ཆ་འཕྲིན་ཐེར་འདོན། mzjubao@cnr.cn

འཚོ་བའི་རྒྱུན་ཤེས།

གནམ་གྲུར་སྡོད་སྐབས་ཐོབ་ཐང་ལག་ཁྱེར་བརྗེད་ཀྱང་ཐབས་ཤེས་འདུག

2023-04-03 17:15:00     责编:娜科

     གནམ་གྲུ་རུ་བསྡད་ནས་ཕྱི་རུ་སྐྱོད་སྐབས་གནམ་ཐང་དུ་འབྱོར་རྗེས་གཤམ་གྱི་གནས་ཚུལ་འདི་འདྲ་བྱུང་མྱོང་ངམ། བྲེལ་འཚུབ་མ་བྱེད། ཐོབ་ཐང་ལག་ཁྱེར་བརྗེད་ཀྱང་གནམ་གྲུར་འདུག་ཐུབ་སྟེ་དམངས་སྤྱོད་མཁའ་འགྲུལ་གྱི་གནས་སྐབས་འཕུར་སྐྱོད་བདེན་དཔང་གིས་ཁྱེད་ལ་རོགས་རམ་བྱ་ངེས་ཡིན། རྒྱལ་ཁབ་ཀྱི་སྲིད་དོན་ཞབས་ཞུ་སྟེགས་བུ་རུ་ཐོན་ཚེ་དུས་ཡུན་སྐར་མ་གཅིག་གི་རིང་ལ་མི་སྒེར་གྱི་གནས་སྐབས་འཕུར་སྐྱོད་བདེན་དཔང་ཐོབ་ཐུབ་པ་དང་། འགྲུལ་པས་ཉིན་15ཡི་གོ་ཆོད་བདེན་དཔང་འདིར་བརྟེན་ནས་གནམ་གྲུ་རུ་བསྡད་ཆོག

 

བཀོལ་སྤྱོད་ཕྱོགས་སྟོན།

     གཤམ་གྱི་བཤེར་རིས་སྟེང་མནན་ནས་རྒྱལ་ཁབ་སྲིད་དོན་ཞབས་ཞུ་སྟེགས་བུ་རུ་འཛུལ་བ་དང་། མདུན་ཤོག་ནས་དམངས་སྤྱོད་མཁའ་འགྲུལ་གྱི་གནས་སྐབས་འཕུར་སྐྱོད་བདེན་དཔང་ “民航临时乘机证明” ཞེས་པ་འཚོལ་བཤེར་བྱས་ཚེ་ཞབས་ཞུའི་པར་ངོས་ཐོན་ཡོང་བ་དང་། དེ་ནས་འཕར་ལྡིང་བྱེད་པའི་ངོས་སུ་རང་གི་ཐོབ་ཐང་ཆ་འཕྲིན་སྐོང་དགོས་པ་མ་ཟད།  གདོང་རིས་བཤེར་ནས་ར་སྤྲོད་བྱ་དགོས།  སྐར་མ་གཅིག་ཡས་མས་སྒུག་རྗེས་མདུན་ཤོག་ཏུ་ལོག་ནས་གཡས་གཤམ་གྱི་གནས་སྐབས་འཕུར་སྐྱོད་བདེན་དཔང་ལྟ་ཞིབ་ 临时乘机证明查看 ཞེས་པ་མནན་ནས་ཐོབ་ཐང་ཨང་གྲངས་གཏགས་རྗེས་རྩ་གཉིས་རྟགས་ཤིག་གྲུབ་ཡོང་པ་དང་། རྩ་གཉིས་རྟགས་དེ་ཁྱེར་ནས་གནམ་གྲུར་སྡོད་པའི་འགྲོ་ལུགས་སྒྲུབ་ཐུབ་ལ་བདེ་འཇགས་ཞིབ་བཤེར་དང་ལེན་བྱ་ཐུབ།  གནས་སྐབས་འཕུར་སྐྱོད་ཐོབ་ཐང་བདེན་དཔང་འདི་ཀྲུང་གོའི་སྐམ་སའི་སྤྱི་དམངས་ཀྱི་ཐོབ་ཐང་ལག་ཁྱེར་ཁོ་ནར་སྤྱོད་ཐུབ་པ་དང་། ཐོབ་ཐང་ལག་ཁྱེར་སྤྱད་ནས་འཛིན་བྱང་ཉོ་བའི་འགྲུལ་པ་ཁོ་ནས་སྤྱོད་ཐུབ།

