ཆ་འཕྲིན་ཐེར་འདོན། mzjubao@cnr.cn

འོས་སྦྱོར་ལེ་ཚན།

▶ཤིན་ཅང་སོགས་སུ་མཐོང་དཀོན་པའི་སྣང་ཚུལ་འདི་འདྲ་བྱུང་འདུག

2023-11-15 17:13:00     责编:娜科

ཉེ་ཆར། ཤིན་ཅང་གི་ས་ཆ་མང་པོར་མཐོང་དཀོན་པའི་འོད་སྣེའི་སྣང་ཚུལ་བྱུང་བ་དང་། ཨ་ལེ་ཐའེ་ས་ཁུལ་དུ་འོད་སྣེ་དམར་པོས་མཁའ་དབྱིངས་ཡོངས་སུ་གསལ་བར་བྱས་ནས་མཛེས་ཤིང་ལྟ་ན་སྡུག་པ་ཞིག་བྱུང་ཡོད།  

 

 

སྤྱི་ཟླ་11ཚེས་5ཉིན་གྱི་མཚན་མོ་ནས་སྤྱི་ཚེས་6ཉིན་གྱི་ཐོ་རེངས་སུ། ཁབ་ལེན་གཏུམ་པོའི་སྣང་ཚུལ་བྱུང་བ་སྟེ། ཧེ་ལུང་ཅང་གི་ཏ་ཞིང་ཨན་ལིང་དང་། ཤིན་ཅང་གི་ས་ཆ་མང་པོར་འོད་མདངས་རབ་ཏུ་འཚེར་ཞིང་། དེའི་ཁྲོད་ཧེ་ལུང་ཅང་མོ་ཧོ་ཆུ་བོའི་འགྲམ་གྱི་འོད་སྣེའི་སྣང་ཚུལ་དེ་བརྙན་བླངས་ཡོད། ཁ་དོག་དམར་པོ་དང་ལྗང་ཁུའི་འོད་སྣེ་སྣོལ་མར་འཆར་ཞིང་མཛེས་ཤིང་ལྟ་ན་སྡུག་པའི་ཉམས་འགྱུར་སྣ་ཚོགས་སྐྱེ་བོའི་མཐོང་ཆོས་སུ་གྱུར་ཅིང་།  འདི་ནི་རང་རྒྱལ་གྱིས་མོ་ཧོའི་ཆུ་བོའི་འགྲམ་ནས་དམར་པོ་དང་ལྗང་ཁུའི་འོད་སྣེ་མཉམ་དུ་འཆར་བའི་ཡུལ་ལྗོངས་བརྙན་དུ་ལེན་ཐེངས་ཐོག་མ་དེ་ཡིན་པ་རེད།  

 

 

འོད་སྣེ་ལ་འོད་སྣེ་སྣང་ཚུལ་དང་འོད་སྣེ་འོད་གདུབ་ཀྱང་ཟེར། དེ་ནི་གླིང་སྣེའི་ས་ཁུལ་དུ་མཐོང་ཐུབ་པའི་རང་བྱུང་གི་འོད་ཀྱི་སྣང་ཚུལ་ཞིག་རེད། དེའི་ཆགས་ཚུལ་ནི་ཉི་མའི་རླུང་དང་སའི་གོ་ལའི་ཁབ་ལེན་ར་བའི་ཕན་ཚུན་བྱེད་ནུས་ལས་བྱུང་བ་ཞིག་རེད། ཉི་མའི་རླུང་ནང་གི་གློག་ལྡན་རིལ་རྡུལ་སའི་གོ་ལའི་ཁབ་ལེན་ར་བའི་ནང་དུ་ཞུགས་སྐབས། དེ་དག་རླུང་ཁམས་ཆེན་མོའི་བང་རིམ་ཁྲོད་ཀྱི་རླུང་གཟུགས་ཆ་རྡུལ་བར་ཕན་ཚུན་བྱེད་ནུས་ཐོན་ཏེ། འོད་ཐིག་ལ་སྐུལ་སྤེལ་བྱས་ཏེ་ཚོན་མདངས་རྣམ་པར་བཀྲ་བའི་འོད་སྣེ་རུ་གྲུབ་པ་རེད། འོད་སྣེ་ནི་སྤྱིར་བཏང་དུ་ཁབ་ལེན་སྣེའི་ཉེ་འགྲམ་གྱི་ཁབ་ལེན་ར་བའི་ཐིག་གི་སྟེང་དུ་འབྱུང་། ཆེས་རྒྱུན་མཐོང་གི་འོད་ནི་བྱང་སྣེའི་ཉེ་འགྲམ་དང་ལྷོ་སྣེའི་ཉེ་འགྲམ་དུ་ཡིན་པ་རེད།

