ཆ་འཕྲིན་ཐེར་འདོན། mzjubao@cnr.cn

འཛམ་གླིང་སྐར་ཁུང་།

ཨ་རིས་ཤིན་ཅང་གི་ཐད་གང་བྱུང་སྐྱོན་འཛུགས་བྱེད་པའི་ཐད།

2023-12-14 17:12:00     责编:娜科

 

   “ཕྱི་འབྲེལ་པུའུ་མགྲིན་ཚབ་པའི་གཞུང་དོན་ཁང”གིས་གནས་འཕྲིན་སྤེལ་བར་གཞིགས་ན། ཟླ་12ཚེས་11ཉིན། ཕྱི་འབྲེལ་པུའི་གསར་འགོད་པའི་རྒྱུན་ལྡན་ཚོགས་འདུའི་ཐོག《ཀྲུང་གོ་ཉིན་རེའི་ཚགས་པར》གྱི་གསར་འགོད་པས་དྲི་བ་བཏོན་དོན། ཟླ་12ཚེས་8ཉིན། ཨ་རིའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཤིན་ཅང་དང་འབྲེལ་བའི་ལོ་འཁོར་གྱི་འགྲོ་བ་མིའི་ཐོབ་ཐང་གི་སྙན་ཞུ་ཁྱབ་བསྒྲགས་བྱས་ནས། ཀྲུང་གོ་ཕྱོགས་ཀྱིས་ཤིན་ཅང་ས་ཁུལ་དུ་ཡུ་གུར་རིགས་སོགས་གྲངས་ཉུང་མི་རིགས་ཀྱི་ཚོགས་སྤྱིར་རིགས་རྒྱུད་རྩ་མེད་གཏོང་བ་དང་འགྲོ་བ་མིའི་རིགས་ལ་འཚེ་བའི་ནག་ཉེས་རྒྱུན་མཐུད་ངང་བཟོས་པས། ཀྲུང་གོའི་དཔོན་རིགས་གཉིས་ལ་བཀག་སྡོམ་བྱས། ཉིན་དེར་ཨ་རིའི་ནོར་སྲིད་པུའུ་ཡིས་མི་དེ་གཉིས་ཀ“དམིགས་བསལ་གྱི་དམིགས་འཛུགས་རྒྱལ་དམངས”ཀྱི་མིང་ཐོར་བཀོད་ཡོད། ཨ་རིའི་རྒྱལ་སྲུང་བདེ་འཇགས་པུའུ་ཡིས་ཨ་རིའི་རྒྱལ་ནང་གི་བཅའ་ཁྲིམས་གཞིར་བཟུང་། ཀྲུང་གོའི་ཁེ་ལས་གསུམ་ལ“ཡུ་གུར་རིགས་ལ་བཙན་ཤེད་ཀྱིས་ངལ་རྩོལ་བྱེད་དུ་འཇུག་རྒྱུ་སྔོན་འགོག་བྱེད་པའི་སྐོར་གྱི་བཅའ་ཁྲིམས”ཀྱི་དངོས་གཞིའི་གསལ་ཐོའི་ནང་འགོད་རྒྱུའི་ཁྱབ་བསྒྲགས་བྱས་པ་རེད། ཀྲུང་གོ་ཕྱོགས་ཀྱིས་དེའི་ཐད་དཔྱད་གཏམ་གང་ཞིག་སྤེལ་རྩིས་ཡོད་དམ།

   མའོ་ཉིང་གིས་བསྟན་དོན། ཨ་རི་ཕྱོགས་ཀྱིས་ཤིན་ཅང་དང་འབྲེལ་བའི་གནས་ཚུལ་རྫུན་མ་བསྐྱར་དུ་བཟོས་ཤིང་ཤིན་ཅང་གི་འགྲོ་བ་མིའི་ཐོབ་ཐང་ཟེར་བ་དེ་ཁ་གཡར་ནས་ཀྲུང་གོ་ཕྱོགས་ཀྱི་ཁེ་ལས་དང་དཔོན་རིགས་ལ་ཁྲིམས་འགལ་ངང་བཀག་སྡོམ་བྱས་པས། ཀྲུང་གོ་ཕྱོགས་ཀྱི་འབྲེལ་ཡོད་ཁེ་ལས་དང་མི་སྒེར་གྱི་ཁེ་དབང་ལ་གནོད་འཚེ་ཚབས་ཆེན་བཟོས་པ་དང་། ཀྲུང་གོའི་ནང་སྲིད་ལ་ཐེ་ཇུས་ཚབས་ཆེན་བྱས་ཤིང་། རྒྱལ་སྤྱིའི་འབྲེལ་བའི་གཞི་རྩའི་ཚད་གཞི་ལས་ཚབས་ཆེན་འགལ་ཡོད་པས། ཀྲུང་གོ་ཕྱོགས་ཀྱིས་ངོ་རྒོལ་མཐའ་གཅིག་ཏུ་བྱ་རྒྱུ་དང་རྒོལ་གཏམ་དྲག་པོ་གཏོང་རྒྱུ་ཡིན། 

