ཆ་འཕྲིན་ཐེར་འདོན། mzjubao@cnr.cn

གསར་འགྱུར་གསར་ཤོས།

ལི་ཆང་གིས་ཧུའུ་ནན་དུ་རྟོག་ཞིབ་གནང་བ།

2023-03-23 09:19:00     责编:娜科

འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། སྤྱི་ཚེས་21ཉིན་ནས་22ཉིན་བར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གིས་ཧུའུ་ནན་དུ་རྟོག་ཞིབ་གནང་བ་མ་ཟད་སྔོན་ཐོན་བཟོ་སྐྲུན་ལས་རིགས་འཕེལ་རྒྱས་གཏོང་བའི་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་བ་རེད། ཁོང་གིས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་རིང་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་ལེན་གཏིང་ཟབ་བསྟར་རྒྱུ་དང་། ཏང་གི་ཚོགས་ཆེན་ཉི་ཤུ་པའི་འཐབ་ཇུས་བཀོད་སྒྲིག་ཁྱོན་ཡོངས་ནས་དོན་འཁྱོལ་བྱེད་པ། སྤུས་མཐོའི་འཕེལ་རྒྱས་ཞེས་པའི་ལས་འགན་ཨང་དང་པོ་འདི་ཁོང་དུ་གང་ལེགས་ཆུད་པ་བྱེད་པ། དཔལ་འབྱོར་འཕེལ་རྒྱས་གཏོང་བའི་གཙོ་གནད་དེ་དངོས་གཟུགས་དཔལ་འབྱོར་གྱི་ཐོག་ཏུ་འཇོག་རྒྱུ་རྒྱུན་འཁྱོངས་བྱེད་པ། སྔོན་ཐོན་བཟོ་སྐྲུན་ལས་རིགས་འཕེལ་རྒྱས་ཤུགས་ཆེར་གཏོང་བ། རྩེར་སོན་བཟོ་སྐྲུན་ལ་སྐུལ་འདེད་གཏོང་བ་བཅས་ཀྱིས་དེང་རབས་ཅན་གྱི་ཐོན་ལས་མ་ལག་འཛུགས་སྐྲུན་བྱེད་མགྱོགས་སུ་གཏོང་དགོས་ཞེས་ནན་སྟོན་གནང་འདུག

