ཆ་འཕྲིན་ཐེར་འདོན། mzjubao@cnr.cn

འཚོ་བའི་རྒྱུན་ཤེས།

ས་གནས་མང་པོར་ནད་དུག་འདི་དག་འགོས་འདུག་པས་གཟབ་དགོས།

2023-11-07 15:47:00     责编:娜科

སྟོན་མཇུག་དགུན་སྟོད་ནི་དབུགས་ལམ་འགོས་ནད་ཕོག་སླ་བའི་དུས་ཚིགས་ཡིན་པས། རང་ཉིད་དམ་བུ་ཕྲུག་ལ་ཚ་བ་རྒྱག་པ་དང་། གློ་ལུ་བ། མིད་པ་ན་བ་སོགས་དབུགས་ལམ་འགོས་ནད་ཀྱི་ནས་རྟགས་ཐོན་གྱི་འདུག་ཟེར་མཁན་མང་དུ་ཕྱིན་ཡོད། 

སྨྱན་སྦྱོར་གྱིས་གནས་ཚུལ་སྤེལ་བར་གཞིགས་ན། ས་གནས་མང་པོའི་བྱིས་ནད་འཕྲལ་བཅོས་ཚན་ཁག་དང་། ཚ་རྒྱས་སྒོ་བསྟེན་སྨན་ཁང་། སྨན་ཆུ་སྒྲོག་ཁང་སོགས་སུ་ནད་པ་ཚང་ཁ་ཤིག་ཤིག་ཡོད་པ་རེད། 

ཉེ་ཆར། སྨན་ཁང་མང་པོ་ཞིག་ཏུ་འཕྲལ་བཅོས་མྱུར་སྐྱོབ་བྱེད་དགོས་པའི་ནད་པ་ཇེ་མང་དུ་འགྲོ་བཞིན་ཡོད་པ་དང་། ནད་པ་ཁ་ཤས་ཀྱིས་སྨན་ཁང་གི་འཕྲལ་བཅོས་ཚན་ཁག་ཏུ་ཆུ་ཚོད་ལྔ་དྲུག་ཙམ་བང་བསྒྲིགས་ནས་སྒུག་དགོས་བྱུང་ཟེར། ནད་པ་མང་ཆེ་བ་ནི་བྱིས་པ་ཡིན་པ་དང་། མི་དར་མ་དང་རྒན་རྒོན་ཡང་ཉུས་ཤས་ཡོད། 

ཚང་མར་ཆ་རྒྱུས་ཅུང་ཡོད་པའི་ཕྲ་གྱེས་གདོད་གཟུགས་གློ་ཚད་འགོས་ནད་དང་། ཆམ་རིམས། ཏོག་གསར་ནད་དུག་གི་འགོས་ནད་སོགས་མ་ཟད། ད་དུང་ཕྲ་སྲིན་འགོས་ནད་དང་ནོའོ་རུའུ་ནད་དུག་འགོས་པ་ཡང་ཡོད། 

རིགས་གཅིག་མཁས་པས། གློ་ཚད་ཀྱི་ཕྲ་གྱེས་གདོད་གཟུགས་དང་གཤེར་རྨེན་གྱི་ནད་དུག གློ་ཚད་ཀྱི་ཕྲེང་ཟླུམ་སྲིན་སོགས་དབུགས་ལམ་འགོས་ནད་ཀྱི་མཉམ་འདྲེས་ནད་འགོས་པར་དོགས་ཟོན་བྱེད་དགོས་པའི་དྲན་སྐུལ་བྱས་འདུག  

གཞན་ཡང་བདེ་ཐང་ཀྲུང་གོ་ཞེས་པའི་དྲ་བས་ཀྱང་། སྔོན་འགོག་བྱེད་ཐབས་གཙོ་བོ་ནི་འགོག་སྲུང་གི་བྱ་ཐབས་ཡག་པོ་སྤྱོད་རྒྱུ་དེ་ཡིན། དགོས་མཁོ་བྱུང་ཚེ་ཁ་རས་བརྒྱབ་ནས་འགོག་སྲུང་བྱེད་དགོས་ཞེས་པའི་དྲན་སྐུལ་བྱས་པ་རེད། 

 

ལོ་ཅི་ཙམ་ཆུང་ན་མཉམ་འདྲེས་ནད་འགོས་ཉེན་དེ་ཙམ་ཆེ།

ཀྲུང་གོ་ནད་ཡམས་སྔོན་འགོག་ཚོད་འཛིན་ལྟེ་གནས་ཀྱིས་སྤེལ་བའི་ཀྲུང་གོའི་ཆམ་རིམས་སྔོན་འགོག་སྨན་ཁབ་རྒྱག་པའི་ལག་རྩལ་ཕྱོགས་སྟོན་(2023ལོ་ནས་2024ལོའི་བར)ཞེས་པའི་ནང་ད་ལོའི་དགུན་ཁ་དང་སང་ལོའི་དཔྱིད་ཀར་རང་རྒྱལ་དུ་ཆམ་རིམས་སོགས་དབུགས་ལམ་གྱི་འགོས་ནད་སྣ་ཚོགས་རེས་མོས་སམ་མཉམ་དུ་འབྱུང་ཉེན་ཡོད་ཅེས་འཁོད་ཡོད་པ་རེད། 

