ཆ་འཕྲིན་ཐེར་འདོན། mzjubao@cnr.cn

གསར་འགྱུར་གསར་ཤོས།

རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཞི་པ་གྲོལ་བ།

2023-11-03 18:30:00     责编:娜科

  འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། སྲིད་གྲོས་སྐབས་བཅུ་བཞི་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཞི་པ་ཚེས་2ཉིན་གྱི་སྔ་དྲོ་པེ་ཅིང་དུ་གྲོལ་བ་དང་། ཚོགས་འདུའི་ཐོག“འབྱུང་ཁམས་ཁོར་ཡུག་སྲུང་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་དགོས”ཞེས་པ་གྲོས་གཞིར་བྱས་ནས་སྲིད་གླེང་བྱས་པ་རེད། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཧུའུ་ཉིང་གིས་མཇུག་འགྲིལ་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད། ཁོང་གིས། ཀྲུང་གུང་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། རང་རྒྱལ་གྱི་འབྱུང་ཁམས་ཤེས་དཔལ་འཛུགས་སྐྱོང་ཐད་ལོ་རྒྱུས་རང་བཞིན་དང་། ཁ་ཕྱོགས་བསྒྱུར་བའི་རང་བཞིན། གནས་བབ་ཧྲིལ་པའི་རང་བཞིན་བཅས་ཀྱི་འགྱུར་ལྡོག་བྱུང་ནས་མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་ཐད་གོམ་སྟབས་གལ་ཆེན་སྤོས་ཡོད། ཞི་ཅིན་ཕིང་གི་འབྱུང་ཁམས་ཤེས་དཔལ་གྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་ཀྱི་འབྱུང་ཁམས་ཁོར་ཡུག་སྲུང་སྐྱོང་ཚོགས་ཆེན་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་ཐོག འབྱུང་ཁམས་ཤེས་དཔལ་འཛུགས་སྐྱོང་གི་ཆེད་དོན་གྲོས་མོལ་དང་དམངས་གཙོའི་ལྟ་སྐུལ་བྱེད་ཤུགས་ཆེ་རུ་བཏང་ནས། མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་བྱེད་མགྱོགས་སུ་གཏོང་བ་དང་མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་ཆེད་ཐབས་དང་ནུས་ཤུགས་འདོན་དགོས་ཞེས་གསུངས་ཡོད།

  ཝང་ཧུའུ་ཉིང་གིས། སླད་ཕྱིན་གྱི་ལོ་5ནི་མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་བྱེད་པའི་གལ་ཆེའི་དུས་སྐབས་ཤིག་ཡིན་པས། མི་དམངས་སྲིད་གྲོས་ཀྱིས་མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་ཁྲོད་ཀྱི་འགན་འཁྲི་སྒྲུབ་ཕྱོགས་དང་ཤུགས་རྒྱག་སའི་གཙོ་གནད་འཚོལ་ཐུབ་པ་བྱས་ཏེ། བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་དང་གྲོས་མོལ་གྲོས་བསྡུར་གང་ལེགས་བྱས་ནས། སྲིད་གླེང་ཇུས་འདོན་གྱི་དམིགས་སའི་རང་བཞིན་དང་དངོས་ཕན་རང་བཞིན་ཆེ་རུ་གཏོང་དགོས། འབྱུང་ཁམས་ཤེས་དཔལ་འཛུགས་སྐྱོང་ཁྲོད་ཀྱི་རིགས་པའི་གཞུང་ལུགས་དང་ལག་ལེན་གྱི་གནད་དོན་གལ་ཆེན་ལ་དམིགས་ནས། ཞིབ་འཇུག་དབྱེ་ཞིབ་ཀྱི་མཐིལ་རྟོལ་ནུས་པ་ཆེ་རུ་གཏོང་བ་དང་། གྲོས་མོལ་སྲིད་གླེང་གི་གཏིང་ཟབ་ཚད་ཆེ་རུ་བཏང་སྟེ། སྔར་ལས་གནད་ལ་འཁེལ་བའི་བསམ་འཆར་དང་གྲོས་འགོ་འདོན་དགོས། ཀྲུང་གུང་ཀྲུང་དབྱང་གི་ཐབས་ཇུས་དང་བཀོད་སྒྲིག་གལ་ཆེན་ལག་བསྟར་དོན་འཁྱོལ་བྱེད་པར་རྩེ་གཅིག་ཏུ་དམིགས་ཏེ་དམངས་གཙོའི་ལྟ་སྐུལ་སྤེལ་བ་དང་། གྲོས་མོལ་རྣམ་པའི་ལྟ་སྐུལ་གནས་ཐིག་གཏན་ཁེལ་བྱ་རྒྱུ་མཐའ་འཁྱོངས་བྱེད་པ། དམངས་གཙོའི་ལྟ་སྐུལ་བྱེད་ནུས་ཆེ་རུ་གཏོང་བ་བཅས་བྱ་དགོས། རིགས་ཁོངས་མི་འདྲ་བའི་མང་ཚོགས་དང་སྤྱི་ཚོགས་ཀྱི་མང་ཚོགས་ལ་ཕྱོགས་ནས་ཞི་ཅིན་ཕིང་གི་འབྱུང་ཁམས་ཤེས་དཔལ་གྱི་དགོངས་པ་དྲིལ་བསྒྲགས་ཧུར་ཐག་བྱེད་པ་དང་། ས་ཁུལ་ཁག་དང་འབྲེལ་ཡོད་སྡེ་ཚན་གྱིས་སྔོ་ལྗང་རི་ཆུ་ནི་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་འཛུགས་པ་དང་ལག་ལེན་བསྟར་བའི་གསོན་ཉམས་དོད་པའི་གཏམ་རྒྱུད་ཡག་པོ་བརྗོད་ནས། མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་བྱེད་པའི་ཐུན་མོང་གི་ངོས་འཛིན་རྒྱ་ཁྱབ་ངང་གཅིག་ཏུ་འགྲིལ་དགོས་ཞེས་གསུངས་ཡོད།

