ཆ་འཕྲིན་ཐེར་འདོན། mzjubao@cnr.cn

འཛམ་གླིང་སྐར་ཁུང་།

▶ཨ་རི་དང་ལྗར་པན། ལྷོ་ཁོ་རེ་ཡ་བཅས་ཀྱིས་ཁོ་རེ་ཡ་ཕྱེད་གླིང་ནས་་་

2023-10-24 16:04:00     责编:娜科

ཨ་རི་དང་ལྗར་པན། ལྷོ་ཁོ་རེ་ཡ་བཅས་ཀྱིས་ཁོ་རེ་ཡ་ཕྱེད་གླིང་ནས་མཁའ་ཐོག་ནང་སྦྱོང་ཐོག་མ་བྱ་རྒྱུ།

 

 

 

ལྷོ་ཁོ་རེ་ཡ་མཉམ་འབྲེལ་གསར་འགྱུར་ཁང་གིས་ཚེས་18ཉིན་ཆ་འཕྲིན་སྤེལ་མཁན་གྱི་མི་སྣའི་སྐད་ཆ་དྲངས་ནས་བརྗོད་དོན། ལྷོ་ཁོ་རེ་ཡ་དང་ཨ་རི། ལྗར་པན་བཅས་ཀྱིས་ཟླ་10ཚེས་22ཉིན། “བྱང་ཁོ་རེ་ཡའི་འཇིགས་སྐུལ”ལ་ཁ་གཏད་གཅོག་པར། ཁོ་རེ་ཡ་ཕྱེད་གླིང་གི་ཉེ་འགྲམ་ནས་མཉམ་འབྲེལ་ནང་སྦྱོང་ཐེངས་དང་པོ་བྱས་ཏེ་ཕྱོགས་གསུམ་པོའི་བདེ་འཇགས་མཉམ་ལས་ལ་ཤུགས་སྣོན་རྒྱག་རྒྱུ་ཡིན་པ་རེད། 

གནས་ཚུལ་སྤེལ་བ་ལྟར་ན།ཆ་འཕྲིན་མི་སྣས་ནང་སྦྱོང་ལ་ཨ་རི་དང་།ལྗར་པན།ལྷོ་ཁོ་རེ་ཡ་བཅས་རྒྱལ་ཁབ་གསུམ་གྱི་དམག་འཐབ་གནམ་གྲུས་ཨ་དམག་གི་B-52འཐབ་ཇུས་འགད་གཏོར་གནམ་གྲུར་སྲུང་སྐྱེལ་བྱེད་པ་སོགས་ཀྱི་ནང་དོན་ཚུད་ཡོད་པར་བརྗོད། ཉིང་རྡུལ་མཚོན་ཆའི་ནུས་པ་ལྡན་པའི་ཨ་དམག་གི་B-52འགད་གཏོར་གནམ་གྲུ་གཟའ་འཁོར་འདིའི་གཟའ་མིག་དམར་ཉིན(17ཉིན)ལྷོ་ཁོ་རེ་ཡའི་མཁའ་དམག་རྟེན་གཞིར་ཐེངས་དང་པོར་བབས་པ་དང་། ལྷོ་ཁོ་རེ་ཡའི་འགོག་སྲུང་འགྲེམས་སྟོན་དུ་ཞུགས་པ་མ་ཟད་ལྷོ་ཁོ་རེ་ཡའི་མཁའ་དམག་གི་F-35ཡི་མངོན་མེད་དམག་འཐབ་གནམ་གྲུ་དང་མཉམ་འབྲེལ་ནང་སྦྱོང་བྱས།

ལྷོ་ཁོ་རེ་ཡ་མཉམ་འབྲེལ་གསར་འགྱུར་ཁང་གིས་ཁྱབ་བསྒྲགས་བྱས་པའི་ནང་། ད་དུང་ལྷོ་ཁོ་རེ་ཡའི་ཇུས་འདོན་དཔོན། མཉམ་འབྲེལ་ཚོགས་འདུའི་ཀྲུའུ་ཞི་ཅིན་ཧྲེང་ཆན་གྱིས་བཤད་པ་ལྟར་ན།ལྷོ་ཁོ་རེ་ཡ་དང་ཨ་རི་དང་ལྗར་པན་བཅས་ཀྱིས་སྤེལ་བའི་མཉམ་འབྲེལ་མཁའ་ཐོག་ནང་སྦྱོང་དེ་ནི། ཨ་རི་དང་ལྗར་པན།ལྷོ་ཁོ་རེ་ཡ་ཕྱོགས་གསུམ་པོའི་བདེ་འཇགས་ལ་མཐུན་སྦྱོར་འབད་བརྩོན་བྱེད་པའི་ཆ་ཤས་ཤིག་དང་།ཨ་རི་དང་ལྗར་པན།ལྷོ་ཁོ་རེ་ཡ་བཅས་རྒྱལ་ཁབ་གསུམ་པོའི་འགོ་ཁྲིད་ཀྱིས་ཏའེ་ཝུའེ་ཡིང་གི་དབུ་ཚོགས་ཐོག་བྱང་ཁོ་རེ་ཡའི་“ཉིང་རྡུལ་འཕུར་མདེལ་གྱི་འཇིགས་སྐུལ”ལ་དམིགས་ནས་བདེ་འཇགས་ལ་ཤུགས་སྣོན་རྒྱག་རྒྱུ་གཏན་འབེབས་བྱས་རྗེས་ཀྱི་བྱ་སྤྱོད་གསར་ཤོས་དེ་རེད་ཅེས་བརྗོད་ཡོད།

