ཆ་འཕྲིན་ཐེར་འདོན། mzjubao@cnr.cn

འཛམ་གླིང་སྐར་ཁུང་།

ཙུང་ཐུང་པེ་ཏེན་ལ་རྒྱལ་ཡིག་ཕུལ་བ།

2023-07-04 17:25:00     责编:娜科

    ཟླ་6ཚེས་30ཉིན། ཨ་རིའི་ཙུང་ཐུང་པེ་ཏེན་གྱིས་ཕོ་བྲང་དཀར་པོའི་འཇོང་དབྱིབས་གཞུང་ལས་ཁང་ནས་གསར་དུ་བསྐོས་པའི་ཨ་རིར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཞེ་ཧྥེང་གིས་ཕུལ་བའི་རྒྱལ་ཡིག་དང་ལེན་བྱས་པ་རེད། ཙུང་ཐུང་པེ་ཏེན་གྱིས་གཞུང་ཚབ་ཆེ་མོ་ཞེ་ཧྥེང་གིས་འགན་གསར་བཞེས་པ་དགའ་བསུ་ཞུས་པ་དང་། ཀྲུང་གོ་དང་ཨ་རིའི་འབྲེལ་བའི་ཐད་ནས་བགྲོ་གླེང་ཡང་བྱས་པ་རེད། 

   ཞེ་ཧྥེང་གིས་ཨ་རིར་བཅའ་སྡོད་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཆེད་བསྐོས་གཞུང་ཚབ་ཆེ་མོ་བཅུ་གཉིས་པའི་ལས་འགན་འཁུར་བ་ནི་གཟི་བརྗིད་ལྡན་ལ་འགན་འཁྲི་ལྕི་མོ་ཞིག་རེད། ན་ནིང་ཟླ་11པར། ཀྲུའུ་ཞི་ཞི་ཅིན་ཕིང་དང་ཙུང་ཐུང་པེ་ཏེན་གྱིས་པ་ལི་གླིང་ཕྲན་དུ་ཐུག་འཕྲད་བྱས་པ་དང་འབྲེལ་ཐུན་མོང་གི་ངོས་འཛིན་གལ་ཆེན་བྱུང་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་པའི་ཕན་ཚུན་བརྩི་འཇོག་དང་། ཞི་བདེ་མཉམ་གནས། མཉམ་ལས་གཉིས་ཕན་བཅས་ཀྱི་རྩ་དོན་ལ་བརྩི་སྲུང་ཞུ་བ་དང་། ཨ་རི་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་ཁ་ཕྱོགས་གཅིག་པར་བསྐྱོད་དེ་རྒྱལ་ཁབ་གཉིས་པོའི་གཙོ་བདག་པ་ལི་གླིང་ཕྲན་དུ་ཐུག་འཕྲད་བྱེད་པའི་ཐུན་མོང་གི་ངོས་འཛིན་དོན་འཁྱོལ་ནན་ཏན་བྱས་ནས། དུས་སྐབས་གསར་པའི་ནང་ཀྲུང་ཨའི་ཡང་དག་པའི་མཉམ་གནས་ཀྱི་ལམ་བུ་འཚོལ་ཞིབ་བྱས་ཏེ། ཀྲུང་ཨའི་འབྲེལ་བ་བརྟན་པོ་ཆགས་རྒྱུར་སྐུལ་འདེད་གཏོང་བ་དང་རྒྱུན་གཏན་གྱི་དྲང་ལམ་ཐོག་བསྐྱར་དུ་ལོག་རྒྱུའི་རེ་བ་ཡོད་པ་བསྟན། 

འཛམ་གླིང་སྐར་ཁུངས།

ཁོང་གིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་འགན་འདི་བསྟུད་འཛིན་བྱས།

སྤྱི་ཁྱབ་ལས་འཛིན་པ་ཆུས་ཏུང་ཡུས་ཀྱིས་སྤྱི་ཁྱབ་ལས་འཛིན་གསར་པ་བསྐོ་གཞག་འདེམས་བསྐོའི་ཁྲོད་བདེ་བླག་གིས་བདམས་ཐོན་བྱུང་ནས་ལས་འགན་བསྟུད་འཛིན་བྱ་རྒྱུ་རེད།

中央广播电视总台 央广网 版权所有

ཙུང་ཐུང་པེ་ཏེན་ལ་རྒྱལ་ཡིག་ཕུལ་བ།

ཀྲུང་ཨའི་འབྲེལ་བ་བརྟན་པོ་ཆགས་རྒྱུར་སྐུལ་འདེད་གཏོང་བ་དང་རྒྱུན་གཏན་གྱི་དྲང་ལམ་ཐོག་བསྐྱར་དུ་ལོག་རྒྱུའི་རེ་བ་ཡོད་པ་བསྟན།