ཆ་འཕྲིན་ཐེར་འདོན། mzjubao@cnr.cn

འཛམ་གླིང་སྐར་ཁུང་།

ཀྲུང་གོའི་བོད་ཀྱི་རིག་གནས་སྤེལ་རེས་ཚོགས་པས་རྒྱལ་ཁབ་འདིར་འཚམས་འདྲི་བྱེད་སྒོ་སྤེལ།

2023-12-14 17:10:00     责编:娜科

   ཉིན་ཤས་གོང་། ཀྲུང་གོའི་བོད་ཀྱི་རིག་གནས་སྤེལ་རེས་ཚོགས་པས་ཧོ་ལན་དུ་སྤེལ་རེས་དང་འཚམས་འདྲི་བྱེད་སྒོ་སྤེལ་ནས། ཧོ་ལན་དང་ཀྲུང་གོའི་མཛའ་འབྲེལ་མཐུན་ཚོགས་དང་། ཧོ་ལན་གྱི་སྨྱན་སྦྱོར། མཁས་དབང་། ས་གནས་དེ་གའི་ཕྱིར་སྡོད་རང་མི་དང་ཕྱི་ཁོངས་ཀྲུང་གོ་བ་བཅས་དང་བོད་ཀྱི་དམངས་འཚོ་དང་། རིག་གནས། ལོ་རྒྱུས། སློབ་གསོ། གསོ་རིག་སོགས་ཀྱི་གནད་དོན་ཐད་སྤེལ་རེས་རྒྱ་ཁྱབ་བྱས་པ་རེད།

   འཚམས་འདྲི་བྱས་རིང་། སྤེལ་རེས་ཚོགས་པ་དང་བཅས་པས་ཧོ་ལན་ཕྱོགས་ལ་བོད་ལྗོངས་འཕེལ་རྒྱས་ཀྱི་གནས་ཚུལ་གསར་ཤོས་དང་། དེ་བཞིན་སྤྱི་ཚོགས་འགན་སྲུང་དང་། བོད་ལུགས་གསོ་རིག་དང་བོད་སྨན་རྒྱུན་འཛིན། བོད་རིག་པའི་ཞིབ་འཇུག་སོགས་ཁྱབ་ཁོངས་ཐད་ཐོབ་པའི་གྲུབ་འབྲས་ངོ་སྤྲོད་བྱས་པ་དང་འབྲེལ་ཧོ་ལན་ཕྱོགས་ཀྱི་སྤེལ་རེས་མི་སྣས་བཏོན་པའི་དྲི་བར་ལན་ཡང་བཏབ་སྟེ། ཧོ་ལན་ཕྱོགས་ཀྱིས་ཀྲུང་གོའི་བོད་ལྗོངས་ལ་ཤེས་རྟོགས་བྱེད་ཚད་ཆེ་རུ་བཏང་ཡོད།

   སྤེལ་རེས་ཚོགས་པའི་ཚོགས་གཙོ་བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་དྲིལ་བསྒྲགས་པུའི་པུའུ་ཀྲང་ཝང་ཧའེ་ཀྲོའུ་ཡིས། ཧོ་ལན་གྱི་སྨྱན་སྦྱོར་དང་བཞུགས་མོལ་གནང་སྐབས། ཉེ་བའི་ལོ་ཤས་རིང་བོད་ལྗོངས་ཀྱི་སྤྱི་ཚོགས་དང་། དཔལ་འབྱོར། རིག་གནས་སོགས་ཁྱབ་ཁོངས་ཁག་ལ་ཡར་རྒྱས་ཆེན་པོ་བྱུང་བ་ངོ་སྤྲོད་བྱས་པ་མ་ཟད། ཧོ་ལན་གྱི་སྨྱན་སྦྱོར་གྱིས་དོན་དངོས་དང་མཐུན་ལ་དྲང་གཞག་ངང་གནས་འཕྲིན་སྤེལ་གཏོང་བྱས་ཏེ། ཡོ་རོབ་སྤྱི་ཚོགས་ལས་རིགས་ཁག་གིས་ཀྲུང་གོའི་བོད་ལྗོངས་ཀྱི་ཁྱོན་ཡོངས་དང་དོན་དངོས་ཀྱི་གནས་ཚུལ་རྒྱུས་ལོན་བྱེད་དུ་འཇུག་རྒྱུའི་དགའ་བསུ་ཞུ་རྒྱུ་ཡིན། 

   བོད་རང་སྐྱོང་ལྗོངས་སྤྱི་ཚོགས་ཚན་རིག་ཁང་གི་ཞིབ་འཇུག་པ་པད་མ་མཚོས་ཧོ་ལན་ཕྱོགས་ལ་བོད་ལྗོངས་ཀྱིས་སྤྱི་ཚོགས་འགན་སྲུང་མ་ལག་འཛུགས་སྐྱོང་ཐད་ཐོབ་པའི་གྲུབ་འབྲས་མངོན་གསལ་དོད་པོ་ངོ་སྤྲོད་བྱས། བོད་རང་སྐྱོང་ལྗོངས་སྨན་རྩིས་ཁང་གི་ཡོན་ཀྲང་གཞོན་པ་པད་མ་ཡིས་བོད་ལུགས་གསོ་རིག་དང་བོད་སྨན་རྒྱུན་འཛིན་དང་འཕེལ་རྒྱས་འགྲོ་ཚུལ་ངོ་སྤྲོད་བྱས་པ་རེད། 

འཛམ་གླིང་སྐར་ཁུངས།

ཕྱི་འབྲེལ་པུས་འདིའི་ཐད་ལ་དགག་པ་བརྒྱབ་འདུག

ཝང་ཝུན་པིན་གྱིས། ཀྲུང་གོས་ཞི་བའི་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་བསྐྱོད་རྒྱུ་རྒྱུན་འཁྱོངས་དང་། འགོག་སྲུང་རང་བཞིན་གྱི་རྒྱལ་སྲུང་སྲིད་ཇུས་ལག་བསྟར་བྱེད་པ་དང་།

中央广播电视总台 央广网 版权所有

ཀྲུང་གོའི་བོད་ཀྱི་རིག་གནས་སྤེལ་རེས་ཚོགས་པས་རྒྱལ་ཁབ་འདིར་འཚམས་འདྲི་བྱེད་སྒོ་སྤེལ།

བོད་རང་སྐྱོང་ལྗོངས་སྤྱི་ཚོགས་ཚན་རིག་ཁང་གི་ཞིབ་འཇུག་པ་པད་མ་མཚོས་ཧོ་ལན་ཕྱོགས་ལ་བོད་ལྗོངས་ཀྱིས་སྤྱི་ཚོགས་འགན་སྲུང་མ་ལག་འཛུགས་སྐྱོང