ཀྲུའུ་ཀྲོའུ་རུ། ལི་ཆང་གིས་ཀྲུང་ཁྲ་ཀྲུའུ་ཀྲོའུ་གློག་ཤུགས་མེ་འཁོར་ཨ་མ་དང་། ཀྲུའུ་ཀྲོའུ་བསྲེས་ལྕགས་མཁྲེགས་པོ། ཧུའུ་ནན་ཧྲན་ཧོ་ཚན་རྩལ་སོགས་ཁེ་ལས་སུ་རྟོག་ཞིབ་གནང་རིང་། ཁེ་ལས་ཀྱི་འཁོར་ཁང་དང་ཚོད་ལྟ་ཁང་དུ་ཟབ་ཞུགས་གནང་བ་དང་ཁེ་ལས་ཀྱི་གནས་ཚུལ་ཞིབ་ཕྲའི་ཐད་བཀའ་འདྲི་གནང་བ་རེད། ཁེ་ལས་འགའ་ཤས་ཀྱི་ཐོན་རྫས་ལག་རྩལ་རྒྱལ་སྤྱིའི་སྔོན་ཐོན་ཆུ་ཚད་དུ་སླེབས་པ་མཁྱེན་དུས་ལི་ཆང་ཐུགས་དགྱེས་ཚོར་ཆེན་པོ་བྱུང་ཡོད། ཁོང་གིས། སྔོན་ཐོན་བཟོ་སྐྲུན་ལས་རིགས་འཕེལ་རྒྱས་གཏོང་བའི་རྩ་བ་དེ་གསར་གཏོད་ལ་ཐུགས་ཡོད། ཁེ་ལས་ཀྱིས་ཕུལ་བྱུང་ཚན་རྩལ་མི་སྣ་གསོ་སྐྱོང་ཡག་པོ་དང་། ཡིད་འགུག བེད་སྤྱོད་ཡག་པོ་བྱེད་པ་བཅས་ཀྱིས་ལྟེ་བའི་འགག་རྩའི་ལག་རྩལ་དང་ལག་རྩལ་དང་སྒྲིག་ཆས་གལ་ཆེ་རིགས་ཀྱི་འགག་སྒྲོལ་བྱེད་མགྱོགས་སུ་བཏང་སྟེ། སྐད་ཆ་བཤོད་དབང་ཡོད་པའི་ཐོན་རྫས་དང་ལག་རྩལ་དེ་བས་མང་བ་གཏོད་དགོས། ཚན་རྩལ་གསར་གཏོད་ཀྱི་རིན་ཐང་དང་ཚེ་སྲོག་གི་ནུས་པ་དེ་བཀོལ་སྤྱོད་ལ་རག་ལུས་ཡོད་པས། ཐོན་སྐྱེད་དང་། སློབ་སྦྱོང་། ཞིབ་འཇུག བཀོལ་སྤྱོད་བཅས་མཉམ་འདྲེས་གཏིང་ཟབ་ཐུབ་རྒྱུར་སྐུལ་འདེད་གཏོང་བ་དང་ཐོན་རྫས་ཀྱི་ཚད་གཞི་དང་སྤུས་ཚད་མཐོ་རུ་འགྲོ་རྒྱུར་སྐུལ་འདེད་བཏང་ཐོག ཐོན་རྫས་ཀྱི་ཕྱིའི་རྣམ་པ་ཇུས་འགོད་བྱེད་པར་ཤུགས་སྣོན་རྒྱག་པ་དང་ཐོན་རྫས་གསར་གཏོད་ལ་བརྟེན་ནས་ཁྲོམ་རའི་དགོས་མཁོར་སྣེ་ཁྲིད་དང་རྒྱ་སྐྱེད་དུ་གཏོང་དགོས་ཞེས་བསྟན་འདུག

ཁྲང་ཧྲ་རུ། ལི་ཆང་གིས་ཁྲང་ཧྲ་པི་ཡ་ཏི་རླངས་འཁོར་དང་ཀྲུང་གོའི་ལྕགས་ལམ་བཟོ་སྐྲུན་གྱི་ལྕི་བའི་བཟོ་ལས། ལན་སི་ཚན་རྩལ་སོགས་ཁེ་ལས་སུ་རྟོག་ཞིབ་གནང་བ་རེད། ཁོང་གིས། ཁེ་ལས་ནི་ཚན་རྩལ་གསར་གཏོད་ཀྱི་གཙོ་གཟུགས་གསར་པ་ཡིན་པས། འཛམ་གླིང་གི་རྩེར་སོན་སྣེ་ཁྲིད་ཁེ་ལས་དང་ཆེད་ལས་དང་རྩེར་སོན། དམིགས་བསལ། གསར་པ་བཅས་ཀྱི་ཁེ་ལས་གསོ་སྐྱོང་བྱས་ཏེ། ཁེ་ལས་ལ་དངོས་དངོས་རྗེན་རྗེན་གྱི་དཀའ་ངལ་སེལ་རོགས་བྱེད་དགོས། ཕུལ་བྱུང་ཁེ་ལས་མཁས་པའི་སྙིང་སྟོབས་དར་སྤེལ་ཤུགས་ཆེར་བཏང་སྟེ། ཁེ་ལས་འཕེལ་རྒྱས་ཀྱི་སྒུལ་ནུས་གསར་པར་རྒྱུན་ཆད་མེད་པར་ཤུགས་སྣོན་རྒྱག་དགོས། བཟང་ཆ་གཉིས་འཛོམ་ཡོང་བ་དང་ཞན་ཆ་གང་དྲགས་གསབ་རྒྱུ་དམ་པ་དོན་དུ་གཉེར་ནས། ཕུལ་བྱུང་ཁྱབ་ཁོངས་གི་སྔོན་ཐོན་གནས་བབ་སྲ་བརྟན་དུ་གཏོང་བ་དང་ཁྱབ་ཁོངས་གསར་པ་དང་འགྲན་ར་གསར་པ་དེ་བས་མང་བའི་ཁྲོད་སྔོན་སྐྱོད་ཀྱི་ནུས་པ་ཐོན་པ་བྱ་དགོས་པ་དང་འཕར་གནས་གསར་པའི་སྒུལ་བྱེད་ནུས་པ་ཁག་ཅིག་བཏོད་དགོས་ཞེས་བསྟན་འདུག

