ཆ་འཕྲིན་ཐེར་འདོན། mzjubao@cnr.cn

སྲིད་དོན་གསར་འགྱུར།

ཞི་ཅིན་ཕིང་གིས་ཧོ་ལན་གྱི་དབུ་བཞུཊ་བློན་ཆེན་དང་མཇལ་འཕྲད་གནང་བ།

2024-03-28 10:55:00     责编:卓玛才让
      ཟླ་3ཚེས་27ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོར་ཀྲུང་གོར་ལས་དོན་འཚམས་འདྲི་གནང་བར་ཕེབས་པའི་ཧོ་ལན་གྱི་དབུ་བཞུགས་བློན་ཆེན་ལུའི་ཐེ་དང་མཇལ་འཕྲད་གནང་ཡོད།

     ཞི་ཅིན་ཕིང་གིས། ཉེ་བའི་ལོ་ཤས་རིང་། ཀྲུང་གོ་དང་ཧོ་ལན་གྱི་འབྲེལ་བ་བརྟན་པོ་དང་སྐྱོན་བྲལ་མགྱོགས་མྱུར་བཅས་ཀྱི་ངང་གོང་འཕེལ་ཕྱིན་པ་དང་། རྒྱལ་ཁབ་གཉིས་པོའི་ཁྱབ་ཁོངས་ཁག་གི་མཉམ་ལས་རྒྱུན་མཐུད་ངང་གཏིང་ཟབ་ཏུ་ཕྱིན་ནས། ཧོ་ལན་འདི་ཉིད་མིང་དོན་མཚུངས་པའི་ཀྲུང་གོ་དང་ཡོ་རོབ་མཉམ་ལས་ཀྱི“སྒོ་མོར”གྱུར་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཧོ་ལན་ཕྱོགས་དབར་རིམ་པ་ཁག་གི་འགྲོ་འོང་རྒྱུན་འཁྱོངས་དང་། འབྲེལ་གཏུག་དང་གླེང་མོལ་མཐའ་འཁྱོངས། གཉིས་ཕན་མཉམ་རྒྱལ་མཐའ་འཁྱོངས་བཅས་བྱས་ཏེ། ཀྲུང་གོ་དང་ཧོ་ལན་གྱི་སྒོ་དབྱེ་དོན་གཉེར་གྱི་ཕྱོགས་ཡོངས་མཉམ་ལས་རོགས་ཟླའི་འབྲེལ་བ་རྒྱུན་ཆད་མེད་པར་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་འདོད་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཧོ་ལན་གྱི་སྤུས་ལེགས་ཚོང་ཟོག་ནང་འདྲེན་བྱེད་རྒྱ་ཆེ་རུ་གཏོང་འདོད་ཡོད་པ་དང་། ཧོ་ལན་གྱི་ཁེ་ལས་ཀྲུང་གོར་མ་འཇོག་བྱེད་པར་ཡོང་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན་ལ། ཧོ་ལན་ཕྱོགས་ཀྱིས་ཀྲུང་གོའི་ཁེ་ལས་ལ་དྲང་གཞག་དང་ཕྱི་གསལ་ནང་གསལ་གྱི་ཚོང་གཉེར་ཁོར་ཡུག་གཏོད་རྒྱུའི་རེ་བ་ཡང་བྱེད་ཀྱི་ཡོད། ཕྱོགས་གཉིས་པོས་ཞིང་ལས་དང་ཆུ་བེད། ནུས་རྒྱུ་སོགས་སྲོལ་རྒྱུན་གྱི་མཉམ་ལས་ལ་སྐུལ་འདེད་ཧུར་ཐག་གཏོང་བ་དང་ཆབས་ཅིག མི་ཐབས་རིག་ནུས་དང་། ལྗང་མདོག་བརྗེ་སྒྱུར། རྒན་རྒོན་དཔལ་འབྱོར་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ཀྱི་མི་མངོན་པའི་སྟོབས་ཤུགས་སྔོག་འདོན་བྱེད་དགོས། ཕྱོགས་གཉིས་པོས་མུ་མཐུད་མི་སྣ་འགྲོ་འོང་སྟབས་བདེ་རུ་གཏོང་བའི་བྱེད་ཐབས་དེ་བས་མང་བ་སྤྱད་ཐོག སློབ་གསོ་དང་རིག་གནས། དམངས་ཁྲོད་བཅས་ཀྱི་སྤེལ་རེས་ལ་སྐུལ་མ་གཏོང་རྒྱུའི་རེ་བ་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཧོ་ལན་ཕྱོགས་དང་ལྷན་དུ་མཉམ་འབྲེལ་རྒྱལ་ཚོགས་དང་འཛམ་གླིང་ཉོ་ཚོང་སྒྲིག་འཛུགས་སོགས་ཕྱོགས་མང་སྒྲིག་གཞིའི་ཁྲོད་འབྲེལ་གཏུག་མཐུན་སྦྱོར་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས། གནམ་གཤིས་འགྱུར་ལྡོག་དང་སྐྱེ་དངོས་སྣ་མང་རང་བཞིན་སོགས་གོ་ལ་ཧྲིལ་པོའི་འགྲན་སློང་ལ་ཐུན་མོང་ཐོག་ཁ་གཏད་གཅོག་འདོད་ཡོད་ཅེས་བསྟན་ཡོད།

