ཆ་འཕྲིན་ཐེར་འདོན། mzjubao@cnr.cn

འཛམ་གླིང་སྐར་ཁུང་།

▶ཕུའུ་ཅིང་གིས་ལོ་གཅིག་ནང་ཝ་ཀེ་ནར་ལུའུ་པུའུ་དུང་ཕྱུར་860ལྷག་་་

2023-07-06 16:03:00     责编:娜科

ཕུའུ་ཅིང་གིས་ལོ་གཅིག་ནང་ཝ་ཀེ་ནར་ལུའུ་པུའུ་དུང་ཕྱུར་860ལྷག་ཙམ་མཁོ་འདོན་བྱས་ཡོད་ཅེས་བཤད་པ།

     ཨུ་རུ་སུའི་གསར་འགྱུར་ཁང་གིས་ཚེས་27ཉིན་གནས་ཚུལ་སྤེལ་བར་གཞིགས་ན། ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་གིས་ཨུ་རུ་སུ་སྲིད་གཞུང་གིས་2022ལོའི་ཟླ་5པ་ནས་2023ལོའི་ཟླ་5པའི་བར་ཨུ་རུ་སུའི་སྒེར་གཉེར་དམག་དོན་ཚོགས་པ་ཝ་ཀེ་ནར་ལུའུ་པུའུ་དུང་ཕྱུར་80(ཧ་ལམ་མི་དམངས་ཤོག་སྒོར་དུང་ཕྱུར་72.89ཙམ)མཁོ་འདོན་བྱས་ཡོད་ཅེས་བརྗོད་པ་རེད། 

     གཞན་ཡང་། Конкордཀུང་སིས་(ཝ་ཀེ་ནའི་ཁོངས་གཏོགས་ཀྱི་བཟའ་བཏུང་ཀུང་སི་ཞིག)དམག་དཔུང་ལ་བཟའ་བཏུང་ཞབས་ཞུ་མཁོ་འདོན་བྱས་པ་བརྒྱུད་ལུའུ་པུའུ་དུང་ཕྱུར་800(ཧ་ལམ་མི་དམངས་ཤོག་སྒོར་དུང་ཕྱུར་67.5དང་མཚུངས)མཁོ་འདོན་བྱས་པ་རེད།

       གནས་ཚུལ་སྤེལ་བར་གཞིགས་ན། ཝ་ཀེ་ནའི་འགོ་ཁྲིད་རིམ་པའི་སྐོར་གླེང་སྐབས་ཕུའུ་ཅིང་གིས། ངས་མི་སུས་ཀྱང་དངོས་པོ་ཅི་ཡང་རྐུ་འཁྱེར་བྱས་མེད་པའི་རེ་བ་བྱེད་ཀྱི་ཡོད། ཨུ་རུ་སུ་སྲིད་གཞུང་གིས་ཝ་ཀེ་ནའི་མ་དངུལ་གྱི་འབྲེལ་ཡོད་གནད་དོན་ལ་བརྟག་དཔྱད་བྱ་རྒྱུ་ཡིན་ཞེས་བཤད་ཡོད།

      དེའི་གོང་ཨུ་རུ་སུའི《ཚགས་པར་ཚགས་དེབ་》ཐོག་ས་གནས་དེ་གའི་དུས་ཚོད་ཟླ་6པའི་ཚེས་24ཉིན་གནས་ཚུལ་སྤེལ་བར་གཞིགས་ན།ཨུ་རུ་སུའི་ཁྲིམས་འཛིན་མི་སྣས་ཝ་ཀེ་ན་གླས་དམག་ཚོགས་པའི་འགན་ཁུར་བ་ཕུའུ་ལི་ཀེ་རེན་གྱི་ཧྲེང་པི་ཏེ་པའོ་ཡི་གཞུང་ལས་ཁང་གི་ཉེ་འགྲམ་ནས་རླངས་འཁོར་ཞིག་རྙེད་ཅིང་། རླངས་འཁོར་དེའི་ནང་དངུལ་སྨར་ལུའུ་པུའུ་སྒོར་དུང་ཕྱུར་40ཡོད་པ་རེད།

   གནས་ཚུལ་སྤེལ་བར་གཞིགས་ན། ས་ཆ་དེར་སྒམ་མང་པོ་བཞག་ཡོད་པ་དེའི་ནང་གི་སྒམ་ཁ་ཤས་ཁ་ཕྱེ་ཡོད་པ་དང་། ནང་དུ་དངུལ་སྨར་གྱིས་བཀང་ཡོད་པ་མཐོང་ཐུབ། མང་ཆེ་བ་ནི་དམར་པོ་ཡིན་པ་དང་། ལུའུ་པུའུ་5000གི་ཤོག་སྒོར་དང་འདྲ་བ་རེད། རླངས་འཁོར་སྟེང་དུ་ད་དུང་སྒམ་གཅིག་འདྲ་འགའ་ཡོད་ཅིང་བརྟག་དཔྱད་མི་སྣས་ཡུལ་དངོས་ནས་བྱ་བ་སྒྲུབ་བཞིན་ཡོད་པ་རེད།

     གཞན་ཡང་དབྱིན་ཇིའི་《འཕྲོད་བསྟེན་ཚགས་པར》ཐོག་ཚེས་24ཉིན་གནས་ཚུལ་སྤེལ་བར་གཞིགས་ན།ཕུའུ་ལི་ཀེ་རེན་རང་ཉིད་ཀྱིས་གནས་ཚུལ་དེ་ར་སྤྲོད་བྱེད་མྱོང་ཡོད་པ་དང་། ཁོང་གིས་དངུལ་དེ་ཝ་ཀེ་ན་ཚོགས་པའི་འགྲོ་སོང་ཐད་སྤྱོད་རྒྱུ་ཡིན་པར་བརྗོད་ཡོད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། 

ཞུ་དག གངས་ཕྲུག་བློ་རྒྱ། 

ཡིག་སྒྱུར། སྒྲོལ་མ་མཚོ། 

འཛམ་གླིང་སྐར་ཁུངས།

▶ཕུའུ་ཅིང་གིས་ལོ་གཅིག་ནང་ཝ་ཀེ་ནར་ལུའུ་པུའུ་དུང་ཕྱུར་860ལྷག་་་

གཞན་ཡང་དབྱིན་ཇིའི་《འཕྲོད་བསྟེན་ཚགས་པར》ཐོག་ཚེས་24ཉིན་གནས་ཚུལ་སྤེལ་བར་གཞིགས་ན།ཕུའུ་ལི་ཀེ་རེན་རང་ཉིད་ཀྱིས་གནས་ཚུལ་དེ་ར་སྤྲོད་བྱེད་མྱོང་ཡོད་པ་དང་། ཁོང་གིས་དངུལ་དེ་ཝ་ཀེ་ན་ཚོགས་པའི་འགྲོ་སོང་ཐད་སྤྱོད་རྒྱུ་ཡིན་པར་བརྗོད་ཡོད།

中央广播电视总台 央广网 版权所有