ཆ་འཕྲིན་ཐེར་འདོན། mzjubao@cnr.cn

འོས་སྦྱོར་ལེ་ཚན།

གངས་རིན་པོ་ཆེའི་ལྗོངས་ཁུལ་དུ་དགུན་དུས་ལས་མཚམས་འཇོག་རྒྱུ།

2023-10-24 16:03:00     责编:娜科

གངས་རིན་པོ་ཆེ་དང་མ་ཕམ་གཡུ་མཚོའི་མཛེས་ལྗོངས་ཁུལ་དུ་དགུན་དུས་ལས་མཚམས་འཇོག་རྒྱུའི་སྤྱི་བསྒྲགས། 

 

 

གུས་ཤིང་བརྩེ་བའི་ཡུལ་སྐོར་བ། མངའ་རིས་ས་ཁུལ་གྱི་དམིགས་བསལ་ས་ཁམས་ཁོར་ཡུག་དང་གནམ་གཤིས་དབང་གིས་མངའ་རིས་མཛེས་ལྗོངས་ཁུལ་གཉེར་སྐྱོང་དོ་དམ་ཚད་ཡོད་ཀུང་སིས་གཉེར་སྐྱོང་དོ་དམ་བྱེད་པའི་གངས་རིན་པོ་ཆེ་དང་མ་ཕམ་གཡུ་མཚོའི་མཛེས་ལྗོངས་ཁུལ་དུ་ཡུལ་སྐོར་བ་ཉུང་བའི་དུས་ཚིགས་ལ་སླེབས་ཡོད། ཁྲོམ་རའི་འགྲུལ་རྒྱུན་དང་དགུན་དུས་ཀྱི་གནམ་གཤིས་གནས་ཚུལ་ལ་གཞིགས་ནས། ཀུང་སིས་གངས་རིན་པོ་ཆེའི་མཛེས་ལྗོངས་ཁུལ་དུ་ 2023ལོའི་ཟླ་10ཚེས་31ཉིན་ནས་བཟུང་དགུན་དུས་ཀྱི་ཡུལ་སྐོར་བ་ཉུང་བའི་དུས་ཚིགས་ཀྱི་ལས་རེས་ལྟ་སྲུང་དང་སྒོ་རྒྱག་ངལ་གསོའི་དུས་སྐབས་ཀྱི་གཉེར་སྐྱོང་བྱ་རྒྱུ་ཡིན་ཞིང་།༼གལ་སྲིད་ཐོལ་བྱུང་གི་གནམ་གཤིས་ངན་པ་བསྟན་ཚེ། གནམ་གཤིས་གནས་ཚུལ་ལ་གཞིགས་ནས་མཛེས་ལྗོངས་ཁུལ་སྔོན་ལ་སྒོ་རྒྱག་རྒྱུ༽མིག་སྔར། ཟླ་10ཚེས་31ཉིན་རྗེས་ཀྱི་མཛེས་ལྗོངས་ཁུལ་གྱི་སྒོ་འཛིན་པ་སེ་འཚོང་མཚམས་བཞག་ཟིན་པ་དང་། མཛེས་ལྗོངས་ཁུལ་ནང་གི་སྐྱེལ་འདྲེན་རླངས་འཁོར་ཡང་ལས་གཉེར་བྱེད་མཚམས་བཞག་ཟིན།

