ཆ་འཕྲིན་ཐེར་འདོན། mzjubao@cnr.cn

འཛམ་གླིང་སྐར་ཁུང་།

​▶དབྱི་རན་དང་དབྱི་སི་རལ་གདོང་ཐུག་གི་གནས་ཚུལ་གསར་ཤོས།

2024-04-17 16:19:00     责编:娜科

    དབྱི་སི་རལ་དམག་ཕྱོགས་ཀྱི་མགྲིན་ཚབ་པ་ཧ་ཅ་ལིས་ཚེས་16ཉིན། དབྱི་སི་རལ་གྱིས་རང་ཉིད་ནས་དུས་ཚོད་དང་ས་ཆ་བདམས་ནས། རང་ཉིད་ཀྱི་རྣམ་པའི་ཐོག་ནས་དབྱི་རན་ལ་འཁོན་ལན་སློག་རྒྱུ་ཡིན་ཞེས་བསྟན་ཡོད། དབྱི་སི་རལ་གྱི་ཕྱི་འབྲེལ་པུའུ་ཀྲང་ཁ་ཚེས་གོ་ལ་ཧྲིལ་པོའི་རྒྱལ་ཁབ་32ལ་འཕྲིན་ཡིག་སྤྲིངས་ནས། དབྱི་རན་གྱི་མེ་ཤུགས་འཕུར་མདེལ་འཆར་གཞིར་བཀག་སྡོམ་བྱེད་དགོས་པའི་རེ་འབོད་བྱས་ཡོད། དབྱི་སི་རལ་སྨྱན་སྦྱོར་གྱིས་གནས་ཚུལ་སྤེལ་བར་གཞིགས་ན། དབྱི་སི་རལ་སྲིད་གཞུང་གིས་ཚེས་16ཉིན་ནས་བསྟུད་མར་ཉིན་གསུམ་དམག་འཁྲུག་སྐབས་ཀྱི་ནང་བློན་ཁང་གི་གྲོས་ཚོགས་ཚོགས་ནས། དབྱི་རན་ལ་འཁོན་ལན་སློག་པའི་བྱ་སྤྱོད་སྤེལ་རྒྱུའི་ཐད་མཐའ་མའི་གཏན་འཁེལ་བྱ་བཟོ་ཡོད་པ་རེད།

 

དབྱི་རན་གྱི་ཙུང་ཐུང་ལའེ་ཞི།

 

དབྱི་རན་གྱི་ཙུང་ཐུང་ལའེ་ཞི་ཡིས་ཚེས་16ཉིན། དབྱི་རན་གྱི་ཁེ་ཕན་ལ་སྔར་བས་གནོད་འཚེ་བཟོ་བའི་བྱ་སྤྱོད་གང་རུང་ཞིག་ལ་དེ་བས་ཤུགས་དྲག་ཆེ་བ་དང་དེ་བས་གཞི་ཁྱོན་ཆེ་བའི་ལན་ཆ་བྱ་རྒྱུ་ཡིན་ཞེས་བསྟན་ཡོད། དབྱི་རན་ཕྱི་འབྲེལ་པུའི་པུའུ་ཀྲང་གཞོན་པ་པ་ཀེ་ལིས། དབྱི་སི་རལ་གྱིས་དབྱི་རན་ལ་བྱ་སྤྱོད་གསར་པ་གང་ཡང་སྤེལ་མི་རུང་། དེ་མིན་ཚེ་དབྱི་རན་གྱིས་དེ་བས་ཤུགས་ཚད་ཆེ་བ་དང་དེ་བས་མགྱོགས་མྱུར་གྱི་ལན་ཆ་བྱ་རྒྱུ་ཡིན་ཞེས་ཐ་ཚིག་བསྒྲགས་ཡོད། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་ཀུ་ཐེ་ལེ་སིས་འབྲེལ་ཡོད་ཕྱོགས་ཁག་ནས་བཟོད་སྒོམ་རྒྱུན་འཁྱོངས་བྱེད་དགོས་པའི་རེ་འབོད་གནང་ཡོད། 


 

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།

ཞུ་དག སྐལ་བཟང་བདེ་སྐྱིད། 

ཡིག་སྒྱུར། དབང་འདུས། 

འཛམ་གླིང་སྐར་ཁུངས།

▶པའེ་ཏེང་དང་ཐེ་རོན་ཕུ་གཉིས་སླར་ཡང་འགྲན་ལམ་དུ་ཞུགས།

ཐོག་མའི་འདེམས་བསྐོ་ནི་ཨ་རིའི་ཙུང་ཐུང་འདེམས་བསྐོའི་དུས་རིམ་དང་པོ་ཡིན་ཞིང་། ཟླ་6པའི་བར་རྒྱུན་མཐུད་རྒྱུ་རེད། ཐོག་མའི་འདེམས་བསྐོ་མཇུག་སྒྲིལ་རྗེས།

中央广播电视总台 央广网 版权所有

​▶དབྱི་རན་དང་དབྱི་སི་རལ་གདོང་ཐུག་གི་གནས་ཚུལ་གསར་ཤོས།