ཆ་འཕྲིན་ཐེར་འདོན། mzjubao@cnr.cn

འཛམ་གླིང་སྐར་ཁུང་།

བྱིས་པར་ནད་འདི་ཕོག་སླ་དོན་ཅི་ཡིན་ནམ། སྔོན་འགོག་ཇི་ལྟར་བྱ་དགོས།

2023-11-21 16:45:00     责编:娜科

གློ་ཚད་ཕྲ་གྱེས་གདོད་གཟུགས་ནི་དབུགས་ལམ་ནད་ཀྱི་ནད་འབྱུང་ཕྲ་གྱེས་ཤིག་ཡིན་ཞིང་གཙོ་བོ་དབུགས་ལམ་བརྒྱུད་དེ་འགོས་ཁྱབ་འགྲོ་བ་ཡིན། དེ་སྟོན་དང་དགུན་གྱི་དུས་སུ་འབྱུང་མང་བ་དང་བྱིས་པ་དང་གཞོན་ནུ་ལོ་ཆུང་ལ་ཕོག་སླ། 

 

 

གློ་ཚད་ཕྲ་གྱེས་གདོད་གཟུགས་བྱིས་པར་འགོ་སླ་དོན་ཅི་ཞིག་ཡིན་ནམ། དེས་ནད་རིགས་གཞན་པ་འབྱུང་སྲིད་དམ། ཇི་ལྟར་སྔོན་འགོག་བྱེད་དགོས་སམ་ཞེ་ན། 

བྱིས་པར་གློ་ཚད་ཕྲ་གྱེས་གདོད་གཟུགས་འགོ་མང་བའི་རྒྱུ་མཚན་ཅི་ཡིན་ནམ་ཞེ་ན། 

བྱིས་པར་གློ་ཚད་ཕྲ་གྱེས་གདོད་གཟུགས་འགོ་མང་བར་རྒྱུ་མཚན་འགའ་ཡོད་དེ། 

དང་པོ། བྱིས་པའི་རིམས་འགོག་མ་ལག་ཡོངས་སུ་སྐྱེ་འཚར་བྱུང་མེད་ཅིང་། དམིགས་ཁྱད་རང་བཞིན་དང་དམིགས་ཁྱད་རང་བཞིན་མ་ཡིན་པའི་རིམས་འགོག་ནུས་པའང་འཐུས་ཚང་མེད་པས། བྱིས་པའི་གློ་ལུའི་ཚུར་སྣང་བལྟོས་བཅས་ཞན་པ་དང་། དབུགས་ལམ་གྱི་ཚི་སྤུའི་འགུལ་སྐྱོད་ནུས་ཞན་པ། རིམས་ཐར་ཟླུམ་སྤྲིར་གྱི་ཆུ་ཚད་ཅུང་དམའ་བ་བཅས་ཚང་མ་འགོས་ནད་ཕོག་སླ་བའི་རྒྱུ་རྐྱེན་ཡིན། 

གཉིས་པ། གློ་ཚད་ཕྲ་གྱེས་གདོད་གཟུགས་ལ་འགོས་ཁྱབ་རང་བཞིན་ཅུང་ཆེ་བས། དབུགས་ལམ་གྱི་མཆིལ་ཟེགས་དང་ཉེ་བཅར་བྱ་སྤྱོད་བརྒྱུད་ནས་འགོས་མཆེད་འགྲོ་བ་ཡིན། 

གསུམ་པ། གློ་ཚད་ཕྲ་གྱེས་གདོད་གཟུགས་ལ་གབ་གཤིས་ཆེན་པོ་ལྡན་པས། སྤྱིར་བཏང་དུ་གཟའ་འཁོར་1ནས་4བར་ཏེ་ཆ་སྙོམས་གཟའ་འཁོར་3ཡས་མས་རིང་ཤེས་རྟོགས་བྱེད་ཁག་པོ་ཡོད། 

བཞི། ནད་སྲིན་འཁྱེར་མཁན་དང་ནད་པ་ཚང་མར་མཆེད་གཤིས་ངེས་ཅན་ཞིག་ཡོད་པས། སྣོལ་མར་འགོས་ཁྱབ་འགྲོ་ཉེན་ཆེ།  

 

 

འགོས་ཁྱབ་འགྲོ་བ་ཇི་ལྟར་སྔོན་འགོག་བྱེད་དགོས་སམ་ཞེ་ན། 

རིམས་འགོག་སྨན་ཁབ་རྒྱག་རྒྱུ་ནི་རིམས་ནད་འགོས་མཆེད་འགྲོ་བ་སྔོན་འགོག་བྱེད་པའི་བྱེད་ཐབས་ཡག་ཤོས་དང་རིན་གོང་ཁེ་ཤོས་དེ་ཡིན་ཏེ། ཆམ་རིམས་འགོག་ཁབ་བརྒྱབ་ན་འགོས་ནད་ཕོག་ཚད་དང་འགོས་ཁྱབ་འགྲོ་ཚད། ནད་གཞི་ལྕི་པོ་ཕོག་པའི་ཉེན་ཁ་བཅས་ནུས་ལྡན་ངང་ཆུང་དུ་གཏོང་ཐུབ། 

གཞན་ཡང་། སྤྱི་དམངས་ཀྱིས་རྒྱུན་མཐོང་གི་དབུགས་ལམ་འགོས་ནད་ཀྱི་གཞི་རྩའི་ཤེས་བྱ་ཁོང་དུ་ཆུད་པར་བྱས་ནས། རྒྱུན་ལྡན་གྱི་འཚོ་བའི་ནང་ཚན་རིག་དང་མཐུན་པའི་སྔོན་འགོག་བྱེད་ཐབས་སྤྱད་ན་འགོས་ནད་འགོས་ཚད་དང་མཆེད་པའི་ཉེན་ཁ་ཆུང་དུ་གཏོང་ཐུབ། 