 

 

འོད་སྣེ་ཡི་ཁ་དོག་ནི་གཙོ་བོ་རླུང་གཟུགས་ཆ་རྡུལ་གྱི་རིགས་དང་མཐོ་ཚད་ལ་རག་ལས་ཡོད། མཐོ་ཚད་ཅུང་དམའ་བའི་སྐབས་དབྱང་ཆ་རྡུལ་ལས་ལྗང་མདོག་གི་འོད་འབྱུང་སྲིད་པ་དང་། མཐོ་ཚད་ཅུང་མཐོ་བའི་སྐབས་སུ། ཏན་ཆ་རྡུལ་ལས་ཁ་དོག་དམར་པོ་དང་། སྨུག་པོ། སྔོན་པོ་བཅས་འབྱུང་སྲིད།

ས་ཁམས་གནས་སྟངས་གཞན་པའི་དམིགས་བསལ་རང་བཞིན་གྱི་དབང་གིས་ རྒྱུན་དུ་མཐོང་དཀོན་པའི་འོད་སྣེ་སྣང་ཚུལ་མཐོང་ཐུབ།

 

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།

ཞུ་དག བསྟན་དབང་། ཚེ་ཕུན།

ཡིག་སྒྱུར། སྙན་དབྱངས། 

འཛམ་གླིང་སྐར་ཁུངས།

▶དབྱི་སི་རལ་གྱིས་འདི་ལྟར་མ་བྱས་ན་དམག་མཚམས་འཇོག་རྒྱུ་མིན་ཞེས་་་

སྤྱི་ཚེས་1ཉིན། མཉམ་འབྲེལ་རྒྱལ་ཚོགས་བྱིས་པའི་ཐེབས་རྩ་ལྷན་ཚོགས་ཀྱིས་གསལ་བསྒྲགས་ཤིག་སྤེལ་ནས་ཀ་ཧྲ་ས་ཁུལ་གྱི་བྱིས་པ་དང་དེའི་ཁྱིམ་ཚང་སྐྱི་གཡའ་བའི་གནས་སུ་གྱར་ཡོད་ཅེས་བསྟན་པ་དང་།

中央广播电视总台 央广网 版权所有

▶ཤིན་ཅང་སོགས་སུ་མཐོང་དཀོན་པའི་སྣང་ཚུལ་འདི་འདྲ་བྱུང་འདུག

འོད་སྣེ་ཡི་ཁ་དོག་ནི་གཙོ་བོ་རླུང་གཟུགས་ཆ་རྡུལ་གྱི་རིགས་དང་མཐོ་ཚད་ལ་རག་ལས་ཡོད། མཐོ་ཚད་ཅུང་དམའ་བའི་སྐབས་དབྱང་ཆ་རྡུལ་ལས་ལྗང་མདོག་གི་འོད་འབྱུང་སྲིད་པ་དང་། མཐོ་ཚད་ཅུང་མཐོ་བའི་སྐབས་སུ། ཏན་ཆ་རྡུལ་ལས་ཁ་དོག་དམར་པོ་དང་། སྨུག་པོ། སྔོན་པོ་བཅས་འབྱུང་སྲིད།