ཆ་འཕྲིན་ཐེར་འདོན། mzjubao@cnr.cn

པར་རིས་མིག་གི་དགའ་སྟོན།

མཚོ་བྱང་གི་སྐྱེ་ཁམས་ཁོར་ཡུག་རྒྱུན་མཐུད་ངང་ཇེ་ལེགས་སུ་ཕྱིན་པ་རེད།

2021-10-14 08:27:00     责编:sangjzm

ད་ལོའི་དབྱར་དུས་སུ་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་ཆུ་ལེན་རྫོང་གཡང་ལུང་ཤང་དུ་ལྷ་བྱ་སྟེ་ཁྲུང་ཁྲུང་སྐེ་ནག་འགའ་འཕུར་ཡོང་བ་དང་། འདབ་ཆགས་དེ་དག་གིས་ཐོ་ལུ་གྲོང་ཚོ་དང་ཆུ་ཁོལ་གྲོང་ཚོའི་བརླན་སའི་གཏིང་ཟབ་སར་ཚང་བཅོས་ནས་དབྱར་ཟླ6པའི་ཟླ་མཇུག་ཏུ་བདེ་ལེགས་ངང་བྱ་ཕྲུག་སྐྱེས་པ་རེད།

ཉེ་བའི་ལོ་ཤས་རིང་། གཡང་ལུང་ཤང་གིས་མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་ལ་བརྟེན་ནས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལེགས་པོར་སྐྱོང་སྟེ། ཁོར་ཡུག་གི་གཙང་སྦྲ་བཅོས་སྐྱོང་དང་བརླན་སའི་སྐྱེ་ཁམས་སླར་གསོ་བཅས་ཀྱི་བྱེད་ཐབས་རབ་དང་རིམ་པ་སྤེལ་བ་བརྒྱུད། གཡང་ལུང་ཤང་ཡོངས་སུ་ས་ཞིང་བྱེ་འགྱུར་དང་ས་ཆུ་ཤོར་བ་སོགས་ཀྱི་གནད་དོན་ལ་ནུས་ལྡན་གྱི་བཅོས་སྐྱོང་ཐེབས་པས། སྔོ་ཁེབས་ཁྱབ་ཚད་མངོན་གསལ་གྱིས་ཇེ་མཐོར་སོང་བ་མ་ཟད། བརླན་སའི་སྐྱེ་ཁམས་ཁོར་ཡུག་རྒྱུན་མཐུད་ངང་ལེགས་སུ་ཕྱིན་པས་གནས་དེ་ནི་ཁྲུང་ཁྲུང་སྐེ་ནག་སོགས་ཀྱི་རྩ་ཆའི་དུས་བྱ་རིགས་ཀྱིས་རིགས་རྒྱུད་སྤེལ་སར་གྱུར་ཡོད།

ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།

འཛམ་གླིང་སྐར་ཁུངས།

▶རྒྱ་གར་དུ་དྲག་ཆར་གྱིས་མི་138ཙམ་རྐྱེན་ལམ་དུ་ཤོར་འདུག

རྒྱ་གར་ནུབ་རྒྱུད་ཀྱི་མ་ཧ་ལ་ཐུའོ་ཐེ་ལ་མངའ་སྡེའི་སྲིད་གཞུང་གི་དཔོན་རིགས་ཀྱིས་སྤྱི་ཚེས་24ཉིན་བརྗོད་པ་ལྟར་ན། དྲག་ཆར་གྱིས་མངའ་སྡེ་དེར་ཉུང་

中央广播电视总台 央广网 版权所有

མཚོ་བྱང་གི་སྐྱེ་ཁམས་ཁོར་ཡུག་རྒྱུན་མཐུད་ངང་ཇེ་ལེགས་སུ་ཕྱིན་པ་རེད།

ད་ལོའི་དབྱར་དུས་སུ་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་ཆུ་ལེན་རྫོང་གཡང་ལུང་ཤང་དུ་ལྷ་བྱ་སྟེ་ཁྲུང་ཁྲུང་སྐེ་ནག་འགའ་འཕུར་ཡོང་བ་དང་། འདབ་ཆགས་དེ་དག་གིས་ཐོ་ལུ་གྲོང་ཚོ་དང་ཆུ་ཁོལ་གྲོང་ཚོའི་བརླན་སའི་གཏིང་ཟབ་སར་ཚང་བཅོས་ནས་དབྱར་ཟླ6པའི་ཟླ་མཇུག་ཏུ་བདེ་ལེགས་ངང་བྱ་ཕ