ཆ་འཕྲིན་ཐེར་འདོན། mzjubao@cnr.cn

འཛམ་གླིང་སྐར་ཁུང་།

▶པའེ་ཏེང་དང་ཐེ་རོན་ཕུ་གཉིས་སླར་ཡང་འགྲན་ལམ་དུ་ཞུགས།

2024-03-21 11:24:00     责编:娜科

 

ས་གནས་དེ་གའི་དུས་ཚོད་ཚེས་12ཉིན། ཨ་རིའི་ཙོ་ཀྲི་ཡ་མངའ་སྡེ་དང་མི་ཞི་ཞི་པི་མངའ་སྡེ། ཝ་ཧྲེན་ཏུན་མངའ་སྡེ་སོགས་སུ་2024ལོའི་ཨ་རིའི་ཙུང་ཐུང་འདེམས་སྐོའི་ཐོག་མའི་འདེམས་བསྐོའི་བྱེད་སྒོ་སྤེལ་ཡོད། ཨ་རིའི་གཙོ་རྒྱུན་སྨྱན་སྦྱོར་ལས་ཁུངས་མང་པོས་ཚོད་རྩིས་བྱས་པ་དང་གནས་ཚུལ་སྤེལ་བར་གཞིགས་ན། ཨ་རིའི་མིག་སྔའི་ཙུང་ཐུང་པའེ་ཏེང་དང་དེ་སྔའི་ཙུང་ཐུང་ཐེ་རོན་ཕུ་གཉིས་རང་རང་སོ་སོའི་ཏང་ཤོག་གི་2024ལོའི་ཨ་རིའི་ཙུང་ཐུང་འདེམས་བསྐོའི་གདམ་བྱའི་འོས་མིར་གཏན་འཁེལ་བྱུང་ཡོད།

 

 

ཤེས་རྟོགས་བྱུང་བར་གཞིགས་ན། པའེ་ཏེང་ལ་ཨ་རིའི་མངའ་སྡེ་སོ་སོའི་དམངས་གཙོ་ཏང་གི་འཐུས་མི་3934ཡི་ཁྲོད་ནས་ཉུང་མཐར་ཡང་འཐུས་མི་1968ཡི་རྒྱབ་སྐྱོར་ཐོབ་ན་ད་གཟོད་དམངས་གཙོ་ཏང་གི་ཙུང་ཐུང་འོས་མིའི་མིང་འདོན་ཐོབ་ཀྱི་ཡོད་པ་དང་། ཐེ་རོན་ཕུ་ལ་མངའ་སྡེ་སོ་སོའི་སྤྱི་མཐུན་ཏང་གི་འཐུས་མི་2429ཡི་ཁྲོད་ནས་ཉུང་མཐར་ཡང་འཐུས་མི་1215ཡི་རྒྱབ་སྐྱོར་ཐོབ་ན་སྤྱི་མཐུན་ཏང་གི་ཙུང་ཐུང་འོས་མིའི་མིང་འདོན་ཐོབ་ཀྱི་ཡོད་པ་རེད།

ཨ་རིའི་མཉམ་འབྲེལ་གསར་འགྱུར་ཁང་གིས་ཨ་རིའི་ཤར་རྒྱུད་ཀྱི་དུས་ཚོད་ཚེས་12ཉིན་གྱི་ཆུ་ཚོད་23དང་སྐར་མ་30ཡས་མས་བར་གྱི་གྲངས་གཞིར་བསྡོམས་རྩིས་བརྒྱབ་པ་ལྟར་ན། པའེ་ཏེང་དང་ཐེ་རོན་ཕུ་གཉིས་ལ་ཁག་སོ་སོར་རང་རང་ཏང་གི་འཐུས་མི་2107དང་འཐུས་མི་1228ཀྱི་རྒྱབ་སྐྱོར་ཐོབ་ཡོད།

