ཆ་འཕྲིན་ཐེར་འདོན། mzjubao@cnr.cn

འཛམ་གླིང་སྐར་ཁུང་།

ཕྱི་འབྲེལ་པུས་འདིའི་ཐད་ལ་དགག་པ་བརྒྱབ་འདུག

2023-12-14 17:08:00     责编:娜科

   ཟླ་12ཚེས་7ཉིན་ཕྱི་འབྲེལ་པུའི་མགྲིན་ཚབ་པ་ཝང་ཝུན་པིན་གྱིས་རྒྱུན་ལྡན་གྱི་གསར་འགོད་པའི་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།

   གསར་འགོད་པའི་ཚོགས་འདུའི་ཐོག གསར་འགོད་པ་ཞིག་གིས། ཉེ་དུས་ལྗར་པན་འགོག་སྲུང་ཞིབ་འཇུག་སུའོ་ཡིས《2024ལོའི་ཀྲུང་གོའི་བདེ་འཇགས་འཐབ་ཇུས་སྙན་ཞུ》ཁྱབ་བསྒྲགས་བྱས་པ་དང་། སྙན་ཞུའི་ནང་ཀྲུང་གོས་ཉིང་རྡུལ་སྟོབས་ཤུགས་ཚུད་པའི་དམག་ཤུགས་ཆེ་རུ་བཏང་ནས། ཨུ་རུ་སུ་དང་འཐབ་ཇུས་རོགས་ལས་གཏིང་ཟབ་ཏུ་བཏང་བས་འབྱུང་འགྱུར་ཀྲུང་ཨུ་དང་ཨ་རིའི་བར་གྱི་འགལ་ཟླ་ཆེ་རུ་འགྲོ་རྒྱུ་རེད་ཅེས་འཁོད་ཡོད། སྙན་ཞུའི་ནང་ཐའེ་ཝན་མཚོ་འགག་ས་ཁུལ་དུ་ཀྲུང་གོས་སྟོབས་ཤུགས་དངོས་ལ་བརྟེན་ནས་ད་ལྟའི་གནས་ཚུལ་བསྒྱུར་བར་བཀག་འགོག་བྱེད་ཆེད། ལྗར་པན་གྱིས་འགོག་སྲུང་སྟོབས་ཤུགས་ཆེ་རུ་གཏོང་དགོས་པའི་ངོས་འཛིན་བྱས་ཡོད། ཀྲུང་གོ་ཕྱོགས་ཀྱིས་དེའི་ཐད་དཔྱད་གཏམ་གང་ཞིག་སྤེལ་རྩིས་ཡོད་དམ་ཞེས་དྲིས། 

   ཝང་ཝུན་པིན་གྱིས། ཀྲུང་གོས་ཞི་བའི་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་བསྐྱོད་རྒྱུ་རྒྱུན་འཁྱོངས་དང་། འགོག་སྲུང་རང་བཞིན་གྱི་རྒྱལ་སྲུང་སྲིད་ཇུས་ལག་བསྟར་བྱེད་པ་དང་། ཀྲུང་གོའི་འཕེལ་རྒྱས་ནི་འཛམ་གླིང་ཞི་བདེའི་སྟོབས་ཤུགས་ཆེ་རུ་ཕྱིན་པ་ཞིག་རེད། ཐའེ་ཝན་ནི་ཀྲུང་གོའི་ཆ་ཤས་ཤིག་ཡིན་པ་དང་། ཐའེ་ཝན་གྱི་གནད་དོན་ནི་ཀྲུང་གོའི་ནང་སྲིད་ཡིན་པས། ཐའེ་ཝན་གྱི་གནད་དོན་ཐག་གཅོད་ཇི་ལྟར་བྱ་རྒྱུ་ནི་ཀྲུང་གོ་བ་རང་གི་བྱ་བ་ཡིན་པས། ཕྱི་ཕྱོགས་ནས་ཐེ་གཏོགས་གང་ཡང་བྱས་མི་ཆོག  ལྗར་པན་གྱི་འབྲེལ་ཡོད་རིག་མཛོད་ཀྱི་སྙན་ཞུའི་ནང་ཀྲུང་གོའི་ནང་སྲིད་དང་། དམག་དཔུང་དེང་རབས་ཅན་འཛུགས་སྐྲུན། དེ་བཞིན་ཀྲུང་གོ་དང་རྒྱལ་ཁབ་གཞན་དག་བར་གྱི་འབྲེལ་བར་གང་བྱུང་དུ་དཔྱད་གཏམ་སྤེལ་བ་དང་། འབྲེལ་ཡོད་གཏམ་བརྗོད་ལ་འགན་མི་འཁུར་བ་དེའང་ཁུངས་འཁྱོལ་མི་ཐུབ་པ་ཞིག་རེད་ཅེས་བཤད། 

འཛམ་གླིང་སྐར་ཁུངས།

▶ཀ་ཧྲ་རྒྱུད་ཀྱི་བྱིས་པ་མང་པོ་བཀྲེས་ལྟོཊ་ཀྱིས་མནར་བཞིན་ཡོད།

ཡུལ་གྱར་བ་ནཱ་ཅི་ཡིས། ང་ཚོར་མཚམས་རེ་ཉིན་ཁ་ཤས་བསྟུད་མར་ཟས་རིགས་མི་རྙེད་པ་དང་། སྐབས་རེར་ཉིན་རེ་གཉིས་ལ་ཟས་རིགས་རྙེད་མི་ཐུབ།

中央广播电视总台 央广网 版权所有

ཕྱི་འབྲེལ་པུས་འདིའི་ཐད་ལ་དགག་པ་བརྒྱབ་འདུག

ཝང་ཝུན་པིན་གྱིས། ཀྲུང་གོས་ཞི་བའི་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་བསྐྱོད་རྒྱུ་རྒྱུན་འཁྱོངས་དང་། འགོག་སྲུང་རང་བཞིན་གྱི་རྒྱལ་སྲུང་སྲིད་ཇུས་ལག་བསྟར་བྱེད་པ་དང་།