ཆ་འཕྲིན་ཐེར་འདོན། mzjubao@cnr.cn

འཛམ་གླིང་སྐར་ཁུང་།

​​▶ཕ་དབྱིའི་གདོང་ཐུག་ཁྲོད་ཀྲུང་གོ་བ་3རྐྱེན་ལམ་དུ་ཤོར་འདུག

2023-10-24 15:56:00     责编:娜科

 

ཕ་ལི་སི་ཐན་དང་དབྱི་སི་རལ་གྱི་རེས་སྐོར་གསར་པའི་གཞི་ཁྱོན་ཆེན་པོའི་གདོང་ཐུག་སྔར་བཞིན་རྒྱུན་བསྐྱངས་ཡོད། མིག་སྔའི་བར་དུ། གདོང་ཐུག་ཁྲོད་ཕྱོགས་གཉིས་ཀྱི་མི་2500ལས་བརྒལ་བ་རྐྱེན་ལམ་དུ་ཤོར་ཡོད།

དབྱི་སི་རལ་སྨྱན་སྦྱོར་གྱིས་ཚེས་12ཉིན་སྤེལ་བའི་གནས་ཚུལ་ལ་གཞིགས་ན། དབྱི་སི་རལ་བ་1300རེས་སྐོར་གསར་བའི་གདོང་ཐུག་ཁྲོད་རྐྱེན་ལམ་དུ་ཤོར་ཡོད།

ས་གནས་དེ་གའི་དུས་ཚོད་ཚེས་12ཉིན། ཕ་ལི་སི་ཐན་འཕྲོད་བསྟེན་པུའུ་ཡིས། རེས་སྐོར་གསར་པའི་གདོང་ཐུག་ཁྲོད་ཕ་ལི་སི་ཐན་ཕྱོགས་ཀྱི་མི་1232རྐྱེན་ལམ་དུ་ཤོར་བ་དང་། དེའི་ཁྲོད་ཀ་ཧྲ་ས་ཁུལ་དུ་མི་1203རྐྱེན་ལམ་དུ་ཤོར་བ། གཞན་ཡང་མི་5763ལ་རྨས་སྐྱོན་ཕོག་པའི་ཁྱབ་བསྒྲགས་བྱས་པ་རེད།

 

 

 

དབྱི་སི་རལ་གྱི་ཙུང་ཐུང་གིས། དབྱི་སི་རལ་གྱིས་ཀ་ཧྲ་ས་ཁུལ་གྱི་ཧ་མ་སི་ལ་གཞི་ཁྱོན་ཆེ་བའི་དམག་དོན་བྱ་འགུལ་སྤེལ་རྩིས་ཡོད་ཅེས་བསྟན་འདུག

དབྱི་སི་རལ་སྐབས་དོན་ཚགས་པརསྟེང་སྤེལ་བའི་གནས་ཚུལ་ལྟར་ན། དབྱི་སི་རལ་གྱི་ཙུང་ཐུང་ཧོར་ཙུའོ་ཀེ་ཡིས་ཅེབ་རུ་ས་ལེམ་གྱི་ཙུང་ཐུང་ལས་ཤག་ཏུ་གཏམ་བཤད་སྤེལ་སྐབས། དབྱི་སི་རལ་གྱིས་ཀ་ཧྲ་ས་ཁུལ་གྱི་ཕ་ལི་སི་ཐན་དབྱི་སི་ལམ་འགོག་རྒོལ་ལས་འགུལ་ཧ་མ་སིར་གཞི་ཁྱོན་ཆེ་བའི་དམག་དོན་ལས་འགུལ་སྤེལ་འཆར་ཡོད་ཅེས་བསྟན་འདུག

ཧོར་ཙུའོ་ཀེ་ཡིས། འདི་ནི་ཧ་མ་སིར་དམིགས་པའི་ཡུན་རིང་ཞིང་རྒྱུན་བསྲིང་བའི་དམག་འཁྲུག་ཅིག་ཡིན་ཞེས་བསྟན་འདུག