སྔོན་ཐོན་བཟོ་སྐྲུན་ལས་རིགས་འཕེལ་རྒྱས་གཏོང་བའི་བཞུགས་མོལ་ཚོགས་འདུའི་ཐོག རྒྱལ་ཡོངས་ཀྱི་ས་གནས་ཁག་ནས་ཡོང་བའི་ཁེ་ལས་བརྒྱད་ཀྱི་འགན་འཁུར་མི་སྣས་གནས་ཚུལ་ངོ་སྤྲོད་ཞུས་པ་དང་གྲོས་འགོ་བཏོན་ཡོད། ལི་ཆང་གིས། དངོས་གཟུགས་དཔལ་འབྱོར་དང་ལྷག་དོན་བཟོ་སྐྲུན་ལས་རིགས་ནི་རང་རྒྱལ་དཔལ་འབྱོར་གྱི་རྨང་གཞི་གནས་ས་ཡིན། རྒྱལ་ཁབ་ཕྱི་ནང་གི་དུས་བབ་ལ་རྙོག་འཛིང་ཆེ་ལ་འགྱུར་ལྡོག་ཟབ་མོ་འགྲོ་བ་དང་བསྟུན་ནས། རང་རྒྱལ་གྱི་བཟོ་སྐྲུན་ལས་རིགས་འཕེལ་རྒྱས་གཏོང་རྒྱུར་འགག་སྒོ་གལ་ཆེན་ཞིག་འཕྲད་ཡོད་པས། ང་ཚོས་བཟོ་སྐྲུན་ལས་རིགས་བརྟན་སྲུང་བྱེད་པའི་ཆོད་སེམས་ལ་གཡོ་འགུལ་རྩ་བ་ནས་གཏོང་མི་ཉན་པ་དང་། བཟོ་སྐྲུན་ལས་རིགས་ཀྱི་ཤུགས་ཚད་ངེས་པར་དུ་ཆེས་ཆེར་གཏོང་དགོས། བཟོ་སྐྲུན་ལས་རིགས་ཀྱི་རྩེར་སོན་ཅན་དང་རིག་ནུས་ཅན། སྦགས་མེད་ཅན་བཅས་ཀྱི་འཕེལ་རྒྱས་ལ་དམ་པོར་དམིགས་ཏེ། འཐབ་ཇུས་ཀྱི་གཅིག་གྱུར་འཆར་འགོད་ལ་ཤུགས་སྣོན་རྒྱག་པ་དང་ཆུ་ཚད་མཐོ་བའི་ཚན་རྩལ་རང་ཚུགས་རང་སྟོབས་ལ་སྐུལ་འདེད་གཏོང་བ། སྲོལ་རྒྱུན་བཟོ་སྐྲུན་ལས་རིགས་བསྒྱུར་བཀོད་རིམ་སྤོར་དང་འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་གསོ་སྐྱོང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། ཀྲུང་གོའི་བཟོ་སྐྲུན་དེ་ཀྲུང་གོའི་གསར་གཏོད་དང་། ཀྲུང་གོའི་ཐོན་རྫས་དེ་ཀྲུང་གོའི་ཚོང་རྟགས་གྲགས་ཅན་དུ་འགྱུར་མགྱོགས་སུ་གཏོང་དགོས། ཁྲོམ་ར་ཅན་དང་ཁྲིམས་སྐྱོང་ཅན། རྒྱལ་སྤྱི་ཅན་བཅས་ཀྱི་ཚོང་གཉེར་ཁོར་ཡུག་གཏོད་དགོས་པ་དང་སྔོན་ཐོན་བཟོ་སྐྲུན་ལས་རིགས་ཀྱི་སྲིད་ཇུས་ཀྱི་སྟོན་ཕྱོགས་ལ་རྒྱབ་སྐྱོར་ཤུགས་ཆེན་བྱས་ཐོག སྔོན་ཐོན་བཟོ་སྐྲུན་ལས་རིགས་འཕེལ་རྒྱས་ཀྱི་རྣམ་པ་བཟང་པོ་ཞིག་ཆགས་པ་བྱེད་དགོས་ཞེས་བསྟན་འདུག

