ཆ་འཕྲིན་ཐེར་འདོན། mzjubao@cnr.cn

འཚོ་བའི་རྒྱུན་ཤེས།

མཐོ་རྒྱུགས་བཏང་ཟིན་པའི་སློབ་མས་ངེས་པར་དུ་ཤེས་པར་གྱིས་དང་།

2023-07-05 18:36:00     责编:娜科

    རྩོམ་སྒྲིག་པས་མཐོ་རྒྱུགས་བཏང་ཟིན་པའི་སློབ་མ་ཚོར་དོན་དག་གང་དག་ལ་ངེས་པར་དུ་དོ་སྣང་བྱེད་དགོས་པ་དང་ཆ་འཕྲིན་གང་དག་ཕྱིར་གྱར་མི་རུང་བའི་དྲན་སྐུལ་བྱེད་རྒྱུ་ཡིན།

   སློབ་མ་མི་ཉུང་བ་ཞིག་གིས་བརྗེད་པར་དཀའ་བའི་མྱོང་ཚོར་དྲན་གསོ་བྱེད་ཕྱིར་དྲན་རྟེན་པར་རྒྱག་པ་སོགས་བྱས་ནས་གྲོགས་ཚོགས་སུ་བསྐུར་ཏེ་དགའ་སྤྲོ་མཉམ་སྤྱོད་བྱེད་ཀྱི་ཡོད། དེར་བརྟེན། སློབ་བསྡུ་སྡེ་ཚན་གྱིས་སློབ་མ་ཚོར་གཤམ་གྱི་ཆ་འཕྲིན་6པོ་འདི་དག་གང་བྱུང་དུ་མཉམ་སྤྱོད་བྱེད་མི་རུང་བའི་དྲན་སྐུལ་བྱས་འདུག

 

གཅིག ཡིག་རྒྱུགས་གཏོང་ཆོག་པའི་ལག་ཁྱེར་གང་བྱུང་དུ་བསྐུར་རྒྱུ་མེད།

    

    མཐོ་རྒྱུགས་བཏང་ཟིན་རྗེས་ཡིག་རྒྱུགས་གཏོང་ཆོག་པའི་ལག་ཁྱེར་ངེས་པར་དུ་ཉར་ཚགས་ཡག་པོ་བྱེད་དགོས། གལ་ཏེ་རྒྱུགས་སྤྲོད་སློབ་མས་ཡིག་རྒྱུགས་གཏོང་ཆོག་པའི་ལག་ཁྱེར་གྲོགས་ཚོགས་སུ་བསྐུར་ཚེ་ཐོབ་ཐང་ལག་ཁྱེར་གྱི་ཨང་གྲངས་སོགས་ཆ་འཕྲིན་གལ་ཆེན་གཞན་གྱིས་འདྲ་བཟོ་བྱེད་བདེ་པོ་ཡོད།

 

གཉིས། ཐོབ་ཐང་ལག་ཁྱེར་བསྐུར་རྒྱུ་མེད།

    

    ཐོབ་ཐང་ལག་ཁྱེར་གྱི་ཨང་གྲངས་དང་མིང་བསུབས་ནས་བསྐུར་རུང་། པར་བཟོའི་ལག་རྩལ་ལྡན་པའི་ཁྲིམས་འགལ་བས་དུས་ཐུང་སྐར་མ་ཁ་ཤས་ནང་སླར་གསོ་བྱེད་པའམ་ཡང་ན་བསྐྱར་བཟོ་བྱས་ཏེ་བེད་སྤྱོད་གཏོང་ཉེན་ཡོད། 

 

གསུམ། རྒྱུགས་སྤྲོད་སློབ་མའི་ཨང་གྲངས་དང་གསང་བའི་ཨང་གྲངས་བསྐུར་རྒྱུ་མེད།

   

    རྒྱུགས་སྤྲོད་སློབ་མའི་ཨང་གྲངས་ནི་མཐོ་རྒྱུགས་རིང་བེད་སྤྱོད་བྱེད་མང་ཤོས་ཀྱི་ཨང་གྲངས་ཤིག་ཡིན་པས། མཐོ་རྒྱུགས་སྐར་གྲངས་དང་། སློབ་བསྡུ་བྱས་འབྲས། གཟུགས་པོ་བརྟག་དཔྱད་བྱས་འབྲས་བཅས་འཚོལ་བཤེར་ཐད་སྤྱོད་དགོས། 

