ཚ་ཁུལ་རླུང་འཁོར་ཧྥོ་ལེ་ཏེས་མ་ལ་ཝེར་བཟོས་པའི་གནོད་འཚེས་མི་༥༠༧རྐྱེན་ལམ་དུ་བཏང་བ།
འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ཚ་ཁུལ་རླུང་འཁོར་ཧྥོ་ལེ་ཏེས་མ་ལ་ཝེ་དང་།མོ་ཙམ་པི་ཁེར་མི་སྣ་ཤི་རྨས་དང་རྒྱུ་ནོར་གྱོང་གུན་ཚབས་ཆེན་བཟོས་ཡོད།མ་ལ་ཝེ་གཞུང་ཕྱོགས་ནས་སྤྱི་ཚེས་༢༢ཉིན་ཡོངས་བསྒྲགས་བྱས་པའི་གྲངས་གཞི་གསར་ཤོས་ལ་གཞིགས་ན།ཚ་ཁུལ་རླུང་འཁོར་ཧྥོ་ལེ་ཏེས་མ་ལ་ཝེར་བཟོས་པའི་གནོད་འཚེས་མི་༥༠༧རྐྱེན་ལམ་དུ་བཏང་ཡོད་པ་དང་།གཞན་ད་དུང་མི་༡༣༣༢ལ་རྨས་སྐྱོན་བཟོས་ཡོད་པ་རེད།རྒྱལ་ཁབ་དེས་སྙན་ཞུ་བྱས་པའི་གར་སོང་ཆ་མེད་དུ་གྱུར་བའི་མི་གྲངས་༤༢༧ནས་༥༣༧བར་མང་དུ་ཕྱིན་ཡོད་པ་རེད།