གནས་ཚུལ་སྤེལ་བའི་ནང་ད་དུང་ཨ་རི་དང་ལྗར་པན།ལྷོ་ཁོ་རེ་ཡ་བཅས་ཀྱིས་གཟའ་འཁོར་གོང་མར། ཁོ་རེ་ཡ་ཕྱེད་གླིང་གི་ལྷོ་ངོས་མཚོ་ཁོངས་ནས་ལོ་བདུན་ནང་གི་ཕྱོགས་གསུམ་མཉམ་འབྲེལ་གྱིས་མཚོ་ཐོག་འཕུར་མདའ་འགོག་པའི་ནང་སྦྱོང་ཐེངས་དང་པོ་སྤེལ་ཡོད་ཅེས་བཀོད་ཡོད།

 

ཟླ་10ཚེས་17ཉིན། ལྷོ་ཁོ་རེ་ཡའི་དམག་དཔུང་གི་F-35Aརྟགས་ཅན་གྱི་དམག་འཐབ་གནམ་གྲུ་དང་ཨ་རིའི་B-52རྟགས་ཅན་གྱི་འགད་གཏོར་གནམ་གྲུ་ཁོ་རེ་ཡ་ཕྱེད་གླིང་གི་མཁའ་དབྱིངས་སུ་དཔུང་སྒྲིག་འཕུར་སྐྱོད་བྱེད་བཞིན་པ། (པར་འདི་ཕྱི་རྒྱལ་སྨྱན་སྦྱོར་ལས་བཤུས།)

 

 

དེ་གོང་། བྱང་ཁོ་རེ་ཡ་ཀྲུང་དབྱང་གསར་འགྱུར་ཁང་གིས་ཚེས་13ཉིན་ཨ་རིའི“ལུའོ་ན་ཏེ·ལི་ཀེན་”རྟགས་ཅན་གྱི་ཉིང་རྡུལ་སྒུལ་ཤུགས་ཀྱི་དམག་གྲུ་ཨ་མ་ཧྥུའུ་ཧྲན་དུ་བསྡད་ཡོད་པར་དཔྱད་བརྗོད་སྤེལ་དོན། ཨ་རིས་རང་ཉིད་ཀྱི་འཐབ་ཇུས་རྒྱུ་ནོར་ཆེ་ཤོས་དེ“ཉེན་ཁ་ཆེ་ཤོས་ཀྱི་ཆུ་ཁོངས”སུ་ཐོན་ཡོད་པ་དང་། “ཉིང་རྡུལ་ཁ་གཏད་དུ་ལངས་ཡོད་པའི་ཁོ་རེ་ཡ་ཕྱེད་གླིང་ནས། གལ་སྲིད་མེ་སྟག་ཆུང་ཆུང་ཞིག་མཆེད་ན་དེ་ལས་བསྐྱེད་སྲིད་པའི་མཇུག་འབྲས་ཅི་འདྲ་ཞིག་ཡིན་པ་གསལ་པོ་ཤེས་ན་འགྲིག་ཅེས་བརྗོད་ཡོད།

དཔྱད་བརྗོད་དེའི་མཇུག་ཏུ་ཉེན་བརྡ་བཏང་དོན། ཨ་རིས་ཉིང་རྡུལ་འཐབ་ཇུས་རྒྱུ་ནོར་མངགས་གཏོང་བྱས་ནས་རྔམ་སྟོན་རང་བཞིན་གྱི་བྱ་སྤྱོད་སྤེལ་བ་དེས་ལྷོ་ཁོ་རེ་ཡའི་སེམས་ཅུང་ཟད་བདེ་རུ་འཇུག་སྲིད་མོད། འོན་ཀྱང་ཁོང་ཚོས་ཤེས་དགོས་པ་ཞིག་ནི་བྱ་སྤྱོད་དེས་ཁོང་ཚོའི་བདེ་འཇགས་འགན་སྲུང་གི་ཉམས་ཉེན་སྔར་བས་ཇེ་ཆེར་ཕྱིན་ནས་ཁོང་ཚོའི་སེམས་ཁམས་མི་བདེ་བའི་རྒྱུ་ངན་ཞིག་ཏུ་འགྱུར་ངེས་རེད་ཅེས་བཀོད་ཡོད། 

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། 

ཞུ་དག གངས་ཕྲུག་བློ་རྒྱ།

ཡིག་སྒྱུར། བྱམས་མཚོ།

中央广播电视总台 央广网 版权所有

▶ཨ་རི་དང་ལྗར་པན། ལྷོ་ཁོ་རེ་ཡ་བཅས་ཀྱིས་ཁོ་རེ་ཡ་ཕྱེད་གླིང་ནས་་་

དེ་གོང་། བྱང་ཁོ་རེ་ཡ་ཀྲུང་དབྱང་གསར་འགྱུར་ཁང་གིས་ཚེས་13ཉིན་ཨ་རིའི“ལུའོ་ན་ཏེ·ལི་ཀེན་”རྟགས་ཅན་གྱི་ཉིང་རྡུལ་སྒུལ་