ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་སྤྱིའི་གསར་འགྱུར།

ཨུ་རུ་སུའི་འཇིགས་སྐུལ་འཇབ་རྒོལ་ནང་གྲོངས་པའི་མི་གྲངས་143ལ་འཕར་བ།

2024-03-28 10:59:00     责编:卓玛才让
མོ་སེ་ཁོའི་འཇིགས་སྐུལ་འཇབ་རྒོལ་དོན་རྐྱེན་ནང་རྐྱེན་ལམ་དུ་ཤོར་བའི་མི་གྲངས་143ལ་འཕར་ཡོད་པ་རེད། ཨུ་རུ་སུའི་འཕྲོད་བསྟེན་སྡེ་ཁག་ནས་བསྡོམས་རྩིས་བརྒྱབ་པར་གཞིགས་ན། ས་གནས་དེ་གའི་དུས་ཚོད་སྤྱི་ཚེས་27ཉིན་གྱི་དགོང་མོ་བར་སླེབས་སྐབས། མོ་སེ་ཁོའི་འཇིགས་སྐུལ་འཇབ་རྒོལ་དོན་རྐྱེན་ནང་རྐྱེན་ལམ་དུ་ཤོར་བའི་མི་གྲངས་143ལ་འཕར་ཡོད་པ་རེད།
གཞན་ཡང་ཐ་སེ་གསར་འགྱུར་ཁང་གིས་ཆག་སྒོའི་སྨན་བཅོས་ལྟེ་གནས་ཀྱི་གྲངས་གཞི་དྲངས་ནས་གནས་ཚུལ་སྤེལ་བའི་ནང་བཤད་པར། སྤྱི་ཚེས་27ཉིན་གྱི་ཞོགས་པའི་བར། རྨས་སྐྱོན་ཕོག་པའི་མི་གྲངས་360བར་མང་དུ་ཕྱིན་པ་དང་། མི་འགའ་ཤས་ཀྱི་རྨས་སྐྱོན་ཚབས་ཆེན་པོ་ཡོད་པ་རེད། མིག་སྔར་ཨུ་རུ་སུའི་མྱུལ་ཞིབ་ཨུ་ཡོན་ལྷན་ཁང་གིས་རྐྱེན་ལམ་དུ་ཤོར་བའི་མི་84ཡི་ཕུང་པོ་ངོས་ཐག་ཆོད་ཡོད་པ་དང་། དེ་དག་ཁྲོད་ལོ་9ནས་16བར་གྱི་ནར་མ་སོན་པའི་མི་5ཡི་ཕུང་པོ་ཚུད་ཡོད་པ་རེད། 

འཛམ་གླིང་སྐར་ཁུངས།

▶པའེ་ཏེང་དང་ཐེ་རོན་ཕུ་གཉིས་སླར་ཡང་འགྲན་ལམ་དུ་ཞུགས།

ཐོག་མའི་འདེམས་བསྐོ་ནི་ཨ་རིའི་ཙུང་ཐུང་འདེམས་བསྐོའི་དུས་རིམ་དང་པོ་ཡིན་ཞིང་། ཟླ་6པའི་བར་རྒྱུན་མཐུད་རྒྱུ་རེད། ཐོག་མའི་འདེམས་བསྐོ་མཇུག་སྒྲིལ་རྗེས།

中央广播电视总台 央广网 版权所有

ཨུ་རུ་སུའི་འཇིགས་སྐུལ་འཇབ་རྒོལ་ནང་གྲོངས་པའི་མི་གྲངས་143ལ་འཕར་བ།

མོ་སེ་ཁོའི་འཇིགས་སྐུལ་འཇབ་རྒོལ་དོན་རྐྱེན་ནང་རྐྱེན་ལམ་དུ་ཤོར་བའི་མི་གྲངས་143ལ་འཕར་ཡོད་པ་རེད།