ཆ་འཕྲིན་ཐེར་འདོན། mzjubao@cnr.cn

དམིགས་བསལ་དོ་ཁུར།

ལྐོག་རྔན་སྒོར་དུང་ཕྱུར་1.08ལེན་མཁན་དེར་འདྲི་གཅོད་བྱས་འདུག

2024-03-28 09:18:00     责编:卓玛才让

     ཚེས་26ཉིན། ཁྲུང་ཆིན་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་དང་པོས་ཀུའེ་ཀྲོའུ་ཞིང་ཆེན་སྲིད་གྲོས་ཀྱི་དེ་སྔའི་ཏང་ཙུའུ་ཡི་ཧྲུའུ་ཅི་གཞོན་པ། ཀྲུའུ་ཞི་གཞོན་པ་ཀྲོའུ་ཅན་ཁུན་གྱིས་ལྐོག་རྔན་བླངས་པའི་གྱོད་གཞི་ཡོངས་བསྒྲགས་ཐོག་ཁྱབ་བསྒྲགས་བྱས་པ་སྟེ། ལྐོག་རྔན་བླངས་པའི་ཉེས་མིང་ཐོག་ནས་ཞུ་སྦྱོར་ཕྱི་མ་ཀྲོའུ་ཅན་ཁུན་ལ་ཚེ་གང་བཙོན་འཇུག་བྱ་རྒྱུ་དང་ཚེ་གང་གི་ཆབ་སྲིད་དབང་ཆ་འཕྲོག་རྒྱུ་མ་ཟད། མི་སྒེར་གྱི་རྒྱུ་ནོར་ཡོངས་རྫོགས་གཞུང་བཞེས་གཏོང་རྒྱུ་བཅས་ཀྱི་ཉེས་ཆད་བཅད་པ་དང་། གྱོད་གཞི་དང་འབྲེལ་བ་ཡོད་པའི་བཀག་ཉར་དང་བཙན་ཉར་བྱས་པའི་ཀྲོའུ་ཅན་ཁུན་གྱིས་ལྐོག་རྔན་བླངས་པ་ལས་ཐོབ་པའི་རྒྱུ་དངུལ་དང་དེའི་སྐྱེད་འཕེལ་བདའ་འདེད་བཏང་ནས། རྒྱལ་མཛོད་ལ་རྩིས་འབུལ་བྱ་རྒྱུ་དང་། མི་འདང་བའི་ཆ་རྣམས་མུ་མཐུད་བདའ་འདེད་གཏོང་རྒྱུ་ཡིན་པ་རེད།

     ཞིབ་གཅོད་བྱས་ནས་རྩད་ཆོད་མཐའ་གསལ་བྱུང་བར། 1999ལོ་ནས་2022ལོའི་བར།  ཞུ་སྦྱོར་ཕྱི་མ་ཀྲོའུ་ཅན་ཁུན་གྱིས་ཀུའེ་ཀྲོའུ་ཞིང་ཆེན་ཏུའུ་ཡུན་གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་། གྲོང་སྤྱི། ཏུའུ་ཡུན་གྲོང་ཨུད་ཀྱི་ཧྲུའུ་ཅི། ཀུའེ་ཀྲོའུ་ཞིང་ཆེན་གྱི་དཔལ་འབྱོར་དང་ཆ་འཕྲིན་ཅན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ། ཀུའེ་ཀྲོའུ་ཞིང་ཆེན་གྱི་མི་དམངས་སྲིད་གཞུང་གི་དྲུང་ཆེ་གཞོན་པ། ཀུའེ་ཀྲོའུ་ཞིང་ཆེན་ཨན་ཧྲུན་གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། གྲོང་སྤྱི། ཨན་ཧྲུན་གྲོང་ཨུད་ཀྱི་ཧྲུའུ་ཅི། ཀུའེ་ཀྲོའུ་ཞིང་ཆེན་པི་ཅེ་གྲོང་ཨུད་ཀྱི་ཧྲུའུ་ཅི། ཀུའེ་ཀྲོའུ་ཞིང་ཆེན་སྲིད་གྲོས་ཏང་ཙུའུ་ཡི་ཁོངས་མི། ཀྲུའུ་ཞི་གཞོན་པ། ཏང་ཙུའུ་ཡི་ཧྲུའུ་ཅི་གཞོན་པ་དང་ཀྲུའུ་ཞི་གཞོན་པ་སོགས་ཀྱི་གོ་གནས་འཁུར་རིང་འགན་གནས་ཐད་ཀྱི་སྟབས་བདེ་དང་དེ་བཞིན་འགན་དབང་ངམ་ཡང་ན་གོ་གནས་ཐད་ཀྱི་སྟབས་བདེའི་ཆ་རྐྱེན་སྤྱད་དེ་འབྲེལ་ཡོད་ཚན་པ་དང་མི་སྒེར་ལ་ཁེ་ལས་གཉེར་སྐྱོང་དང་། ལས་གྲྭ་འགན་གཙང་ལེན་པ། རྣམ་གྲངས་ཞིབ་མཆན་འགོད་པ་སོགས་ཀྱི་དོན་དག་ཐད་རོགས་རམ་བྱས་པ་དང་། ཁྲིམས་འགལ་ངང་རྒྱུ་དངོས་བླངས་པ་ཁྱོན་མི་དམངས་ཤོག་སྒོར་ལ་ཕབ་ན་སྒོར་དུང་ཕྱུར་1.08ལྷག་ཙམ་ཟིན་ཡོད།

