ཆ་འཕྲིན་ཐེར་འདོན། mzjubao@cnr.cn

སྲིད་དོན་གསར་འགྱུར།

ཞི་ཅིན་ཕིང་གིས་སི་རི་ལན་ཁའི་ཙུང་ལི་དང་མཇལ་འཕྲད་གནང་བ།

2024-03-28 10:54:00     责编:卓玛才让
      ཟླ་3ཚེས་27ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོར་ཀྲུང་གོར་དངོས་གཞིའི་འཚམས་འདྲི་གནང་བར་ཕེབས་པའི་སི་རི་ལན་ཁའི་ཙུང་ལི་ཀུའུ་ན་ཝ་ཏེ་ན་དང་མཇལ་འཕྲད་གནང་ཡོད།

     ཞི་ཅིན་ཕིང་གིས། ཀྲུང་གོ་དང་སི་རི་ལན་ཁའི་མཛའ་གྲོགས་ལ་ལོ་རྒྱུས་ཡུན་རིང་ལྡན་པ་དང་རྒྱལ་ཁབ་གཉིས་པོའི་མི་དམངས་དབར་མཛའ་བཤེས་ཟབ་མོ་ལྡན་ཡོད། ཀྲུང་གོ་དང་སི་རི་ལན་ཁའི་འབྲེལ་བ་སྲ་བརྟན་དང་འཕེལ་རྒྱས་ཡག་པོ་གཏོང་རྒྱུ་དེ་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་རྩ་བའི་ཁེ་ཕན་དང་ཐུན་མོང་གི་རེ་སྒུག་དང་མཐུན་ཡོད། ཀྲུང་གོ་ཕྱོགས་ཀྱིས་སི་རི་ལན་ཁ་ཕྱོགས་དང་མཉམ་དུ“རང་ཚུགས་དང་རང་སྟོབས་རང་སྤེལ། མཐུན་སྒྲིལ་རོགས་རེས”ཀྱི《སྨི་ཅའོ་གྲོས་ཆོད》ཀྱི་སྙིང་སྟོབས་མུ་མཐུད་དར་སྤེལ་བཏང་སྟེ། ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བརྟན་དུ་གཏོང་བ་དང་། རྒྱལ་སྐྱོང་སྲིད་འཛིན་གྱི་ཉམས་མྱོང་སྤེལ་རེས་ལ་ཤུགས་སྣོན་རྒྱག་པ། དངོས་གཉེར་མཉམ་ལས་བྱེད་རྒྱ་ཆེ་རུ་གཏོང་བ། སྤུས་ཚད་མཐོ་པོས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བཅས་བྱས་ནས། ཀྲུང་གོ་དང་སི་རི་ལན་ཁའི་ཟོལ་མེད་རོགས་རེས་དང་མི་རབས་ནས་མི་རབས་བར་མཛའ་གྲོགས་ལྡན་པའི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བ་ཟམ་མི་ཆད་པར་གཏིང་ཟབ་ཏུ་གཏོང་འདོད་ཡོད་ཅེས་བསྟན་གནང་ཡོད།

