ཆ་འཕྲིན་ཐེར་འདོན། mzjubao@cnr.cn

འཛམ་གླིང་སྐར་ཁུང་།

འབྲུག་ཡུལ་གྱི་ཕྱི་འབྲེལ་བློན་ཆེན་བསྟན་ཏིག་རྡོ་རྗེར་ཐུག་འཕྲད་བྱས།

2023-10-25 16:54:00     责编:娜科

   2023ལོའི་ཟླ་10ཚེས་23ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་ཕྱི་འབྲེལ་པུའུ་ཀྲང་ཝང་དབྱི་ཡིས་པེ་ཅིང་དུ་ཀྲུང་གོ་དང་འབྲུག་ཡུལ་ས་མཚམས་བར་གྱི་གྲོས་མོལ་བྱེད་པར་ཡོང་བའི་འབྲུག་ཡུལ་གྱི་ཕྱི་འབྲེལ་བློན་ཆེན་བསྟན་ཏིག་རྡོ་རྗེ་ལ་ཐུག་འཕྲད་བྱས་པ་རེད།

   ཝང་དབྱི་ཡིས་བསྟན་དོན། ཀྲུང་གོ་དང་འབྲུག་ཡུལ་གྱི་རི་ཆུ་འབྲེལ་ཞིང་མཛའ་མཐུན་གྱི་རྒྱུན་སྲོལ་ཡག་པོ་ཡོད། ཀྲུང་གོ་དང་འབྲུག་ཡུལ་གྱིས་མཐའ་མཚམས་གྲོས་མོལ་ལེགས་འགྲུབ་བྱས་ནས་ཕྱི་འབྲེལ་འཛུགས་རྒྱུ་མངོན་འགྱུར་བྱེད་པ་ནི་འབྲུག་ཡུལ་རྒྱལ་ཁབ་དང་མི་རིགས་ཀྱི་ཕུགས་ཡུན་དང་རྩ་བའི་ཁེ་ཕན་དང་རྩ་བ་ནས་མཐུན་པ་ཡིན། ཀྲུང་གོ་ཕྱོགས་ཀྱིས་འབྲུག་ཡུལ་དང་ཁ་ཕྱོགས་གཅིག་ཏུ་བསྐྱོད་པ་དང་ལོ་རྒྱུས་ཀྱི་གོ་སྐབས་དམ་འཛིན་བྱས་ཏེ་འཕེལ་རིམ་གལ་ཆེན་འདི་གང་མགྱོགས་ལེགས་སྒྲུབ་བྱས་ཏེ། བཅའ་ཁྲིམས་ཀྱི་རྣམ་པའི་ཐོག་ནས་ཀྲུང་འབྲུག་མཛའ་མཐུན་འབྲེལ་བ་བརྟན་དུ་གཏོང་བ་དང་འཕེལ་རྒྱས་སུ་གཏོང་འདོད་ཡོད། 

   བསྟན་ཏིག་གིས་བསྟན་དོན། འབྲུག་ཡུལ་དང་ཀྲུང་གོར་རྒྱུན་སྲོལ་གྱི་མཛའ་མཐུན་འབྲེལ་བ་ཡོད། ཀྲུང་གོ་ཕྱོགས་ཀྱིས་འབྲུག་ཡུལ་ལ་རྒྱབ་སྐྱོར་དང་རོགས་རམ་ནུས་ལྡན་བྱས་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། འབྲུག་ཡུལ་གྱིས་ཀྲུང་གོ་གཅིག་གི་རྩ་དོན་ལ་བརྩི་སྲུང་ནན་པོ་ཞུས་ནས། ཀྲུང་གོ་ཕྱོགས་དང་མཉམ་དུ་འབད་བརྩོན་བྱས་ཏེ་མཐའ་མཚམས་ཀྱི་གནད་དོན་སྔ་ཙམ་ཐག་གཅོད་བྱེད་པ་དང་། ཕྱི་འབྲེལ་འཛུགས་པའི་ཆབ་སྲིད་འཕེལ་རིམ་ལ་སྐུལ་འདེད་གཏོང་འདོད་ཡོད། འབྲུག་ཡུལ་གྱིས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་པའི་གོ་ལ་ཧྲིལ་པོའི་གྲོས་འགོ་ཆེན་པོ་གསུམ་ལ་ཚད་མཐོའི་བསྔགས་བརྗོད་དང་རྒྱབ་སྐྱོར་བྱེད་ཀྱི་ཡོད། གྲོས་འགོ་གལ་ཆེན་དེ་དག་གིས་ཕྱོགས་ཁག་དང་ལྷག་པར་དུ་འབྲུག་ཡུལ་ཚུད་པའི་ཁྱིམ་མཚེས་རྒྱལ་ཁབ་ལ་བདེ་སྐྱིད་བསྐྲུན་ཡོད།

    ཝང་དབྱི་ཡིས་བསྟན་དོན། ཀྲུང་གོས་ཐོག་མཐའ་བར་གསུམ་དུ་མཐའ་འཁོར་གྱི་ཕྱི་འབྲེལ་དེ་ཕྱི་འབྲེལ་སྤྱི་ཡོངས་ཀྱི་གནས་བབ་ཀྱི་ཨང་དང་པོར་བཞག་ནས། རྒྱལ་ཁབ་ཆེ་ཆུང་ཚང་མར་འདྲ་མཉམ་གྱི་རྩ་དོན་མཐའ་འཁྱོངས་བྱེད་ཀྱི་ཡོད། ང་ཚོས་རྒྱལ་ཁབ་ཁག་གི་བདག་དབང་དང་། རང་བཙན། མངའ་ཁོངས་ཆ་ཚང་བཅས་ལ་བརྩི་འཇོག་དང་། རྒྱལ་ཁབ་འབྲིང་ཆུང་གི་ལུགས་མཐུན་གྱི་བསམ་འདུན་དང་དོ་ཁུར་ལ་བརྩི་འཇོག་བྱེད་ཀྱི་ཡོད། ང་ཚོས་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཕྱོགས་སུ་མུ་མཐུད་བློ་བརྟན་འགྱུར་མེད་ངང་ལངས་ནས་འཁུར་འོས་པའི་རྒྱལ་སྤྱིའི་འགན་འཁྲི་འཁུར་བ་དང་། ཕྱོགས་མང་རིང་ལུགས་ངོ་མ་ལག་ལེན་བསྟར་བ། རྒྱལ་སྤྱིའི་འབྲེལ་བ་དམངས་གཙོ་ཅན་དུ་འགྱུར་བར་རྒྱབ་སྐྱོར་བྱེད་པ། བཙན་དབང་བཙན་བརྙས་མཐའ་དག་ལ་ངོ་རྒོལ་བྱ་རྒྱུ་ཡིན།

中央广播电视总台 央广网 版权所有

འབྲུག་ཡུལ་གྱི་ཕྱི་འབྲེལ་བློན་ཆེན་བསྟན་ཏིག་རྡོ་རྗེར་ཐུག་འཕྲད་བྱས།

ཀྲུང་གོས་ཐོག་མཐའ་བར་གསུམ་དུ་མཐའ་འཁོར་གྱི་ཕྱི་འབྲེལ་དེ་ཕྱི་འབྲེལ་སྤྱི་ཡོངས་ཀྱི་གནས་བབ་ཀྱི་ཨང་དང་པོར་བཞག་ནས།