྲགས་བྱས་པའི་བྱིས་པའི་ཐོན་རྫས་ཀྱི་འཐེན་བཤེར་ལས་ཤེས་རྟོགས་བྱུང་བར། བྱིས་པའི་ཁྱིམ་ཆས་ལས་བཅུ་ཆ་གསུམ་ཙམ་ཚད་གཞི་ལོན་གྱི་མེད་པ་རེད།

ཐེངས་འདིར་འཐེན་བཤེར་བྱས་པའི་བྱིས་པའི་ཁྱིམ་ཆས་ཀྱི་ནང་རྐུབ་བཀྱག་ཀྱི་རིགས་དང་སྒྲོག་ཙེའི་རིགས། སྒམ་སྟེགས་ཀྱི་རིགས། ཉལ་ཁྲི་རིམ་པ་རྐྱང་པ་ཅན། འབོལ་ཁྲིའི་རིགས། ལྡེམ་ཁྲིའི་རིགས་སོགས་རིགས་ཆེན་པོ་6ཡོད།

ཐེངས་འདིའི་འཐེན་བཤེར་བྱས་པ་དེ་མིག་སྔར་ཁྲོམ་རའི་ཐོག་ཕྱིར་འཚོང་བྱེད་བཞིན་པའི་ལོ་3ནས་14བར་གྱི་བྱིས་པའི་ཁྱིམ་ཆས་རིགས་ཡོངས་ལ་ཁྱབ་ཡོད།

དེའི་ནང་ཚད་གཞི་མ་ལོན་པ་མང་ཤོས་ནི་རྐུབ་བཀྱག་གི་རིགས་ཡིན་ལ། ཚད་གཞི་མ་ལོན་པས་ 33. 3% ཟིན་ཡོད།

བྱིས་པའི་ཁྱིམ་ཆས་ཉོ་སྐབས་མཐའ་སྣེ་དང་རྩེ་མོ་རྣོན་པོ་ཡིན་མིན་ལ་དོ་སྣང་བྱེད་དགོས།

གོང་གི་ངོ་སྤྲོད་ལས་གསལ་པོར་མཐོང་ཐུབ་པ་ནི། བྱིས་པའི་ཁྱིམ་ཆས་ཀྱི་མཐའ་སྣེ་དང་རྩེ་མོ་རྣོན་པོ་ཡོད་མི་ཆག་པ་དང་། གལ་ཏེ་ཁྱིམ་བདག་གིས་བྱིས་པའི་ཁྱིམ་ཆས་ཉོ་སྐབས་རྣོན་པོ་ཡོད་པ་མཐོང་ན།བྱིས་པའི་ཁྱིམ་ཆས་དེ་ཚད་གཞི་མ་ལོན་པ་ཞིག་པ་ཐག་གཅོད་ཐུབ།

ཁུང་བུའི་བར་མཚམས་ཚད་ལྡན་ཡིན་མིན་ལ་བལྟ་དགོས།

ཁུང་བུའི་བར་མཚམས་ནི་ཁྱིམ་བདག་མང་པོས་སྣང་མེད་དུ་འཇོག་ས་ཞིག་ཡིན། ཡིན་ན་ཡང་དེས་བྱིས་པར་གནོད་འཚེ་བཟོ་སླ་པོ་ཡོད།

ཁྱིམ་བདག་གིས་ཁྱིམ་ཆས་ཉོ་བའི་སྐབས་སུ་གཙོ་བོ་ཁུང་བུ་དང་ཁུང་བུའི་བར་མཚམས་སུ་རང་གི་མཛུབ་མོ་ཚུར་བསྲིངས་ཐུབ་མིན་ལ་ལྟ་དགོས།གལ་ཏེ་ཚད་གཞི་དང་མི་མཐུན་ན་གཏན་ནས་ཉོ་མི་རུང་ཞིང་། བྱིས་པའི་ལག་པ་བཙིར་བའི་ཉེན་ཁ་ཡོད།
དྲི་ངན་ཡོད་མེད་ལ་བལྟ་དགོས།

བྱིས་པའི་ཁྱིམ་ཆས་དང་དར་མའི་ཁྱིམ་ཆས་མི་འདྲ་ཞིང་།བྱིས་པའི་ཁྱིམ་ཆས་ལ་སྣ་ལ་གཟན་པའི་དྲི་ངན་ཡོད་མི་རུང་།སྣ་ལ་གཟན་པའི་དྲི་ངན་ཡོད་ཚེ་དེའི་རྫས་འགྱུར་གྱི་གྲུབ་ཆ་ཚད་ལས་བརྒལ་ཡོད་པ་ཡིན་པས། བྱིས་པའི་ལུས་པོ་དང་ཁྲག་རྩར་གནོད་འཚེ་ཕོག་སྲིད།

ཚད་མཐུན་དཔང་ཡིག་ཡོད་མེད་ལ་བལྟ་དགོས།

འདིར་ཁྱིམ་བདག་མང་པོས་བྱིས་པའི་ཁྱིམ་ཆས་ཉོ་བའི་སྐབས་སུ་དོ་སྣང་བྱེད་སྲིད། ཚད་མཐུན་དཔང་ཡིག་ནི་བྱིས་པའི་ཁྱིམ་ཆས་ཤིག་གི་རྩ་བ་ཡིན། གལ་ཏེ་ཚད་མཐུན་གྱི་དཔང་རྟགས་མེད་ན། ཅི་འདྲའི་ལྟ་ན་སྡུག་ཅིང་ཅི་འདྲའི་རིན་གོང་དམའ་ཡང་ཁྱིམ་བདག་ཚོས་ཉོ་མི་རུང་བ་ཡིན།

ཡིག་སྒྱུར། ཀླུ་འབུམ།

中央广播电视总台 央广网 版权所有

བྱིས་པའི་ཁྱིམ་ཆས་ལས་བཅུ་ཆ་གསུམ་ཙམ་ཚད་གཞི་མ་ལོན་པས་ཁྱིམ་བདག་གིས་གཟབ་རོགས།