ཆ་འཕྲིན་ཐེར་འདོན། mzjubao@cnr.cn

པར་རིས་མིག་གི་དགའ་སྟོན།

▶ཤིན་ཅང་དུ་རང་བྱུང་སྣང་ཚུལ་ངོ་མཚར་བ་འདི་འདྲ་ཐོན་འདུག

2023-04-30 10:29:00     责编:娜科

      ཚེས་24ཉིན་ཚན་རིག་ཁྱབ་སྤེལ་བྱེད་མཁན་དྲ་གྲོགས་@Jeffཡི་སྐར་ཚོགས་བཀྲ་བའི་གནམ་མཁའི་འགྲུལ་བཞུད་ཅེས་པས་ཤིན་ཅང་ནས་ལྟ་ན་སྡུག་པའི་གླིང་སྣེའི་འོད་ཟེར་བརྙན་དུ་བླངས་ཡོད་ཅིང་།  དམར་འོད་དང་སྨུག་འོད་ཕུད་ད་དུང་སྤྱིར་བཏང་དུ་བྱང་སྣེའི་མུ་ཁྱུད་ནས་མ་གཏོགས་ལྟ་དཔྱད་མི་ཐུབ་པའི་ལྗང་མདོག་གི་སྣེ་འོད་བརྙན་དུ་བླངས་ཡོད་པ་རེད།

 

 

རང་རྒྱལ་གྱི་ཤིན་ཅང་དུ་སྣེ་འོད་ལྟ་དཔྱད་ཐུབ་དོན་ཅི་ཡིན་ནམ།

      ཀྲུང་དབྱང་བརྙན་འཕྲིན་གསར་འགྱུར་གྱིས་གནས་ཚུལ་སྤེལ་བར་གཞིགས་ན། པེ་ཅིང་གི་དུས་ཚོད་ཚེས་24ཉིན་གྱི་ཐོ་རེངས་ཆུ་ཚོད་2པར། སའི་གོ་ལའི་སྡུད་ཁྱམས་ལ་ཟུག་སློང་དྲག་པོ་བྱུང་བ་དང་། དེ་ནི་ཉི་མའི་འགུལ་སྐྱོད་གཟའ་འཁོར་25པའི་ཚུན་དུ་བྱུང་བའི་དྲག་སྡུད་(Kp=7,8)ཐེངས་དྲག་ཤོས་དེ་ཡིན་པ་རེད།

       ཐེངས་འདིའི་དྲག་སྡུད་ཀྱི་ཟུག་སློང་དྲག་པོའི་འོག་ཀྲུང་གོའི་ཤིན་ཅང་དང་ཡོ་རོབ། མེ་གླིང་བྱང་མ་སོགས་འཕྲེད་ཐིག་ཚད་ཆེ་འབྲིང་གི་ས་ཁུལ་དུ་ལྟ་ན་སྡུག་པའི་སྣེ་འོད་མཐོང་ཐུབ་པར་གྱུར་བ་རེད། པེ་ཅིང་གནམ་དཔྱད་ཁང་གི་ཞིབ་འཇུག་པ་ཀྲུའུ་ཅིན་ཡེ་ཡིས། ཉི་མའི་འགུལ་སྐྱོད་དྲག་པའི་སྐབས་སུ་འཕྲེད་ཐིག་ཚད་ཆེ་འབྲིང་ས་ཁུལ་དུ་སྣེ་འོད་མཐོང་ཐུབ་སྲིད་ཅེས་བསྟན་འདུག

       ཚེས་22ཉིན་གྱི་ཐོ་རེངས་ཆུ་ཚོད་2པར། ཉི་མ་དང་ཉི་ཟླུམ་རིམ་པའི་ལྟ་དཔྱད་སྟེགས་བུ(འཁོར་སྐར་SOHO)ཡིས་ཉི་ངོས་འབར་ཐིག་རིམ་པ་M1.7དང་ལྷན་དུ་ཐོན་པའི་ཧྲིལ་འཛིན་ཉི་མའི་འོད་སྐོར་གྱི་འཕངས་དངོས་(བསྡུས་མིང་CME)ཤིག་བརྟག་དཔྱད་ཐུབ་ཡོད། CMEནི་ཏག་ཏག་ཐེངས་འདིའི་དྲག་སྡུད་ཀྱི་ཐད་ཀའི་རྒྱུ་རྐྱེན་ཡིན་པ་དང་། ཐེངས་འདིའི་དྲག་སྡུད་དོན་རྐྱེན་སྔོན་དཔག་ལྟར་ན་སྔར་བཞིན་ཉིན་1ཡས་མས་རྒྱུན་མཐུད་བྱ་རྒྱུ་ཡིན་པ་རེད།

       བརྙན་མཐོང་དྲ་ལམ་དུ་སྤེལ་རྗེས། དྲ་གྲོགས་མང་པོས་གཅིག་རྗེས་གཉིས་མཐུད་ངང་དཔྱད་བརྗོད་སྤེལ་ནས། སྣེ་འོད་ཀྱི་མཛེས་སྡུག་གིས་ཡིད་སེམས་འཕྲོག་སོང་ཞེས་བཤད་འདུག

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། 

ཞུ་དག གངས་ཕྲུག་བློ་རྒྱ།

སྒྲིག་སྒྱུར། ཀླུ་འབུམ། 

འཛམ་གླིང་སྐར་ཁུངས།

▶པའེ་ཏེང་2024ལོའི་ཙུང་ཐུང་འགྲན་འདེམས་ནང་ཞུཊ་རྒྱུ་ཁྱབ་བསྒྲཊ་བྱས།

པའེ་ཏེང་ད་ལོ་ལོ་80ཡིན་ཞིང་། ད་བར་ཨ་རིའི་ལོ་རྒན་ཤོས་ཀྱི་ཙུང་ཐུང་དེ་རེད། ལུའུ་ཐོའུ་གསར་འགྱུར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། པའེ་ཏེང་གིས་ཡང་བསྐྱར་ཙུང་ཐུང་འགྲན་འདེམས་ཁྲོད་ཞུགས་རྒྱུ་ཁྱབ་བསྒྲགས་བྱས་པ་ནི་དམངས་གཙོ་ཏང་ལ་མཚོན་ན

中央广播电视总台 央广网 版权所有

▶ཤིན་ཅང་དུ་རང་བྱུང་སྣང་ཚུལ་ངོ་མཚར་བ་འདི་འདྲ་ཐོན་འདུག

བརྙན་མཐོང་དྲ་ལམ་དུ་སྤེལ་རྗེས། དྲ་གྲོགས་མང་པོས་གཅིག་རྗེས་གཉིས་མཐུད་ངང་དཔྱད་བརྗོད་སྤེལ་ནས། སྣེ་འོད་ཀྱི་མཛེས་སྡུག་གིས་ཡིད་སེམས་འཕྲོག་སོང་ཞེས་བཤད་འདུག