     ཞི་ཅིན་ཕིང་གིས། དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་ལ་འགྱུར་རྒྱུ་དེར་དཀའ་ངལ་འཕྲད་སྲིད་མོད། འོན་ཀྱང་ལོ་རྒྱུས་ཀྱི་འཕེལ་ཕྱོགས་ཆེན་པོར་འགྱུར་ལྡོག་འགྲོ་མི་སྲིད་པས། “འབྲེལ་ཐག་གཅོད་པའི”བྱེད་སྟངས་ལ་མདུན་ལམ་མེད་དེ། སྒོ་དབྱེ་མཉམ་ལས་བྱ་རྒྱུ་ནི་གདམ་ག་ཉག་ཅིག་དེ་ཡིན། ཀྲུང་གོ་ཕྱོགས་ཀྱིས་ཐོག་མཐའ་བར་གསུམ་དུ་གཞན་ཕམ་རང་རྒྱལ་དང་ནག་པོ་མིན་ན་དཀར་པོ་ཡིན་པའི་རྒྱུ་གཉིས་ཁ་གཏད་དུ་ལངས་པའི་བསམ་གཞིགས་དེ་དུས་ལས་ཡོལ་ཟིན་ཞིང་། བདེ་འཇགས་ངོ་མ་ཡིན་པའི་འཛམ་གླིང་ནི་མཉམ་འདྲེས་ཟབ་མོ་དང་ཕན་ཚུན་གཅིག་ལ་གཅིག་བརྟེན་གྱི་འཛམ་གླིང་ཞིག་ཡིན་དགོས་པའི་ངོས་འཛིན་བྱེད་ཀྱི་ཡོད། མིས་རྐང་བཙུགས་ནས་ཚན་རྩལ་གྱི་བཀག་རྒྱ་བཟོ་བ་དང་། ཐོན་ལས་སྦྲེལ་ཐག་དང་མཁོ་སྤྲོད་སྦྲེལ་ཐག་བཅད་ཚེ། ཁ་ཕྲལ་དང་ཁ་གཏད་དུ་ལངས་སྲིད་པ་ལས་ཡོང་རྒྱུ་མེད། ཀྲུང་གོའི་མི་དམངས་ལའང་ཚུལ་མཐུན་གྱི་འཕེལ་རྒྱས་གཏོང་བའི་དབང་ཆ་ཡོད་པས། སྟོབས་ཤུགས་གང་རུང་ཞིག་གིས་ཀྱང་ཀྲུང་གོའི་ཚན་རྩལ་འཕེལ་རྒྱས་དང་ཡར་རྒྱས་ཀྱི་གོམ་སྟབས་བཀག་འགོག་བྱེད་ཐབས་མེད། ཀྲུང་གོས་ཐོག་མཐའ་བར་གསུམ་དུ་མཉམ་རྒྱལ་གྱི་འདུ་ཤེས་མཐའ་འཁྱོངས་ཀྱིས་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེ་མུ་མཐུད་རྒྱ་ཆེར་བཏང་ནས་ཕྱོགས་ཁག་དང་འཕེལ་རྒྱས་ཀྱི་ཁེ་སྤོགས་མཉམ་སྤྱོད་བྱ་རྒྱུ་ཡིན། ཀྲུང་གོས་ཡོ་རོབ་ལ་འཛིན་པའི་སྲིད་ཇུས་མུ་མཐུད་བརྟན་པོ་ཡོང་བ་བྱས་ནས། ཡོ་རོབ་དེ་སྣེ་མང་ཅན་གྱི་འཛམ་གླིང་ཁྲོད་ཀྱི་གལ་ཆེའི་སྣེ་ཞིག་དང་མཉམ་ལས་རོགས་ཟླ་ཞིག་ཏུ་བརྩི་གི་ཡོད། ཧོ་ལན་ཕྱོགས་ཀྱིས་མུ་མཐུད་དུ་ཀྲུང་གོ་དང་ཡོ་རོབ་གླིང་ཕན་ཚུན་རྒྱུས་ལོན་དང་དགེ་མཚན་ལྡན་པའི་འབྲེལ་བ་འཕེལ་རྒྱས་གཏོང་རྒྱུར་སྐུལ་འདེད་གཏོང་བའི་ཐད་ནུས་པ་འདོན་སྤེལ་ཧུར་ཐག་བྱ་རྒྱུའི་རེ་བ་ཡོད་ཅེས་ནན་སྟོན་གནང་ཡོད།