  ཝང་ཧུའུ་ཉིང་གིས། ལས་འགན་ཁག་ཐོག་མཐའ་བར་གསུམ་དུ་ལེགས་སྒྲུབ་བྱ་རྒྱུར་གཟབ་ནན་བྱེད་པ་དང་། ལས་ཀའི་བརྒྱུད་རིམ་རང་བཞིན་དང་། སྔོན་མཐོང་རང་བཞིན། དམིགས་སའི་རང་བཞིན། དངོས་ཕན་རང་བཞིན་བཅས་ཆེ་རུ་གཏོང་དགོས། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གཉིས་པའི་གྲ་སྒྲིག་ལས་དོན་རྣམས་སྤུས་ཚད་མཐོ་བའི་སྒོ་ནས་ལེགས་པོ་བསྒྲུབ་དགོས་ཞེས་གསུངས་ཡོད།

  མཇུག་འགྲིལ་ཚོགས་འདུའི་ཐོག་བཟོ་བཅོས་བརྒྱབ་རྗེས་ཀྱི《ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་གྲོས་ཚོགས་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་གྲོས་གཞིའི་ལས་དོན་སྲོལ་ཡིག》ལ་གྲོས་འཆམ་བྱུང་བ་རེད།

  མཇུག་འགྲིལ་ཚོགས་འདུ་མཇུག་འགྲིལ་རྗེས། རྒྱལ་ཡོངས་སྲིད་གྲོས་ཀྱི་རྒྱུན་ལས་ཨུ་ཡོན། ཧྲན་ཏུང་སློབ་ཆེན་རུའུ་ལུགས་མཐོ་རིམ་ཞིབ་འཇུག་ཁང་གི་ལག་བསྟར་འགོ་འཛིན་ཝང་ཞུའེ་ཏན་གྱིས་གདན་ཞུས་ལྟར་འགོ་བརྗོད་དུ“ཀྲུང་ཧྭ་མི་རིགས་ཀྱི‘རྩ་བ’དང‘བླ་སྲོག’བསྲུངས་ནས་ཀྲུང་ཧྭ་མི་རིགས་ཀྱི་དེང་རབས་ཤེས་དཔལ་གཏོད་དགོས”ཞེས་པའི་སློབ་སྦྱོང་འཆད་ཁྲིད་གནང་བ་རེད།

འཛམ་གླིང་སྐར་ཁུངས།

​▶ཨུ་རུ་སུས་གཞི་ཁྱོན་ཆེ་བའི་ཉིང་རྡུལ་ཕར་རྒོལ་ནང་སྦྱོང་བྱས་འདུག

ཁེ་ལི་མུའུ་ལིན་ཕོ་བྲང་ཕྱོགས་ཀྱིས། ད་ཐེངས་ཀྱི་ནང་སྦྱོང་ནང་ཨུ་རུ་སུའི་དམག་དོན་བཀོད་འདོམས་སྒྲིག་གཞིའི་དམག་གྲབས་ཆུ་ཚད་དང་འབྲེལ་ཡོད་དཔུང་སྡེའི་དམག་འཐབ་མི་སྣའི་རྩལ་ནུས་ལ་ཞིབ་དཔྱད་བྱས་ཡོད་པ་དང་། འཐབ་ཇུས་ཀྱི་ཟིལ་ཤུགས་ནང་སྦྱོང་ཁྲོད་འཆར་གཞིའི་ལས་འགན་ཡོངས་སུ་གྲུབ་ཡོད་ཅེས་བསྟན་འདུག

中央广播电视总台 央广网 版权所有

རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཞི་པ་གྲོལ་བ།

 མཇུག་འགྲིལ་ཚོགས་འདུའི་ཐོག་བཟོ་བཅོས་བརྒྱབ་རྗེས་ཀྱི《ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་གྲོས་ཚོགས་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་གྲོས་གཞིའི་ལས་དོན་སྲོལ་ཡིག》ལ་གྲོས་འཆམ་བྱུང་བ་རེད།