     ཚང་མས་རང་ཉིད་ཀྱི་གནས་སྐབས་འཕུར་སྐྱོད་བདེན་དཔང་སྒྲུབ་ཐུབ་པ་མ་ཟད་འཛད་སྤྱོད་པའི་ཆོག་མཆན་འོག་མཉམ་དུ་འགྲོ་མཁན་དག་ལའང་སྒྲུབ་ཐུབ་པ་རེད། ཤིན་ཏུ་སྟབས་བདེ་པོ་ཞིག་མི་འདུག་གམ།

     རྒྱལ་ཁབ་སྲིད་དོན་ཞབས་ཞུ་སྟེགས་བུའི་འགྲོ་འོང་ཞབས་ཞུའི་ཆེད་སྤྱོད་སྟེང་འགྲོ་འོང་ལ་ངེས་པར་མཁོ་བའི་ཞབས་ཞུའི་རྣམ་གྲངས་བཅུ་ལྷག་ཡོད་དེ།  རྒྱལ་ཡོངས་ཀྱི་མྱུར་བགྲོད་ལྕགས་ལམ་དང་སྒུལ་འཁོར་གྱི་འཛིན་བྱང་འདྲི་རྩད་དང་མངག་ཉོ་བྱེད་པ།  མྱུར་བགྲོད་གཞུང་ལམ་གྱི་མཁོ་བསྟུན་ཞབས་ཞུ།  རྒྱལ་མཚམས་ནས་འགྲོ་འོང་གི་ཞབས་ཞུ་ལ་སོགས་པ་ཡོད། ད་རུང་ཞབས་ཞུ་སྔར་ལས་མང་པོ་ཞིག་ལ་སྐུ་ཉིད་ནས་ཉམས་སུ་བཞེས་པར་སྒུག་ཡོད་པས། གམ་གྱི་འགྲོ་འོང་གི་དགོས་མཁོ་ཡོད་པའི་གྲོགས་པོ་ཚོར་མཉམ་སྤྱོད་གནང་རོགས།  མཇུག་ཏུ་ལྷན་རྒྱས་ཕེབས་ལམ་ལ་བདེ་འཇགས་དང་ཐུགས་སེམས་སྤྲོ་པོ་ཡོང་བའི་བཀྲ་ཤིས་སྨོན་འདུན་ཞུ།  

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། 

ཞུ་དག བསྟན་འཛིན་དང་ཕྱུག

ཡིག་སྒྱུར། རྡོ་རྗེ་ཚེ་རིང་།

འཛམ་གླིང་སྐར་ཁུངས།

▶རྒྱ་མཚོའི་ནང་སྤོས་འགྱིག་གི་རྡུལ་ཕྲན་དུང་ཕྱུར་ཁྲི་170ཙམ་ཡོད་འདུག

གཞན་ཡང་དཔལ་འབྱོར་རིག་པའི་ཇུས་འདོན་ཚོགས་པ་དང་འཇར་ཕན་གྱི་ཁེ་གཉེར་མིན་པའི་སྒྲིག་གཞི་སྟེ་འཇར་ཕན་རྒྱུ་ནོར་ཚོགས་པས་མཉམ་འབྲེལ་ཐོག་ཁྱབ་བསྒྲགས་བྱས་པའི་སྙན་ཞུའི་ནང་།

中央广播电视总台 央广网 版权所有

གནམ་གྲུར་སྡོད་སྐབས་ཐོབ་ཐང་ལག་ཁྱེར་བརྗེད་ཀྱང་ཐབས་ཤེས་འདུག

རྒྱལ་ཁབ་སྲིད་དོན་ཞབས་ཞུ་སྟེགས་བུའི་འགྲོ་འོང་ཞབས་ཞུའི་ཆེད་སྤྱོད་སྟེང་འགྲོ་འོང་ལ་ངེས་པར་མཁོ་བའི་ཞབས་ཞུའི་རྣམ་གྲངས་བཅུ་ལྷག་ཡོད་དེ། རྒྱལ་ཡོངས་ཀྱི་མྱུར་བགྲོད་ལྕགས་ལམ་དང་སྒུལ་འཁོར་གྱི་འཛིན་བྱང་འདྲི་རྩད་དང་མངག་ཉོ་བྱེད་པ།