     ལུའི་ཐེ་ཡིས། 2013ལོར་ང་རང་དབུ་བཞུགས་བློན་ཆེན་ཡིན་པའི་ངོས་ནས་ཀྲུང་གོར་འཚམས་འདྲི་ཐེངས་དང་པོ་ཞུས་པ་ཡིན། ལྷག་པར་དུ་2014ལོར་ཀྲུའུ་ཞི་ཞི་ཅིན་ཕིང་དང་མཉམ་དུ་ཧོ་ལན་དང་ཀྲུང་གོའི་སྒོ་དབྱེ་དང་དངོས་གཉེར་གྱི་ཁྱོན་ཡོངས་མཉམ་ལས་རོགས་ཟླའི་འབྲེལ་བ་འཛུགས་རྒྱུའི་ཁྱབ་བསྒྲགས་བྱས་པ་ནས་བཟུང་། རྒྱལ་ཁབ་གཉིས་པོའི་འབྲེལ་བ་འཕེལ་རྒྱས་བཟང་པོ་རྒྱུན་འཁྱོངས་ཐུབ་ནས། ཚོང་དོན་དངུལ་འབོར་ལྡབ་འཕར་བྱུང་བ་དང་། ཕྱོགས་གཉིས་པོའི་མཉམ་ལས་ཐད་མི་མངོན་པའི་སྟོབས་ཤུགས་དང་མདུན་ལམ་ཧ་ཅང་ཆེན་པོ་མངོན་ཡོད། “འབྲེལ་ཐག་གཅོད་པ”ནི་ཧོ་ལན་སྲིད་གཞུང་གི་སྲིད་ཇུས་གདམ་ག་ཞིག་མིན། གང་ལགས་ཤེ་ན། ཀྲུང་གོའི་འཕེལ་རྒྱས་ཀྱི་ཁེ་ཕན་ལ་གནོད་པའི་བྱ་སྤྱོད་གང་རུང་ཞིག་གིས་ཀྱང་རང་ངོས་ལ་གནོད་སྲིད་པས་རེད། ཀྲུང་གོ་ཕྱོགས་ཀྱིས་ཀྲུང་གོར་འགྲོ་མཁན་ཧོ་ལན་གྱི་སྤྱི་དམངས་ལ་ཉིན་15ཡི་འཐུས་མཆན་འགོད་མི་དགོས་པའི་ཐོབ་ཐང་སྤྲད་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཧོ་ལན་ཕྱོགས་ཀྱིས་ཀྲུང་གོའི་དབར་གྱི་མཛའ་གྲོགས་འབྲེལ་བར་མཐོང་ཆེན་བྱེད་ཀྱི་ཡོད་ཅིང་། ཀྲུང་གོ་ཕྱོགས་དང་རོགས་ཟླའི་འབྲེལ་བ་མུ་མཐུད་ཟབ་ཏུ་གཏོང་བ་དང་མི་སྣ་འགྲོ་འོང་ལ་སྟབས་བདེ་སྐྲུན་པ། དཔལ་འབྱོར་ཉོ་ཚོང་དང་ཐཱན་འབུད་བཤངས་ཉུང་གཏོང་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་རྒྱག་པ། རྒྱལ་ཁབ་ཉི་ཤུ་ཚོགས་པ་སོགས་ཕྱོགས་མང་ཁོར་ཡུག་དང་དེ་བཞིན་རྒྱལ་སྤྱི་དང་ས་ཁུལ་གྱི་གླེང་མང་བའི་གནད་དོན་ཐད་འབྲེལ་གཏུག་དང་མཐུན་སྦྱོར་དམ་ཟབ་བྱེད་པ་བཅས་བྱེད་འདོད་ཡོད་ཅེས་བསྟན་ཡོད།

     ཝང་དབྱི་མཇལ་འཕྲད་ནང་ཞུགས་ཡོད་པ་རེད།

འཛམ་གླིང་སྐར་ཁུངས།

▶པའེ་ཏེང་དང་ཐེ་རོན་ཕུ་གཉིས་སླར་ཡང་འགྲན་ལམ་དུ་ཞུགས།

ཐོག་མའི་འདེམས་བསྐོ་ནི་ཨ་རིའི་ཙུང་ཐུང་འདེམས་བསྐོའི་དུས་རིམ་དང་པོ་ཡིན་ཞིང་། ཟླ་6པའི་བར་རྒྱུན་མཐུད་རྒྱུ་རེད། ཐོག་མའི་འདེམས་བསྐོ་མཇུག་སྒྲིལ་རྗེས།

中央广播电视总台 央广网 版权所有

ཞི་ཅིན་ཕིང་གིས་ཧོ་ལན་གྱི་དབུ་བཞུཊ་བློན་ཆེན་དང་མཇལ་འཕྲད་གནང་བ།