དང་པོ། བདེ་ཐང་གི་འཚོ་བ་སྐྱེལ་སྟངས་ནི་གཟུགས་པོའི་བྱང་ཚད་མཐོ་རུ་གཏོང་བ་དང་རིམས་ཐར་ནུས་པ་ཆེ་རུ་གཏོང་བའི་འགན་ལེན་ཞིག་ཡིན།  

གཉིས། འཕྲོད་བསྟེན་གྱི་གོམས་གཤིས་བཟང་པོ་ཆགས་པ་བྱེད་དགོས། དཔེར་ན། གློ་ལུ་བ་དང་ཧབ་སྦྲིད་རྒྱག་སྐབས་ཤོག་ཕྱིས་དང་ཨ་ཅོར། ལག་ངར་སོགས་ཀྱིས་ཁ་སྣ་འགེབ་དགོས་པ་དང་། ལག་པ་བཀྲུ་བ་སོགས་ཀྱིས་ལག་པའི་གཙང་སྦྲར་དང་དོད་བྱེད་དགོས། ལྷག་པར་དུ་གློ་ལུ་བའམ་ཧབ་སྦྲིད་བརྒྱབ་རྗེས་ལག་པ་བཀྲུ་དགོས་པ་དང་། མིག་དང་། སྣ། ཁ་བཅས་ལ་རེག་པའི་གོམས་གཤིས་འགྱུར་ཅི་ཐུབ་བྱེད་དགོས། 

 

 

གསུམ་པ། རྒྱུན་དུ་ཁྱིམ་ཚང་དང་ལས་ཀའི་ཁོར་ཡུག་གི་གཙང་སྦྲར་དང་དོད་བྱེད་དགོས། དུས་ཚོད་གཏན་འཁེལ་གྱིས་སྒེའུ་ཁུང་ཕྱེ་ནས་ཁང་བའི་ནང་མཁའ་རླུང་འགྲོ་རྒྱུག་བྱེད་དུ་འཇུག་པ་དང་། སྒེའུ་ཁུང་ཕྱེ་རིང་དྲོད་སྲུང་ཡག་པོ་བྱེད་དགོས། གལ་ཏེ་ཁྱིམ་དུ་དབུགས་ལམ་གྱི་འགོས་ནད་ཕོག་མཁན་བྱུང་ཚེ། ནད་པར་ནད་གཡོག་བྱེད་དུས་ཁ་རས་རྒྱག་དགོས། 

བཞི་པ། རྒན་རྒོན་དང་། བྱིས་པ། སྦྲུམ་མ། གཅོང་ནད་ཕོག་མཁན་སོགས་དམིགས་བསལ་མི་ཚོགས་མི་མང་པོ་འཛོམས་ས་དང་མཁའ་རླུང་འགྲོ་རྒྱུག་མི་བདེ་བའི་ཁོར་ཡུག་ཏུ་འགྲོ་མི་དགོས་པ་བྱ་དགོས། མཁའ་རླུང་འགྲོ་རྒྱུག་ཡག་པོ་མེད་པ་དང་། མི་ཚོགས་མང་བའི་ས་ཆར་སྐྱོད་པའམ་ཡང་ན་སྤྱི་པའི་འགྲིམ་འགྲུལ་ཡོ་བྱད་ལ་སྡོད་སྐབས་ཁ་རས་རྒྱག་དགོས་པ་མ་ཟད་དུས་ཐོག་ཏུ་བརྗེ་དགོས། 

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།

ཞུ་དག བསྟན་འཛིན།

ཡིག་སྒྱུར། ཨ་བསྟན།

འཛམ་གླིང་སྐར་ཁུངས།

▶ས་འདིར་ཆུ་ཚོད་ཁ་ཤས་ནང་ས་ཡོམ་ཐེངས་800བརྒྱབ་འདུག

པིང་ཏའོ་གནམ་གཤིས་ཞིབ་འཇུག་ལས་ཁུངས་ཀྱིས་སྤྱི་ཚེས་15ཉིན་བསྒྲགས་པའི་གནས་ཚུལ་ལྟར་ན། ཉིན་དེའི་ཐོ་རེངས་ནས་ཉིན་གུང་བར། ལུའེ་ཁེ་ཡ་ནེ་སི་ཕྱེད་གླིང་དུ་ས་ཡོམ་ཐེངས་800ལྟ་ཞིབ་ཚད་ལེན་བྱུང་བ་དེ་དེའི་གོང་ལས་ཅུང་ལེགས་སུ་ཕྱིན་ཡོད་མོད།

中央广播电视总台 央广网 版权所有

བྱིས་པར་ནད་འདི་ཕོག་སླ་དོན་ཅི་ཡིན་ནམ། སྔོན་འགོག་ཇི་ལྟར་བྱ་དགོས།

གསུམ་པ། རྒྱུན་དུ་ཁྱིམ་ཚང་དང་ལས་ཀའི་ཁོར་ཡུག་གི་གཙང་སྦྲར་དང་དོད་བྱེད་དགོས། དུས་ཚོད་གཏན་འཁེལ་གྱིས་སྒེའུ་ཁུང་ཕྱེ་ནས་ཁང་བའི་ནང་མཁའ་རླུང་འགྲོ་རྒྱུག་བྱེད་དུ་འཇུག་པ་དང་།