ཆ་འཕྲིན་ཐེར་འདོན། mzjubao@cnr.cn

དམིགས་བསལ་དོ་ཁུར།

ཁོང་ཚོས་རང་རྩལ་ལ་བརྟེན་ནས་དུས་ཆེན་ལ་རྟེན་འབྲེལ་ཞུས།

2024-03-28 15:19:00     责编:卓玛才让
     སྤྱི་ཟླ3ཚེས་28ཉིན་ནི་བོད་ལྗོངས་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་པའི་དྲན་གསོའི་ཉིན་མོ་ཡིན་ཞིང་། དམིགས་བསལ་གྱི་ཉིན་མོ་དེར་རྟེན་འབྲེལ་ཞུ་ཆེད་གྲོང་གསེབ་དར་རྒྱས་གཏོང་། ནག་ཆུས་མདུན་སྐྱོད་བྱེད་ཅེས་པའི་ཞིང་འབྲོག་པའི་རྩལ་ནུས་འགྲན་བསྡུར་ཆེན་མོ་བོད་བྱང་དུ་ཚ་ཚ་འུར་འུར་ངང་སྤེལ་ནས་མི་རབས་ནས་མི་རབས་བར་ཕྱུགས་འཚོར་བརྟེན་པའི་ནག་ཆུའི་འབྲོག་པ་མང་ཚོགས་ཀྱིས་དེང་རབས་འཚོ་བའི་རྩལ་ནུས་གསར་པ་འགྲན་བསྡུར་གྱིས་འབྲོག་པ་མང་ཚོགས་ཀྱི་གྲོང་གསེབ་དར་རྒྱས་ནང་ཞུགས་པའི་ཉམས་བཟང་གང་ལེགས་མངོན་པར་བྱས་ཡོད།

     བོད་ལྗོངས་ནག་ཆུ་གྲོང་ཁྱེར་ཤན་རྩ་རྫོང་སྨད་པ་ཤང་ལུག་ཁྱུ་གྲོང་ཚོར་ལག་ཐོགས་ཁ་པར་གྱི་པར་རྒྱག་དང་བརྙན་ཐུང་པར་ལེན། ཕུལ་བྱུང་སྲོལ་རྒྱུན་གླུ་གཞས། དེ་བཞིན་འགྱུར་ལྡོག་གླེང་བ་དང་འཕེལ་རྒྱས་ཤོད་པ། གཏམ་རྒྱུད་ཤོད་པ། རིགས་གཞུང་སྒྲོག་འགྲེལ། སྤྱི་སྤྱོད་སྐད་ཡིག་ལམ་ནས་གཏམ་བཤད་སྤེལ་བ། ཡིག་གཟུགས་འབྲི་བ། མ་བྱན་གྱི་ལག་རྩལ་ངོམས་པ་སོགས་སྣ་མང་ཕུན་སུམ་ཚོགས་ལ་དོན་སྙིང་ལྡན་པའི་འགྲན་བསྡུར་སྣ་ཚོགས་དུས་ཡུན་ཟླ་ཕྱེད་ཙམ་སྤེལ་ཡོད་ཅིང་འགྲན་ཞུགས་པ་ཚང་མ་ཞིང་འབྲོག་མང་ཚོགས་ཤ་སྟག་ཡིན་པ་རེད།

     འབྲོག་པ་སྐལ་བཟང་བཀྲ་ཤིས་ཀྱིས་གསར་འགོད་པར། རྩལ་ནུས་དེ་དག་ནི་ནག་ཆུ་གྲོང་ཁྱེར་གྱིས་གྲོང་གསེབ་དར་རྒྱས་གཏོང་། ནག་ཆུས་མདུན་སྐྱོད་བྱེད་ཅེས་པ་ལག་བསྟར་བྱས་པ་ལས་བྱུང་བ་ཞིག་རེད། བྱེད་སྒོ་དེ་ལག་ལེན་བསྟར་ནས་ལོ་གསུམ་སོང་ཚུན། ལུག་ཁྱུ་གྲོང་ཚོའི་མི་ཐེངས་43ལ་དེ་མཚུངས་ཀྱི་རྩལ་ནུས་གསོ་སྦྱོང་བྱས་པ་དང་། མི་13ལས་ཞུགས་བརྟན་པོ་བྱུང་ནས་ཁྱིམ་ཚང་གི་མི་རེའི་ཆ་སྙོམས་ཡོང་འབབ་སྒོར་6000འཕར་ཡོད་ཅེས་བརྗོད་ཀྱི་འདུག

     འདི་ལོ་ནི་བོད་ལྗོངས་སུ་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་65འཁོར་བའི་ལོ་ཞིག་ཡིན་ཞིང་། ལོ་ངོ་65སོང་ཚུན་དང་ལྷག་པར་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བོད་ལྗོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་ཁྱོན་ཡོངས་ནས་འཕེལ་རྒྱས་མྱུར་པོ་བྱུང་ནས་མི་དམངས་མང་ཚོགས་ཀྱི་འཚོ་བའི་ཆུ་ཚད་དང་སྤུས་ཚད་མངོན་གསལ་དོད་པོས་མཐོ་རུ་ཕྱིན་ཡོད། སྤྱི་ལོ་2023ལོར་སྨད་པ་ཤང་ལུག་ཁྱུ་གྲོང་ཚོའི་ཞིང་འབྲོག་པ་མང་ཚོགས་ཀྱི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་16805.1ཟིན་པ་དེ་དུས་མཚུངས་ལས་14%འཕར་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།

འཛམ་གླིང་སྐར་ཁུངས།

▶པའེ་ཏེང་དང་ཐེ་རོན་ཕུ་གཉིས་སླར་ཡང་འགྲན་ལམ་དུ་ཞུགས།

ཐོག་མའི་འདེམས་བསྐོ་ནི་ཨ་རིའི་ཙུང་ཐུང་འདེམས་བསྐོའི་དུས་རིམ་དང་པོ་ཡིན་ཞིང་། ཟླ་6པའི་བར་རྒྱུན་མཐུད་རྒྱུ་རེད། ཐོག་མའི་འདེམས་བསྐོ་མཇུག་སྒྲིལ་རྗེས།

中央广播电视总台 央广网 版权所有

ཁོང་ཚོས་རང་རྩལ་ལ་བརྟེན་ནས་དུས་ཆེན་ལ་རྟེན་འབྲེལ་ཞུས།

སྤྱི་ཟླ3ཚེས་28ཉིན་ནི་བོད་ལྗོངས་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་པའི་དྲན་གསོའི་ཉིན་མོ་ཡིན་ཞིང་།