དབྱི་སི་རལ་གྱི་ནུས་ཁུངས་པུའུ་ཀྲང་གིས། བཙན་ཉར་བྱས་པའི་དབྱི་སི་རལ་བ་གློད་གྲོལ་མ་བཏང་གོང་། ཀ་ཧྲ་ས་ཁུལ་ལ་ཆུ་དང་འབར་རྫས། གློག་ཤུགས་བཅས་འདོན་སྤྲོད་བྱ་རྒྱུ་མིན་ཞེས་བསྟན་ཡོད།

དབྱི་སི་རལ་གྱི་ནུས་ཁུངས་པུའུ་ཀྲང་ཁཱ་ཚེས། ས་གནས་དེ་གའི་དུས་ཚོད་ཚེས་12ཉིན། ཕ་ལི་སི་ཐན་དབྱི་སི་ལམ་འགོག་རྒོལ་ལས་འགུལ་ཧ་མ་སི་ཡིས་བཙན་ཉར་བྱས་པའི་དབྱི་སི་རལ་བ་ཚང་མ་གློད་གྲོལ་མ་བཏང་གོང་། དབྱི་སི་རལ་ཕྱོགས་ཀྱིས་ཀ་ཧྲ་ས་ཁུལ་དུ་ཆུ་དང་འབར་རྫས། གློག་ཤུགས་བཅས་འདོན་སྤྲོད་བྱ་རྒྱུ་མིན་ཞེས་བསྟན་ཡོད།

ཁཱ་ཚེ་ཡིས་དེའི་གོང་། ཧ་མ་སི་དང་དབྱི་སི་རལ་བར་གདོང་ཐུག་བྱུང་བར་ལན་ཆ་བྱས་པའི་ཆ་ནས། ཁོ་པས་བཀའ་རྒྱར་མིང་རྟགས་བཀོད་དེ་དབྱི་སི་རལ་གློག་ཤུགས་ཀུང་སི་ལ་ཀ་ཧྲ་ས་ཁུལ་དུ་གློག་ཤུགས་འདོན་སྤྲོད་བྱེད་མཚམས་འཇོག་དགོས་པའི་རེ་བ་བཏོན་ཡོད།

 

 

ཀ་ཧྲ་ས་ཁུལ་གྱི་གློག་ཤུགས་གསུམ་ཆ་གཅིག་དབྱི་སི་རལ་ནས་འདོན་སྤྲོད་བྱེད་པར་བརྟེན་དགོས་ཀྱི་ཡོད། ཕ་ལི་སི་ཐན་ཀ་ཧྲ་ས་ཁུལ་གྱི་ནུས་ཁུངས་སྡེ་ཁག་གིས་ས་གནས་དེ་གའི་ཚེས་11ཉིན། དབྱི་སི་རལ་གྱིས་ནུས་ཁུངས་འདོན་སྤྲོད་བྱེད་མཚམས་བཞག་པས། ཀ་ཧྲ་ཡི་གློག་འདོན་བཟོ་གྲྭ་གཅིག་པུའི་འབར་རྒྱུ་རྫོགས་ཟིན་ཞེས་བསྟན་འདུག

དབྱི་སི་རལ་གྱིས་ལི་པ་ནོན་མཐའ་མཚམས་ནས་སྡོད་དམངས་50%ཕྱིར་འཐེན་བྱས་པ།

ཕྱེད་གླིང་བརྙན་འཕྲིན་ཁང་གིས་དབྱི་སི་རལ་དམག་ཕྱོགས་ཀྱི་གསར་འགྱུར་ལུང་དུ་དྲངས་ནས། ས་གནས་དེ་གའི་དུས་ཚོད་ཚེས་12ཉིན། དབྱི་སི་རལ་གྱིས་ལི་པ་ནོན་ཉེ་འགྲམ་གྱི་མཐའ་མཚམས་ས་ཁུལ་ནས་སྡོད་དམངས་50%ཕྱིར་འཐེན་བྱས་ཡོད་ཅེས་བརྗོད་འདུག

ཕ་ལི་སི་ཐན་ཙུང་ཐུང་གིས་ཅོར་ཏན་གྱི་རྒྱལ་པོ་དང་ཨ་རིའི་རྒྱལ་དོན་བློན་ཆེན་དང་ཐུག་འཕྲད་བྱ་རྒྱུ།

