ཆ་འཕྲིན་ཐེར་འདོན། mzjubao@cnr.cn

འཛམ་གླིང་སྐར་ཁུང་།

རྒྱལ་སྤྱིའི་མནའ་འབྲེལ་འདི་ནས་ཕྱིར་འཐེན་བྱ་དགོས་ཟེར།

2024-01-15 16:43:00     责编:娜科

   ས་གནས་དེ་གའི་དུས་ཚོད་ཟླ་1ཚེས་10ཉིན། དབྱི་རག་གི་ཙུང་ལི་སུའུ་ཏ་ཉི་ཡིས་སྨྱན་སྦྱོར་གྱི་བཅར་འདྲི་དང་ལེན་བྱེད་སྐབས། དབྱི་རག་གིས་གྲོས་མོལ་བྱས་པ་བརྒྱུད། ཨ་རིས་གཙོ་ཁྲིད་བྱས་པའི་རྒྱལ་སྤྱིའི་མནའ་འབྲེལ་དེ་མགྱོགས་མྱུར་དང་གོ་རིམ་ལྡན་པའི་སྒོ་ནས་དབྱི་རག་ནས་ཕྱིར་འཐེན་བྱ་རྒྱུའི་རེ་བ་བྱེད་ཀྱི་ཡོད་ཅེས་བཤད་མོད། འོན་ཀྱང་སུའུ་ཏ་ཉི་ཡིས་རྒྱལ་སྤྱིའི་མནའ་འབྲེལ་ཕྱིར་འཐེན་བྱ་རྒྱུའི་མཐའ་མའི་དུས་བཀག་ངེས་གཏན་འཁེལ་མེད། 

   སུའུ་ཏ་ཉི་ཡིས་བསྟན་དོན། རྒྱལ་སྤྱིའི་མནའ་འབྲེལ་ཕྱིར་འཐེན་བྱ་རྒྱུའི་ཐད་དུས་ཚོད་ཀྱི་སྒྲོམ་གཞི་ཞིག་བཟོས་ནས། དབྱི་རག་གི་ས་ཁོངས་ནང་རྒྱལ་སྤྱིའི་མནའ་འབྲེལ་བཅའ་སྡོད་དཔུང་སྡེའི་རྟེན་གཞིར་དམིགས་པའི་འཇབ་རྒོལ་ཇེ་ཆེ་མི་ཕོག་པར་བྱེད་དགོས། སུའུ་ཏ་ཉི་ཡིས་ཕ་ལེ་སི་ཐན་དང་དབྱི་སི་རལ་བར་གྱི་གདོང་གཏུག་མཇུག་འགྲིལ་ན། ད་གཟོད་ས་ཁུལ་གྱི་གནས་བབ་མུ་མཐུད་རིམ་སྤོར་བྱ་རྒྱུར་བཀག་འགོག་བྱེད་ཐུབ་ཅེས་ནན་བཤད་བྱས།

འཛམ་གླིང་སྐར་ཁུངས།

ཨ་རིས་ཤིན་ཅང་གི་ཐད་གང་བྱུང་སྐྱོན་འཛུགས་བྱེད་པའི་ཐད།

ཨ་རིའི་རྒྱལ་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཧ་ཅང་མང་པོ་ཡོད་པ་དང་། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཟིན་ཐོ་ལའང་ཉེས་སྤྱོད་གྲངས་མེད་བཟོས་ཡོད།

中央广播电视总台 央广网 版权所有

རྒྱལ་སྤྱིའི་མནའ་འབྲེལ་འདི་ནས་ཕྱིར་འཐེན་བྱ་དགོས་ཟེར།

སུའུ་ཏ་ཉི་ཡིས་བསྟན་དོན། རྒྱལ་སྤྱིའི་མནའ་འབྲེལ་ཕྱིར་འཐེན་བྱ་རྒྱུའི་ཐད་དུས་ཚོད་ཀྱི་སྒྲོམ་གཞི་ཞིག་བཟོས་ནས། དབྱི་རག་གི་ས་ཁོངས་ནང་རྒྱལ་སྤྱིའི་མནའ་འབྲེལ་བཅའ་སྡོད་དཔུང་སྡེའི་