ཀྲུང་གོ་གསར་འགྱུར་དྲ་བའི་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཉེ་ཆར་པེ་ཅིང་ཐན་ཐན་སྨན་ཁང་གི་བྱིས་པའི་ཚན་ཁག་ཏུ་འཚང་ཁ་དང་བྲེལ་ཟིང་གིས་ཁེངས་ཡོད་པ་རེད། སྨན་ཁང་དེའི་བྱིས་པའི་ཚན་ཁག་གི་སྨན་པ་ཞིག་གིས་གསར་འགོད་པར། བྱིས་པའི་ཚན་ཁག་ཏུ་ཉིན་རེའི་སྒུག་སྡོད་ནད་པའི་ཁ་གྲངས་བཞི་བརྒྱ་ལྔ་བརྒྱར་སླེབས་ཀྱི་ཡོད་པས། དེ་སྔོན་ལས་ལྡབ་གསུམ་བཞི་ཙམ་མང་དུ་ཕྱིན་ཡོད་ཅེས་བཤད་པ་དང་། ད་དུང་ཚབས་ཆེ་རུ་འགྲོ་ངེས་རེད། མིག་སྔར་གློ་ཚད་ཀྱི་ཕྲ་གྱེས་གདོད་གཟུགས་མཆེད་པ་མ་ཟད། ད་དུང་བྱིས་པར་ཕོག་སླ་བའི་ནད་དུག་དང་འབུ་ཕྲ། འདྲེས་ཕུང་ནད་དུག རྨེན་བུའི་ནད་དུག  ཆམ་རིམས་ནད་དུག་ཕལ་པ། སྣའི་ནད་དུག་སོགས་ཉུང་ཙམ་རེ་འགོས་ཁྱབ་འགྲོ་བཞིན་ཡོད་པ་དང་། ཆམ་རིམས་ཀ་པ་དང་ཁ་པའང་ཉེ་ལམ་གདགས་གཤིས་སུ་འགྱུར་འགོ་ཚུགས་ཡོད་ཅེས་བཤད། 

 

གཤེར་རྨེན་ནད་དུག་དང་གློ་ཚད་ཕྲེང་ཟླུམ་སྲིན་སོགས་ནི་ཕྲ་གྱེས་གདོད་གཟུགས་དང་འདྲེས་མར་འགོ་སྲིད་པ་མ་ཟད། བྱིས་པ་ལོ་ཇི་ལྟར་ཆུང་ན་འགོ་ཉེན་དེ་ལྟར་ཆེ། གལ་ཏེ་ཕྲ་གྱེས་གདོད་གཟུགས་བརྩེགས་མར་འགོས་ན། བྱིས་པའི་ནད་རྟགས་ལྕི་རུ་འགྲོ་སྲིད་པས། ཁྱིམ་བདག་ཚོས་གཟབ་གཟབ་བྱེད་དགོས། 

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། 

ཞུ་དག མིག་དམར་རྒྱ་མཚོ།  

ཡིག་སྒྱུར། ཨ་བསྟན།

འཛམ་གླིང་སྐར་ཁུངས།

​▶ཨུ་རུ་སུས་གཞི་ཁྱོན་ཆེ་བའི་ཉིང་རྡུལ་ཕར་རྒོལ་ནང་སྦྱོང་བྱས་འདུག

ཁེ་ལི་མུའུ་ལིན་ཕོ་བྲང་ཕྱོགས་ཀྱིས། ད་ཐེངས་ཀྱི་ནང་སྦྱོང་ནང་ཨུ་རུ་སུའི་དམག་དོན་བཀོད་འདོམས་སྒྲིག་གཞིའི་དམག་གྲབས་ཆུ་ཚད་དང་འབྲེལ་ཡོད་དཔུང་སྡེའི་དམག་འཐབ་མི་སྣའི་རྩལ་ནུས་ལ་ཞིབ་དཔྱད་བྱས་ཡོད་པ་དང་། འཐབ་ཇུས་ཀྱི་ཟིལ་ཤུགས་ནང་སྦྱོང་ཁྲོད་འཆར་གཞིའི་ལས་འགན་ཡོངས་སུ་གྲུབ་ཡོད་ཅེས་བསྟན་འདུག

中央广播电视总台 央广网 版权所有

ས་གནས་མང་པོར་ནད་དུག་འདི་དག་འགོས་འདུག་པས་གཟབ་དགོས།

གཤེར་རྨེན་ནད་དུག་དང་གློ་ཚད་ཕྲེང་ཟླུམ་སྲིན་སོགས་ནི་ཕྲ་གྱེས་གདོད་གཟུགས་དང་འདྲེས་མར་འགོ་སྲིད་པ་མ་ཟད། བྱིས་པ་ལོ་ཇི་ལྟར་ཆུང་ན་འགོ་ཉེན་དེ་ལྟར་ཆེ། གལ་ཏེ་ཕྲ་གྱེས་གདོད་གཟུགས་བརྩེགས་མར་འགོས་ན། བྱིས་པའི་ནད་རྟགས་ལྕི་རུ་འགྲོ་སྲིད་པས། ཁྱིམ་བདག་ཚོས་གཟབ་གཟབ་བྱེད་དགོས།