   ཤིན་ཅང་གི་འཕེལ་རྒྱས་གྲུབ་འབྲས་ཚང་མས་མཐོང་ཐུབ་པ་དང་། ཀྲུང་གོའི་ཤིན་ཅང་སྐྱོང་བའི་སྲིད་ཇུས་མི་སེམས་གཏིང་ལ་འཇགས་ཡོད། ཨ་རི་ཕྱོགས་ལ་ཤིན་ཅང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་ཚུལ་ལ་གང་བྱུང་སྐྱོན་འཛུགས་བྱེད་པའི་དབང་ཆ་མེད་ལ་ཐོབ་ཐང་ཡང་མེད། ཤིན་ཅང་གི“རིགས་རྒྱུད་རྩ་མེད་དུ་བཏང་བ”དང“བཙན་ཤེད་ངལ་རྩོལ”ཞེས་པ་ནི་ཨ་རི་ཕྱོགས་ཀྱིས་ཀྲུང་གོར་འགོག་གནོན་བྱེད་ཆེད་བཟོས་པའི་དུས་རབས་ཀྱི་རྫུན་གཏམ་ཡིན་པ་སྔོན་མ་ནས་དོན་དངོས་ཀྱིས་མཐིལ་བརྟོལ་བ་རེད། ཨ་རི་ཕྱོགས་ཀྱིས་རྒྱལ་ནང་གི་བཅའ་ཁྲིམས་ལ་གཞིགས་ནས། ཀྲུང་གོའི་དངོས་ཚན་དང་མི་སྣ་བཀག་སྡོམ་གྱི་གསལ་ཐོའི་ནང་བཅུག་ནས་ཤིན་ཅང་གི་དར་རྒྱས་བརྟན་ལྷིང་ལ་གཏོར་བཤིག་གཏོང་བ་དང་། ཀྲུང་གོའི་འཕེལ་རྒྱས་ལ་གནོན་ཤུགས་བཟོ་རྒྱུའི་རེ་ངན་འཆང་ཡོད་ལ།“ཤིན་ཅང་ལ་བརྟེན་ནས་ཀྲུང་གོར་ཚོད་འཛིན་བྱེད་པའི” བསམ་ངན་དམར་རྗེན་དུ་མངོན་ཡོད།

   ཨ་རིའི་རྒྱལ་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཧ་ཅང་མང་པོ་ཡོད་པ་དང་། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཟིན་ཐོ་ལའང་ཉེས་སྤྱོད་གྲངས་མེད་བཟོས་ཡོད། གལ་ཏེ། ཨ་རིས་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ལ་དངོས་སུ་དོ་ཁུར་བྱས་ན། རང་ཉིད་རྒྱལ་ནང་དུ་རིགས་རྒྱུད་མཐོང་ཆུང་དང་། མེ་མདའ་དྲག་ཤུགས། དུག་རྫས་ཁྱབ་པ་སོགས་ཀྱི་གནད་དོན་ཐག་གཅོད་ཏན་ཏིག་བྱེད་དགོས་པ་ལས། ཀཱ་ཟའི་མི་ཆོས་ཀྱི་གནོད་འཚེ་ཚབས་ཆེར་འགྲོ་བའི་གནས་ཚུལ་འོག བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་མི་ཆོས་དམག་མཚམས་འཇོག་རྒྱུའི་འབོད་སྐུལ་བྱེད་པའི་གྲོས་ཆོད་ལ་རང་གཅིག་པུས་བཀག་འགོག་བྱ་མི་འོས།   

 ཨ་རི་ཕྱོགས་ཀྱིས་ཀྲུང་གོར་སྐྱོན་འཛུགས་བྱེད་མཚམས་བཞག་ནས། ཀྲུང་གོ་ཕྱོགས་ཀྱི་མི་སྣ་དང་ཁེ་ལས་ལ་ཁྲིམས་འགལ་ངང་ཕྱོགས་རྐྱང་པའི་བཀག་སྡོམ་མེད་པར་བཟོ་བ་དང་། “ཡུ་གུར་རིགས་ལ་བཙན་ཤེད་ཀྱིས་ངལ་རྩོལ་བྱེད་དུ་འཇུག་རྒྱུ་སྔོན་འགོག་བྱེད་པའི་སྐོར་གྱི་བཅའ་ཁྲིམས” སོགས་ནོར་འཁྲུལ་གྱི་ཁྲིམས་དོན་གྲོས་གཞི་ལག་བསྟར་བྱེད་མཚམས་འཇོག་དགོས། ཀྲུང་གོ་ཕྱོགས་ཀྱིས་མཐའ་གཅིག་ཏུ་འགོག་རྒོལ་བྱ་ཐབས་སྤྱད་ནས། ཀྲུང་གོའི་སྤྱི་དམངས་དང་ཁེ་ལས་ཀྱི་ལུགས་མཐུན་ཁྲིམས་མཐུན་གྱི་ཁེ་དབང་སྲུང་སྐྱོང་བྱ་རྒྱུ་ཡིན། 

འཛམ་གླིང་སྐར་ཁུངས།

ཀྲུང་གོའི་བོད་ཀྱི་རིག་གནས་སྤེལ་རེས་ཚོགས་པས་རྒྱལ་ཁབ་འདིར་འཚམས་འདྲི་བྱེད་སྒོ་སྤེལ།

བོད་རང་སྐྱོང་ལྗོངས་སྤྱི་ཚོགས་ཚན་རིག་ཁང་གི་ཞིབ་འཇུག་པ་པད་མ་མཚོས་ཧོ་ལན་ཕྱོགས་ལ་བོད་ལྗོངས་ཀྱིས་སྤྱི་ཚོགས་འགན་སྲུང་མ་ལག་འཛུགས་སྐྱོང

中央广播电视总台 央广网 版权所有

ཨ་རིས་ཤིན་ཅང་གི་ཐད་གང་བྱུང་སྐྱོན་འཛུགས་བྱེད་པའི་ཐད།

ཨ་རིའི་རྒྱལ་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཧ་ཅང་མང་པོ་ཡོད་པ་དང་། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཟིན་ཐོ་ལའང་ཉེས་སྤྱོད་གྲངས་མེད་བཟོས་ཡོད།