     ཞི་ཅིན་ཕིང་གིས། སི་རི་ལན་ཁས་རྒྱལ་ཁབ་ཀྱི་བདག་དབང་དང་རང་བཙན། མི་རིགས་ཀྱི་ལ་རྒྱ་བཅས་སྲུང་སྐྱོང་བྱེད་པ་དང་རང་རྒྱལ་ཁབ་ཀྱི་རྒྱལ་ཚུལ་དང་འཚམ་པའི་དེང་རབས་ཅན་གྱི་ལམ་བུ་འཚོལ་ཞིབ་བྱེད་པར་ཀྲུང་གོ་ཕྱོགས་ཀྱིས་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱེད་ཀྱི་ཡོད་ཅིང་། སི་རི་ལན་ཁའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ནུས་པས་ལྕོགས་ཚོད་ཀྱི་རོགས་རམ་མུ་མཐུད་བྱ་རྒྱུ་ཡིན། ཕྱོགས་གཉིས་པོས་ཐུན་མོང་ཐོག་འབད་བརྩོན་བྱས་ཏེ། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་ལ་སྐུལ་འདེད་གཏོང་བ་དང་ལྷག་པར་དུ་ཁོ་ལུན་པོའི་གྲུ་ཁའི་གྲོང་དང་ཧན་པན་ཐོ་ཐའི་ཕྱོགས་བསྡུས་གསར་སྤེལ་རྣམ་གྲངས་གཙོ་བོ་གཉིས་ཀྱི་ཟོག་འགྲེམས་དང་ནུས་རྒྱུ། ཐོན་ལས་མཉམ་ལས་བཅས་གཏིང་ཟབ་ཏུ་གཏོང་བ་དང་། གྲངས་འཛིན་དཔལ་འབྱོར་དང་། སྦགས་མེད་དཔལ་འབྱོར། དྭངས་གཙང་ནུས་རྒྱུ། རིག་གནས་ཡུལ་སྐོར། རྒྱ་མཚོའི་དཔལ་འབྱོར་སོགས་ཁྱབ་ཁོངས་ཀྱི་སྤེལ་རེས་མཉམ་ལས་ལ་ཤུགས་སྣོན་རྒྱག་དགོས། ཀྲུང་གོ་ཕྱོགས་ཀྱིས་སི་རི་ལན་ཁའི་ཁྱད་ལྡན་སྤུས་ལེགས་ཐོན་རྫས་ནང་འདྲེན་བྱེད་རྒྱ་མུ་མཐུད་ཆེ་རུ་གཏོང་འདོད་ཡོད་ལ། ཀྲུང་གོའི་ཁེ་ལས་སི་རི་ལན་ཁར་མ་འཇོག་ལས་གཏོད་བྱེད་པར་བསྐྱོད་རྒྱུར་ཡང་སྐུལ་ལྕག་བྱེད་ཀྱི་ཡོད་པས། སི་རི་ལན་ཁའི་ཕྱོགས་ཀྱིས་གཞུང་དྲང་དང་ཕྱི་གསལ་ནང་གསལ་གྱི་ཚོང་གཉེར་ཁོར་ཡུག་ཞིག་གཏོད་རྒྱུའི་རེ་བ་ཡོད། ཀྲུང་གོ་ཕྱོགས་ཀྱིས་སི་རི་ལན་ཁའི་དབར་གྲོང་གསེབ་ཀྱི་དབུལ་ཕོངས་ཉུང་གཏོང་གི་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས། སི་རི་ལན་ཁའི་དཔལ་འབྱོར་བརྗེ་སྒྱུར་རིམ་སྤོར་དང་རྒྱུན་མཐུད་གོང་འཕེལ་ལ་སྐུལ་འདེད་གཏོང་འདོད་ཡོད། ཕྱོགས་གཉིས་པོས་ཞི་བདེ་མཉམ་གནས་ཀྱི་རྩ་དོན་དོན་ཚན་ལྔ་དར་སྤེལ་སྔར་ལས་ལྷག་པ་བཏང་ཐོག རྒྱལ་སྤྱི་དང་ས་ཁུལ་གྱི་བྱ་དོན་ཁྲོད་རོགས་ལས་བྱ་རྒྱུར་ཤུགས་སྣོན་རྒྱག་པ་དང་། ཀྲུང་གོ་དང་སི་རི་ལན་ཁའི་ཐུན་མོང་གི་ཁེ་ཕན་དང་རྒྱལ་སྤྱིའི་གཞུང་དྲང་དྲང་བདེན་ལ་སྲུང་སྐྱོང་ཡག་པོ་བྱས་ཏེ། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་གཏོད་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཅེས་ནན་སྟོན་གནང་ཡོད།