ལི་ཆང་གིས་ཧུའུ་ནན་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་ཐོབ་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་གནང་བ་དང་། ཧུའུ་ནན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཧུའུ་ནན་ལས་དོན་སྐོར་གྱི་མཛུབ་སྟོན་གལ་ཆེན་གྱི་དགོངས་པ་ལག་ལེན་གཏིང་ཟབ་བསྟར་ཐོག རྒྱལ་ཁབ་ཀྱི་སྔོན་ཐོན་བཟོ་སྐྲུན་ལས་རིགས་གལ་ཆེན་དང་ལྟེ་བའི་འགྲན་རྩོད་ནུས་པ་ལྡན་པའི་ཚན་རྩལ་གསར་གཏོད། སྐམ་སའི་དབུས་ཁུལ་ས་ཁུལ་གྱི་བསྒྱུར་བཅོས་སྒོ་འབྱེད་ཀྱི་མཐོ་ས་བཅས་གང་མགྱོགས་གཏོད་རྒྱུའི་རེ་བ་ཡོད་ཅེས་བསྟན་འདུག

འཛམ་གླིང་སྐར་ཁུངས།

▶རྒྱ་མཚོའི་ནང་སྤོས་འགྱིག་གི་རྡུལ་ཕྲན་དུང་ཕྱུར་ཁྲི་170ཙམ་ཡོད་འདུག

གཞན་ཡང་དཔལ་འབྱོར་རིག་པའི་ཇུས་འདོན་ཚོགས་པ་དང་འཇར་ཕན་གྱི་ཁེ་གཉེར་མིན་པའི་སྒྲིག་གཞི་སྟེ་འཇར་ཕན་རྒྱུ་ནོར་ཚོགས་པས་མཉམ་འབྲེལ་ཐོག་ཁྱབ་བསྒྲགས་བྱས་པའི་སྙན་ཞུའི་ནང་།

中央广播电视总台 央广网 版权所有

ལི་ཆང་གིས་ཧུའུ་ནན་དུ་རྟོག་ཞིབ་གནང་བ།

སྔོན་ཐོན་བཟོ་སྐྲུན་ལས་རིགས་འཕེལ་རྒྱས་གཏོང་བའི་བཞུགས་མོལ་ཚོགས་འདུའི་ཐོག རྒྱལ་ཡོངས་ཀྱི་ས་གནས་ཁག་ནས་ཡོང་བའི་ཁེ་ལས་བརྒྱད་ཀྱི་འགན་འཁུར་མི་སྣས་གནས་ཚུལ་ངོ་སྤྲོད་ཞུས་པ་དང་གྲོས་འགོ་བཏོན་ཡོད། ལི་ཆང་གིས།