ཐེ་རོན་ཕུ་དང་པའེ་ཏེང་གིས་ཉེ་ཆར་ཁག་སོ་སོར་ཙོ་ཀྲི་ཡ་མངའ་སྡེར་བདམ་ཐོན་འགྲན་བསྡུར་གྱི་བྱེད་སྒོ་སྤེལ་བ་དང་། ཕན་ཚུན་ཚིག་མཚོན་ཤུགས་ཆེན་བཏབ་ནས་རྒྱལ་ཕམ་ཐག་གཅོད་འགྲན་བསྡུར་གྱི་འགོ་བརྩམས་ཡོད། 《ཉིའུ་ཡོག་སྐབས་དོན་ཚགས་པར》ཐོག་སྤེལ་བའི་རྩོམ་ཡིག་ནང་། ཁོ་གཉིས་ཀྱི་རྒྱལ་ཕམ་ཐག་གཅོད་འགྲན་བསྡུར་བྱེད་འགོ་ཚུགས་ཡོད། དེ་ནི་དཀའ་སྡུག་ཆེ་ཞིང་གདུག་རྩུབ་ཆེ་བ། ཡུན་རིང་བ་བཅས་ཀྱི་འགྲན་རྩོད་ཅིག་ཡིན་ཞེས་བྲིས་ཡོད།

 

ཐོག་མའི་འདེམས་བསྐོ་ནི་ཨ་རིའི་ཙུང་ཐུང་འདེམས་བསྐོའི་དུས་རིམ་དང་པོ་ཡིན་ཞིང་། ཟླ་6པའི་བར་རྒྱུན་མཐུད་རྒྱུ་རེད། ཐོག་མའི་འདེམས་བསྐོ་མཇུག་སྒྲིལ་རྗེས། དམངས་གཙོ་ཏང་དང་སྤྱི་མཐུན་ཏང་སོ་སོས་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་འཚོགས་ནས་ཙུང་ཐུང་དང་ཙུང་ཐུང་གཞོན་པའི་འོས་མིའི་མིང་འདོན་དངོས་སུ་བྱ་རྒྱུ་རེད། ད་ལོའི་ཨ་རིའི་ཙུང་ཐུང་འདེམས་བསྐོའི་འདེམས་ཤོག་འཕེན་པའི་ཉིན་མོ་ནི་ཟླ་11ཚེས་5ཉིན་རེད། 

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།

ཞུ་དག སྐལ་བཟང་བདེ་སྐྱིད། 

སྒྲིག་སྒྱུར། རིན་ཆེན་འཚོ། 

འཛམ་གླིང་སྐར་ཁུངས།

ཨ་རི་དང་དབྱིན་ཇིས་རྒྱལ་ཁབ་འདིར་འཇབ་རྒོལ་བྱས་འདུག

ས་གནས་དེ་གའི་དུས་ཚོད་ཚེས་11ཉིན། ཨ་རིའི་དཔོན་རིགས་ཀྱིས། ཨ་རི་དང་དབྱིན་ཇིས་ཡེ་མེན་ས་ཁོངས་ནང་གི་ཧུའུ་སའེ་དྲག་ཆས་དང་འབྲེལ་བ་ཡོད་པར་དམིགས་ནས་རྡུང་རྡེག་གཏོང་འགོ་ཚུགས་ཡོད་ཅེས་བཤད་པ་རེད།

中央广播电视总台 央广网 版权所有

▶པའེ་ཏེང་དང་ཐེ་རོན་ཕུ་གཉིས་སླར་ཡང་འགྲན་ལམ་དུ་ཞུགས།

ཐོག་མའི་འདེམས་བསྐོ་ནི་ཨ་རིའི་ཙུང་ཐུང་འདེམས་བསྐོའི་དུས་རིམ་དང་པོ་ཡིན་ཞིང་། ཟླ་6པའི་བར་རྒྱུན་མཐུད་རྒྱུ་རེད། ཐོག་མའི་འདེམས་བསྐོ་མཇུག་སྒྲིལ་རྗེས།