མཛེས་ལྗོངས་ཁུལ་སྒོ་རྒྱག་ངལ་གསོའི་རིང་། ཡུལ་སྐོར་བས་རྐང་ཐང་ངམ་ཡང་ན་རྣམ་པ་གཞན་དག་གང་རུང་གི་ཐོག་ནས་མཛེས་ལྗོངས་ཁུལ་དུ་གཏན་ནས་བསྐྱོད་མི་ཆོག རང་དགར་མཛེས་ལྗོངས་ཁུལ་དུ་བསྐྱོད་དེ་དཔལ་འབྱོར་དང་མི་ལུས་ལ་གྱོང་གུན་བཟོས་པ་མཐའ་དག་རང་རེའི་ཀུང་སིས་འགན་འཁྲི་གང་ཡང་འཁུར་རྒྱུ་མིན། དེ་དང་ཆབས་ཅིག མ་ཕམ་གཡུ་མཚོའི་མཛེས་ལྗོངས་ཁུལ་དང་ཧི་མ་ལ་ཡ·གངས་རིན་པོ་ཆེ་མགྲོན་ཁང་ཟླ་10ཚེས་15ཉིན་ནས་ཡུལ་སྐོར་བ་ཉུང་བའི་དུས་ཚིགས་ཀྱི་ལས་རེས་ལྟ་སྲུང་དུས་ལ་སླེབས་པས། སྒོ་རྒྱག་ངལ་གསོ་རྒྱག་རྒྱུ་ཡིན། ཧི་མ་ལ་ཡ·སྤུ་ཧྲེང་མགྲོན་ཁང་ད་དུང་མུ་མཐུད་གཉེར་སྐྱོང་བྱ་རྒྱུ་དང་། སྒོ་རྒྱག་ངལ་གསོའི་དུས་ཚོད་དེ་དོན་དངོས་གནས་ཚུལ་ལ་གཞིགས་ནས་ལོགས་སུ་བརྡ་ཐོ་གཏོང་རྒྱུ་ཡིན།

 

མཛེས་ལྗོངས་ཁུལ་གྱི་སྔོན་དཔག་ལས་གཉེར་སླར་གསོའི་དུས་ཚོད། 2024ལོའི་ཟླ་4ཚེས་20ཉིན།

 

མཛེས་ལྗོངས་ཁུལ་གྱི་བློ་འདྲིའི་ཁ་པར་ཨང་གྲངས། 4006666712

 

མངའ་རིས་མཛེས་ལྗོངས་ཁུལ་གཉེར་སྐྱོང་དོ་དམ་ཚད་ཡོད་ཀུང་སིས་2023ལོའི་ཟླ་10ཚེས་17ཉིན་སྤེལ།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། 

ཞུ་དག སྐལ་བཟང་བདེ་སྐྱིད།

སྒྲིག་སྒྱུར། བཀྲ་ཤིས་རྡོ་རྗེ།

འཛམ་གླིང་སྐར་ཁུངས།

​▶ཨུ་རུ་སུས་གཞི་ཁྱོན་ཆེ་བའི་ཉིང་རྡུལ་ཕར་རྒོལ་ནང་སྦྱོང་བྱས་འདུག

ཁེ་ལི་མུའུ་ལིན་ཕོ་བྲང་ཕྱོགས་ཀྱིས། ད་ཐེངས་ཀྱི་ནང་སྦྱོང་ནང་ཨུ་རུ་སུའི་དམག་དོན་བཀོད་འདོམས་སྒྲིག་གཞིའི་དམག་གྲབས་ཆུ་ཚད་དང་འབྲེལ་ཡོད་དཔུང་སྡེའི་དམག་འཐབ་མི་སྣའི་རྩལ་ནུས་ལ་ཞིབ་དཔྱད་བྱས་ཡོད་པ་དང་། འཐབ་ཇུས་ཀྱི་ཟིལ་ཤུགས་ནང་སྦྱོང་ཁྲོད་འཆར་གཞིའི་ལས་འགན་ཡོངས་སུ་གྲུབ་ཡོད་ཅེས་བསྟན་འདུག

中央广播电视总台 央广网 版权所有

གངས་རིན་པོ་ཆེའི་ལྗོངས་ཁུལ་དུ་དགུན་དུས་ལས་མཚམས་འཇོག་རྒྱུ།

གུས་ཤིང་བརྩེ་བའི་ཡུལ་སྐོར་བ། མངའ་རིས་ས་ཁུལ་གྱི་དམིགས་བསལ་ས་ཁམས་ཁོར་ཡུག་དང་གནམ་གཤིས་དབང་གིས་མངའ་རིས་མཛེས་ལྗོངས་ཁུལ་གཉེར་སྐྱོང་དོ་དམ་ཚད་ཡོད་ཀུང་སིས་གཉེར