ཆ་འཕྲིན་ཐེར་འདོན། mzjubao@cnr.cn

འཛམ་གླིང་སྐར་ཁུང་།

ལྗར་པན་གྱི་གྲུ་གཟིངས་རང་རྒྱལ་གྱི་མངའ་ཁོངས་སུ་འཛུལ་བའི་ཐད།

2023-10-25 16:54:00     责编:娜科

   ཀྲུང་གོའི་མཚོ་ཐོག་ཉེན་རྟོག་ཅུས་ཀྱི་གསར་འགྱུར་མགྲིན་ཚབ་པ་ཀན་ཡུས་ཀྱིས། ཉེ་ཆར། ལྗར་པན་གྱི་“ཧོ་ཝན་”རྟགས་ཅན་གྲུ་གཟིངས་དང་སྐོར་ཞིབ་གྲུ་གཟིངས་འགའ་ཞིག་ཁྲིམས་དང་འགལ་ནས་ཏེའོ་ཡུས་གླིང་ཕྲན་གྱི་མངའ་ཁོངས་རྒྱ་མཚོར་འཛུལ་བ་དང་། ཀྲུང་གོའི་མཚོ་ཐོག་ཉེན་རྟོག་དམག་གྲུས་ཁྲིམས་ལྟར་དེར་དོ་དམ་ཚོད་འཛིན་བྱ་ཐབས་དགོས་ངེས་སྤྱད་པ་མ་ཟད། ཐ་ཚིག་བསྒྲགས་ནས་མཐར་སྐྲོད་བཏང་བ་རེད། ཏེའོ་ཡུས་གླིང་ཕྲན་དང་དེའི་ཞོར་གཏོགས་གླིང་ཕྲན་ནི་ཀྲུང་གོའི་མངའ་ཁོངས་རང་འཇགས་ཡིན་པ་དང་། ཀྲུང་གོའི་མཚོ་ཐོག་ཉེན་རྟོག་དམག་གྲུས་ཁྲིམས་ལྟར་རང་རྒྱལ་གྱི་མངའ་ཁོངས་སུ་གཏོགས་པའི་མཚོ་ཁོངས་སུ་མཚོ་ཐོག་གི་ཁེ་དབང་སྲུང་སྐྱོང་གི་ཁྲིམས་འཛིན་བྱེད་སྒོ་སྤེལ་གྱི་ཡོད། ང་ཚོས་ལྗར་པན་ཕྱོགས་ལ་མཚོ་ཁོངས་དེའི་ནང་གི་ཁྲིམས་འགལ་བྱེད་སྒོ་མཐའ་དག་འཕྲལ་མར་མཚམས་འཇོག་དགོས་པའི་འབོད་སྐུལ་བྱས་ནས། དེ་དང་འདྲ་བའི་དོན་རྐྱེན་མི་ཐོན་པའི་འགན་ལེན་བྱེད་དགོས་ཞེས་བཤད་པ་རེད། 

中央广播电视总台 央广网 版权所有

ལྗར་པན་གྱི་གྲུ་གཟིངས་རང་རྒྱལ་གྱི་མངའ་ཁོངས་སུ་འཛུལ་བའི་ཐད།

དེ་དང་འདྲ་བའི་དོན་རྐྱེན་མི་ཐོན་པའི་འགན་ལེན་བྱེད་དགོས་ཞེས་བཤད་པ་རེད།