ཆ་འཕྲིན་ཐེར་འདོན། mzjubao@cnr.cn

འཛམ་གླིང་སྐར་ཁུང་།

ཨ་རིའི་འགད་གཏོར་གནམ་གྲུB-21ཀྱིས་ཚོད་ལྟའི་འཕུར་སྐྱོད་བྱས་པ།

2023-11-16 15:25:00     责编:娜科

   ཨ་རིའི་མཁའ་དམག་གི་རབས་གསར་པའི་འགད་གཏོར་གནམ་གྲུ་B-21ཚེས་10ཉིན་ཚོད་འཕུར་ཐེངས་དང་པོ་བྱས་པ་དང་། ད་ནི་ཡོངས་བསྒྲགས་བྱས་རྗེས་ལོ་གཅིག་ཙམ་སོང་ཡོད། 

   ཨ་རིའི་མཉམ་འབྲེལ་གསར་འགྱུར་ཁང་གིས་གནས་འཕྲིན་སྤེལ་བར་གཞིགས་ན། B-21ཨ་རིའི་ཅ་ལི་ཕུའུ་ཉི་ཡ་མངའ་སྡེ་ཡི་ཕ་མུའུ་ཏེའར་དུ་ཚོད་འཕུར་བྱས་པ་དང་། དེ་ནི་ན་ནིང་ཟླ་12པའི་ཟླ་འགོར་ཡོངས་བསྒྲགས་ཐོག་མ་བྱ་ཡུལ་ཡང་ཡིན། ཨ་རིའི་མཁའ་དམག་གིས་གསལ་བསྒྲགས་ནང་B-21འཕུར་སྐྱོད་ཚོད་ལྟ་བྱས་པ་དེ་ནི་ཚོད་འཕུར་བརྒྱུད་རིམ་ཧྲིལ་པོའི་ཁྲོད་གལ་འགངས་ཤིན་ཏུ་ཆེ་བའི་གོམ་སྟབས་ཤིག་རེད་ཅེས་བཤད་པ་རེད། 

   B-21ནི་ཨ་རིའི་དམག་དོན་བཟོ་ལས་ཚོང་བ་ཆེན་པོ་ནུའོ་སི་ལུའོ་ཕུའུ-ཀེ་ལུ་མན་ཀུང་སི་ཡིས་ཞིབ་འཇུག་དང་གསར་བཟོ་བྱས་པ་རེད། ཨ་རིའི་ཕྱོགས་ནས་དེ་ནི་འཛམ་གླིང་ཐོག་གི་དམག་སྤྱོད་འཕྲུལ་འཁོར་རབས་དྲུག་པ་རེད་ཅེས་བརྗོད་ཀྱི་ཡོད། དེའི་ཕྱིའི་རྣམ་པ་ནི་ཨ་རིའི་མཁའ་དམག་གི་དངོས་ཞབས་ཞུ་བའི་B-2རྟགས་ཅན་གྱི་མངོན་མེད་འགད་གཏོར་གནམ་གྲུ་དང་འདྲ་ཞིང་། ཚང་མ་འཕུར་གཤོག་གི་རྣམ་པ་རེད། 

   ནུའོ་སི་ལུའོ་ཕུའུ-ཀེ་ལུ་མན་ཀུང་སིས་B-21རྟགས་ཅན་ལ་གཟུགས་སྒྲིབ་ལག་རྩལ་གསར་པ་སྤྱད་པ་དང་། སྔོན་ཐོན་གྱི་དྲ་སྦྲེལ་ནུས་པ་ལྡན་པ། སྒོ་འབྱེད་མ་ལག་གི་སྒྲོམ་གཞི་སྤྱད་དེ་རིམ་སྤར་བྱེད་བདེ་པོ་ཡོང་བ་བྱས་ཡོད། དེས་རྒྱུན་ལྡན་དང་ཉིང་རྡུལ་རྡུང་རྡེག་གི་ལས་འགན་ལག་བསྟར་བྱེད་ཆོག་པ་དང་། ཨ་རིའི་མཁའ་དམག་གི་འགད་གཏོར་གནམ་གྲུའི་འཕྲུལ་འཁོར་བཟོ་དབྱིབས་གཙོ་བོར་ཆགས་སྲིད་པ་བཤད།

   ཨ་རིའི་མཁའ་དམག་གིས་ཉུང་མཐར་ཡང་B-21རྟགས་ཅན་གྱི་གནམ་གྲུ་100ཉོ་རྩིས་ཡོད། 2023ལོའི་རིན་གོང་ལྟར་རྩིས་ན་རེ་རེར་ཨ་སྒོར་དུང་ཕྱུར་7ལས་བརྒལ་ཡོད།

中央广播电视总台 央广网 版权所有

ཨ་རིའི་འགད་གཏོར་གནམ་གྲུB-21ཀྱིས་ཚོད་ལྟའི་འཕུར་སྐྱོད་བྱས་པ།

ཨ་རིའི་མཁའ་དམག་གིས་ཉུང་མཐར་ཡང་B-21རྟགས་ཅན་གྱི་གནམ་གྲུ་100ཉོ་རྩིས་ཡོད། 2023ལོའི་རིན་གོང་ལྟར་རྩིས་ན་རེ་རེར་ཨ་སྒོར་དུང་ཕྱུར་7ལས་བརྒལ་ཡོད།