     ཀུའུ་ན་ཝ་ཏེ་ན་ཡིས། སི་རི་ལན་ཁ་དང་ཀྲུང་གོ་རྒྱལ་ཁབ་གཉིས་པོའི་སྲོལ་རྒྱུན་མཛའ་གྲོགས་འབྲེལ་བ་ཟབ་པོ་ཡོད། སི་རི་ལན་ཁ་ཕྱོགས་ནས་ཀྲུང་གོ་གཅིག་གི་རྩ་དོན་ལ་ཐེ་ཚོམ་སྤུ་ཙམ་མེད་པར་བརྩི་སྲུང་ཞུ་བ་དང་། ཀྲུང་གོ་དང་མཛའ་གྲོགས་མཉམ་ལས་བྱེད་པའི་སྲིད་ཇུས་ཐེ་ཚོམ་སྤུ་ཙམ་མེད་པར་ལག་ལེན་བསྟར་གྱི་ཡོད་ཅིང་། ཀྲུང་གོ་འདི་ཉིད་ཐོག་མཐའ་བར་གསུམ་དུ་ཕྱི་ཕྱོགས་འབྲེལ་བའི་སྔོན་ལ་བསམ་བློ་གཏོང་བའི་གནས་བབ་ཐོག་འཇོག་བཞིན་ཡོད། སི་རི་ལན་ཁར་དཀའ་ངལ་འཕྲད་སྐབས་ཀྲུང་གོས་དུས་ཐོག་ཏུ་རོགས་སྐྱོར་བྱས་པར་སི་རི་ལན་ཁའི་ཕྱོགས་ནས་བརྗེད་མི་སྲིད། སི་རི་ལན་ཁ་དང་ཀྲུང་གོའི་དབར་ལས་དབང་གཅིག་མཐུན་དང་དཀའ་སྡུག་མཉམ་མྱོང་གི་འབྲེལ་བ་ལྡན་ཡོད། ཁོ་ལུན་པོའི་གྲུ་ཁའི་གྲོང་དང་ཧན་པན་ཐོ་ཐའི་ཕྱོགས་བསྡུས་གསར་སྤེལ་སོགས་རྣམ་གྲངས་ཀྱིས་སི་རི་ལན་ཁའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་མ་ཆེན་པོ་ཐེབས་པ་མ་ཟད། ས་ཁུལ་ཧྲིལ་པོའི་འཕེལ་རྒྱས་ལའང་སྐུལ་འདེད་ནུས་ལྡན་ཐེབས་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་གནང་བའི་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་གྲོས་འགོ་དང་གོ་ལ་ཧྲིལ་པོའི་བདེ་འཇགས་ཀྱི་གྲོས་འགོ གོ་ལ་ཧྲིལ་པོའི་ཤེས་དཔལ་གྱི་གྲོས་འགོ་བཅས་ཀྱིས་འཛམ་གླིང་གི་ཞི་བདེ་དང་འཕེལ་རྒྱས་ལ་སྒུལ་ཤུགས་གསར་པ་དང་དྲང་ནུས་བསྣན་ཡོད་པས། སི་རི་ལན་ཁ་ཕྱོགས་ཀྱིས་དེར་རྒྱབ་སྐྱོར་དང་དེའི་ནང་ཧུར་ཐག་ཞུགས་རྒྱུ་ཡིན། སི་རི་ལན་ཁ་ཕྱོགས་ནས་མུ་མཐུད་ཀྲུང་གོ་ཕྱོགས་དང་མཉམ་དུ་ཞི་བདེ་མཉམ་གནས་ཀྱི་རྩ་དོན་དོན་ཚན་ལྔ་དར་སྤེལ་བཏང་ཐོག སི་རི་ལན་ཁ་དང་ཀྲུང་གོའི་མཛའ་གྲོགས་འབྲེལ་བ་གཏིང་ཟབ་ཏུ་གཏོང་བ་དང་། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་ལ་སྐུལ་འདེད་གཏོང་བ། དཔལ་འབྱོར་ཉོ་ཚོང་དང་སློབ་གསོ། ཡུལ་སྐོར། དབུལ་པོ་ཉུང་གཏོང་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་རྒྱ་ཆེར་གཏོང་བ། རྒྱལ་སྤྱིའི་ཕྱོགས་མང་འབྲེལ་གཏུག་དང་རོགས་ལས་ཟབ་ཏུ་གཏོང་བ་བཅས་བྱས་ཏེ། ཨ་ཤེ་ཡའི་ལས་དབང་གཅིག་མཐུན་ཚོགས་པ་དང་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་གཏོད་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཅེས་བསྟན་གནང་ཡོད།

     ཝང་དབྱི་མཇལ་འཕྲད་ནང་ཞུགས་ཡོད།

འཛམ་གླིང་སྐར་ཁུངས།

▶པའེ་ཏེང་དང་ཐེ་རོན་ཕུ་གཉིས་སླར་ཡང་འགྲན་ལམ་དུ་ཞུགས།

ཐོག་མའི་འདེམས་བསྐོ་ནི་ཨ་རིའི་ཙུང་ཐུང་འདེམས་བསྐོའི་དུས་རིམ་དང་པོ་ཡིན་ཞིང་། ཟླ་6པའི་བར་རྒྱུན་མཐུད་རྒྱུ་རེད། ཐོག་མའི་འདེམས་བསྐོ་མཇུག་སྒྲིལ་རྗེས།

中央广播电视总台 央广网 版权所有

ཞི་ཅིན་ཕིང་གིས་སི་རི་ལན་ཁའི་ཙུང་ལི་དང་མཇལ་འཕྲད་གནང་བ།