ས་གནས་དེ་གའི་དུས་ཚོད་ཚེས་12ཉིན། ཕ་ལི་སི་ཐན་བཅིངས་འགྲོལ་རྩ་འཛུགས་ལག་བསྟར་ཨུ་ཡོན་ལྷན་ཁང་གི་དྲུང་ཡིག་ཧུའུ་སའེ་དབྱིན་ཤའེ་ཧོ་ཡིས་སྤྱི་ཚོགས་འབྲེལ་བའི་སྨྱན་སྦྱོར་སྟེང་། ཕ་ལི་སི་ཐན་གྱི་ཙུང་ཐུང་མཱ་ཧ་མོ་ཏེ་ཨ་པ་སི་ཡིས་ཚེས་12ཉིན་ཅོར་ཏན་གྱི་རྒྱལ་ས་ཨན་མན་དུ་ཅོར་ཏན་གྱི་རྒྱལ་པོ་ཨ་པུའུ་ཏུའུ་ལ་སྐུ་ཐོག་གཉིས་པ་དང་ཐུག་འཕྲད་བྱ་རྒྱུ་མ་ཟད། ཚེས་13ཉིན་ཨ་རིའི་རྒྱལ་དོན་བློན་ཆེན་ཨན་ཏུན་ཉི་པུའུ་ལིན་ཁེན་དང་ཐུག་འཕྲད་བྱ་རྒྱུ་རེད་ཅེས་བརྗོད་པ་རེད།

མཉམ་འབྲེལ་རྒྱལ་ཚོགས་སྒྲིག་འཛུགས་ཀྱིས། ཀ་ཧྲ་ས་ཁུལ་མང་ཚོགས་ལ་རོགས་སྐྱོབ་བྱེད་ཆེད་སྤྱོད་རྒྱུའི་ཨ་སྒོར་དུང་ཕྱུར་1.04ཛ་དྲག་རོགས་དངུལ་ཐབས་ཤེས་གཏོང་གི་ཡོད་ཅེས་བསྟན་འདུག

མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཕ་ལི་སི་ཐན་ཉེ་ཤར་ཉམ་ཐག་མི་སེར་རོགས་སྐྱོབ་དང་ལས་གྲྭ་ཁྲུའུ་ཡིས་ས་གནས་དེ་གའི་ཚེས་11ཉིན་གནས་ཚུལ་སྤེལ་ནས། ཀ་ཧྲ་ས་ཁུལ་མང་ཚོགས་ལ་རོགས་སྐྱོབ་བྱེད་ཆེད་སྤྱོད་རྒྱུའི་ཨ་སྒོར་དུང་ཕྱུར་1.04ཛ་དྲག་རོགས་དངུལ་ཐབས་ཤེས་གཏོང་བཞིན་པ་དང་། ཀ་ཧྲ་ས་ཁུལ་གྱི་ཕ་ལི་སི་ཐན་ཉེ་ཤར་ཉམ་ཐག་མི་སེར་རོགས་སྐྱོབ་དང་ལས་གྲྭ་ཁྲུའུ་ཡི་ཉེན་གཡོལ་ཁང་གི་རོགས་སྐྱོབ་བྱེད་པའི་མི་ཁྲི་25དང་དེ་བཞིན་ས་གནས་དེ་གའི་སྡེ་ཁུལ་གཞན་དུ་ཡོད་པའི་ཕ་ལི་སི་ཐན་གྱི་ཉམ་ཐག་མི་སེར་ཁྲི་25ལ་གཞི་རྩའི་འཚོ་བའི་འགན་སྲུང་མཁོ་འདོན་ཆེད་དུ་སྤྱད་དེ། མ་འོངས་པའི་ཉིན་90ཡི་ནང་མུ་མཐུད་དུ་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོབ་བྱ་འགུལ་སྤེལ་བར་སྟབས་བདེ་སྐྲུན་རྒྱུ་ཡིན་ཞེས་བསྟན་འདུག

ཀྲུང་གོའི་ཕྱི་འབྲེལ་པུའུ་ཡིས། ཀྲུང་གོའི་སྤྱི་དམངས་3ཕ་ལི་སི་ཐན་དང་དབྱི་སི་རལ་གྱི་གདོང་ཐུག་ཁྲོད་རྐྱེན་ལམ་དུ་ཤོར་ཡོད་ཅེས་བསྟན་འདུག