     ཁྲུང་ཆིང་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་དང་པོས། ཞུ་སྦྱོར་ཕྱི་མ་ཀྲོའུ་ཅན་ཁུན་གྱི་བྱ་སྤྱོད་དེ་ལྐོག་རྔན་བླངས་པའི་བྱས་ཉེས་སུ་གྲུབ་ཡོད་ཅིང་། གྲངས་འབོར་ཧ་ཅང་མང་བ་མ་ཟད། རྒྱལ་ཁབ་དང་མི་དམངས་ཀྱི་ཁེ་ཕན་ལ་གྱོང་གུན་ཧ་ཅང་ཆེན་པོ་བཟོས་ཡོད། ཀྲོའུ་ཅན་ཁུན་ཁྲིམས་ལ་སྦྱར་རྗེས་རང་ཉེས་ཇི་བཞིན་ངོས་ལེན་ཞུས་པ་དང་། ལྟ་ཞིབ་ལས་ཁུངས་ཀྱིས་ཁོང་དུ་ཆུད་མེད་པའི་ལྐོག་རྔན་བླངས་པའི་ཉེས་བསགས་དོན་དངོས་མང་ཆེ་བར་རང་འགུལ་ངང་ངོས་ལེན་ཞུས་པ་དང་། རང་ཉེས་ངོས་ལེན་ཞུས་པ་དང་འགྱོད་བཤགས་བྱས་པ། བཙོག་དངུལ་ཕྱིར་སློག་ཧུར་ཐག་བྱས་པ། ལྐོག་རྔན་བླངས་པའི་རྒྱུ་ནོར་དང་དེ་བཞིན་དེའི་སྐྱེད་འཕེལ་མང་ཆེ་བ་ཞིབ་བཤེར་དང་བཀག་ཉར་བྱས་ཟིན་པ། མི་གཞན་གྱི་ཉེས་བསགས་ཐེར་འདོན་བྱས་ནས་བྱས་རྗེས་ཆེན་པོ་བཞག་ཡོད་པར་གཞིགས་པ་དང་། ཁྲིམས་བཀོད་དང་བབ་བསྟུན་གྱིས་ཉེས་ཆད་ཡང་ཏུ་གཏོང་ཆོག་པའི་གནས་ཚུལ་ཡོད་པར་གཞིགས་ཏེ། ཁྲིམས་ལྟར་ཁོ་པའི་ཉེས་ཆད་ཡང་དུ་གཏོང་ཆོག་པའི་ངོས་འཛིན་བྱས་འདུག དེས་ན། ཁྲིམས་ཁང་གིས་གོང་གསལ་གྱི་ཁྲིམས་ཐག་བཅད་ཡོད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།

འཛམ་གླིང་སྐར་ཁུངས།

▶པའེ་ཏེང་དང་ཐེ་རོན་ཕུ་གཉིས་སླར་ཡང་འགྲན་ལམ་དུ་ཞུགས།

ཐོག་མའི་འདེམས་བསྐོ་ནི་ཨ་རིའི་ཙུང་ཐུང་འདེམས་བསྐོའི་དུས་རིམ་དང་པོ་ཡིན་ཞིང་། ཟླ་6པའི་བར་རྒྱུན་མཐུད་རྒྱུ་རེད། ཐོག་མའི་འདེམས་བསྐོ་མཇུག་སྒྲིལ་རྗེས།

中央广播电视总台 央广网 版权所有

ལྐོག་རྔན་སྒོར་དུང་ཕྱུར་1.08ལེན་མཁན་དེར་འདྲི་གཅོད་བྱས་འདུག

ཁྲུང་ཆིན་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་དང་པོས་ཀུའེ་ཀྲོའུ་ཞིང་ཆེན་སྲིད་གྲོས་ཀྱི་དེ་སྔའི་ཏང་ཙུའུ་ཡི་ཧྲུའུ་ཅི་གཞོན་པ།