 

བཞི། སྐར་གྲངས་དང་སྐར་གྲངས་འཚོལ་བཤེར་གྱི་དྲ་ངོས་བསྐུར་རྒྱུ་མེད།

    

    ཡིག་རྒྱུགས་ཡག་པོ་བཏང་བའི་སློབ་མས་གྲོགས་ཚོགས་སུ་སྐར་གྲངས་ངོམ་པ་དེ་བསམ་ཤེས་བྱེད་རུང་བའི་བྱ་བ་ཞིག་ཡིན་མོད། འོན་ཀྱང་པར་རིས་དེ་དག་ལས་རྒྱུགས་སྤྲོད་སློབ་མའི་ཨང་གྲངས་དང་མིང་སོགས་ཆ་འཕྲིན་གལ་ཆེན་ཕྱིར་གྱར་ཉེན་ཡོད།

 

ལྔ། མཐོ་རྒྱུགས་ཀྱི་འདོད་མོས་རེའུ་མིག་རྒྱོང་བའི་ཆ་འཕྲིན་བསྐུར་མི་རུང་།

 

    མཐོ་རྒྱུགས་ཀྱི་འདོད་མོས་རེའུ་མིག་དྲ་ཐོག་ཏུ་ཐོ་འགོད་བྱེད་པ་ཕུད། ད་དུང་རྒྱུགས་སྤྲོད་སློབ་མས་འདོད་མོས་རེའུ་མིག་རྒྱོང་བ་དང་འབྲེལ་མིང་རྟགས་བཀོད་ནས་ངོས་འཛིན་བྱེད་དགོས། རྒྱུགས་སྤྲོད་སློབ་མ་འགའ་རེས་དྲན་རྟེན་དུ་ཉར་ཆེད་ཤོག་ངོས་རེའུ་མིག་པར་རྒྱག་གི་ཡོད། སྒེར་གྱི་ཆ་འཕྲིན་ཕྱིར་མི་གྱར་བའི་ཆེད་དེ་རིགས་གྲོགས་ཚོགས་སུ་གཏན་ནས་བསྐུར་མི་རུང་།

 

དྲུག སློབ་བསྡུའི་བརྡ་ཐོ་བསྐུར་རྒྱུ་མེད།

 

    སློབ་བསྡུའི་བརྡ་ཐོའི་ཡིག་སྐོགས་སམ་ཡང་ན་ཁ་ཤོག་བསྐུར་བ་ལས་ནང་དོན་བསྐུར་རྒྱུ་མེད། རྒྱུགས་སྤྲོད་སློབ་མའི་པར་དང་། མིང་། ཐོབ་ཐང་ལག་ཁྱེར་གྱི་ཨང་གྲངས། ཡིག་རྒྱུགས་གཏོང་ཆོག་པའི་ལག་ཁྱེར་གྱི་ཨང་གྲངས། སློབ་བསྡུའི་ཆེད་ལས་དང་ཐ་ན་སློབ་ཆེན་གྱི་སློབ་ཨང་བཅས་ཚང་མ་དེར་བཀོད་ཡོད་པས། གལ་ཏེ་ཁྲིམས་འགལ་བས་ཆ་འཕྲིན་དེ་དག་ཤེས་ཚེ་རྒྱུགས་སྤྲོད་སློབ་མར་ཁ་བསླུས་རྒྱག་ཉེན་ཆེན་པོ་ཡོད།

中央广播电视总台 央广网 版权所有

མཐོ་རྒྱུགས་བཏང་ཟིན་པའི་སློབ་མས་ངེས་པར་དུ་ཤེས་པར་གྱིས་དང་།

མཐོ་རྒྱུགས་ཀྱི་འདོད་མོས་རེའུ་མིག་དྲ་ཐོག་ཏུ་ཐོ་འགོད་བྱེད་པ་ཕུད། ད་དུང་རྒྱུགས་སྤྲོད་སློབ་མས་འདོད་མོས་རེའུ་མིག་རྒྱོང་བ་དང་འབྲེལ་མིང་རྟགས་བཀོད་ནས་ངོས་འཛིན་བྱེད་དགོས།