ཚེས་12ཉིན། ཕྱི་འབྲེལ་པུའི་མགྲིན་ཚབ་པ་ཝང་ཝུན་པིང་གིས། ཤེས་རྟོགས་བྱུང་བར་གཞིགས་ན། མིག་སྔར་ཀྲུང་གོའི་སྤྱི་དམངས་3གདོང་ཐུག་ཁྲོད་རྐྱེན་ལམ་དུ་ཤོར་བ་དང་། མི་2ཀྱི་འབྲེལ་བ་ཆད་པ། མི་མང་པོ་ཞིག་ལ་རྨས་སྐྱོན་ཕོག་ཡོད་པས། ང་ཚོས་རྐྱེན་ལམ་དུ་ཤོར་མཁན་ལ་གདུང་སེམས་དྲག་པོས་མྱ་ངན་ཞུ་བ་དང་། རྐྱེན་ལམ་དུ་ཤོར་བའི་ནང་མི་དང་རྨས་མར་ཟོལ་མེད་ཀྱི་མཚམས་འདྲི་ཞུ་རྒྱུ་ཡིན་ཞེས་བརྗོད་ཡོད།

 

 

ཀྲུང་གོའི་འབྲེལ་ཡོད་ཕྱི་ཕྱོགས་སུ་བཅའ་སྡོད་ཕྱི་འབྲེལ་སྒྲིག་འཛུགས་ཀྱིས་རྨས་མ་སྐྱོབ་བཅོས་བྱེད་པར་ནུས་ཤུགས་ཡོད་རྒུས་གཞོགས་འདེགས་བྱེད་པ་དང་། རྐྱེན་ལམ་དུ་ཤོར་མཁན་རྣམས་ཀྱི་རྗེས་འཇུག་ལས་དོན་ཡག་པོ་སྒྲུབ་བཞིན་ཡོད། ཕྱི་ཕྱོགས་ཀྱིས་ནུས་ཤུགས་ཡོད་རྒུས་འབྲེལ་ཐག་ཆད་པའི་མི་སྣ་འཚོལ་སྐྱོབ་བྱེད་པ་དང་། ནུས་ཡོད་བྱ་ཐབས་མཐའ་དག་བཟུང་ནས། ཀྲུང་གོ་ཕྱོགས་ཀྱི་མི་སྣ་དང་སྒྲིག་འཛུགས་ཀྱི་བདེ་འཇགས་ལ་འགན་སྲུང་ཐུབ་རྒྱུར་སྐུལ་འདེད་གཏོང་བཞིན་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། 

ཞུ་དག ཟླ་བ་ཚེ་རིང་།

སྒྲིག་སྒྱུར། རིན་ཆེན་འཚོ།

འཛམ་གླིང་སྐར་ཁུངས།

​▶ཨ་རིའི་མཚོན་ཆ་དབྱི་སི་རལ་དུ་འབྱོར་བ་དང་ཕུའུ་ཅིང་དང་པའེ་ཏེང་་་

སུའུ་ཏ་ཉིས་ཕ་ལི་སི་ཐན་གྱི་དུས་བབ་སྡུག་ཏུ་མགྱོགས་མྱུར་ཕྱིན་པ་དེ་ཕ་ལི་སི་ཐན་མི་དམངས་ཀྱི་ཁེ་དབང་ལ་བཙན་གནོད་བྱས་པ་དང་འབྲེལ་བ་ཡོད།

中央广播电视总台 央广网 版权所有

​​▶ཕ་དབྱིའི་གདོང་ཐུག་ཁྲོད་ཀྲུང་གོ་བ་3རྐྱེན་ལམ་དུ་ཤོར་འདུག

ཀྲུང་གོའི་འབྲེལ་ཡོད་ཕྱི་ཕྱོགས་སུ་བཅའ་སྡོད་ཕྱི་འབྲེལ་སྒྲིག་འཛུགས་ཀྱིས་རྨས་མ་སྐྱོབ་བཅོས་བྱེད་པར་ནུས་ཤུགས་ཡོད་རྒུས་གཞོགས་འདེགས་བྱེད་པ་དང་།