ཆ་འཕྲིན་ཐེར་འདོན། mzjubao@cnr.cn

འཚོ་བའི་རྒྱུན་ཤེས།

མཇིང་ཚིགས་ཀྱི་ནད་འགོག་པའི་ཐབས་མཆོག་འདིར་ཡོད།

2023-06-20 16:50:00     责编:娜科

    གཅིག མཇིང་པར་ན་ཟུག་གཏོང་བ་དང་། ལག་པས་འོག་ནས་སྒང་ལ་འཕུར་འཕུར་བཏང་ན་ན་ཟུག་ཆུང་དུ་འགྲོ་བ་དང་ཤུགས་ཀྱིས་མནན་ན་ན་ཟུག་ཆེ་རུ་ཕྱིན་ཚེ། སྤྱིར་ན་མཇིང་ཚིགས་ཀྱི་ནད་ཕོག་ཡོད།

    གཉིས། མཇིང་པར་ན་ཟུག་གཏོང་བ་དང་ཆབས་ཅིག ལག་པར(དཔུང་པ)ན་ཟུག་གཏོང་བའམ་ཡང་ན་སྦྲིད་ཚེ། སྤྱིར་ན་དབང་རྩའི་རིགས་ཀྱི་མཇིང་ཚིགས་ནད་ཕོག་ཡོད།

    གསུམ། མིག་བཙུམ་ནས་མཇིང་པ་གཡས་གཡོན་དུ་བསྐོར་སྐབས་མགོ་ན་བའམ་ཡང་ན་མགོ་ཡུ་འཁོར་ཚེ། སྤྱིར་ན་ཁྲག་རྩའི་རིགས་ཀྱི་མཇིང་ཚིགས་ནད་ཕོག་ཡོད།

    བཞི། མཇིང་པར་ན་ཟུག་གཏོང་བ་དང་ཆབས་ཅིག རྐང་ལག་ལ་ཤུགས་མེད་པ་དང་ན་ཟུག་བཏང་ཚེ། སྤྱིར་ན་རྒྱུང་པའི་རིགས་ཀྱི་མཇིང་ཚིགས་ནད་དམ་ཡང་ན་མཇིང་རྩ་ཕྲ་བའི་ནད་ཕོག་ཡོད། 

     གལ་ཏེ་མཇིང་ཚིགས་ཀྱི་ནད་ཕོག་ཚེ། ཉི་མ་ལོ་ལས་རིང་བའི་ཚོར་སྣང་སྦྱིན་པ་དང་། དེ་བཞིན་མགོ་བོ་དང་། མཇིང་པ། དཔུང་པ་བཅས་ལ་ན་ཟུག་གཏོང་བའི་ཁར་ལག་པ་སྦྲིད་པའི་ཚོར་སྣང་སྦྱིན་པ་མ་ཟད། ཐ་ན་ལུས་པོར་ཉོབ་མདངས་སླེབས་ནས་ལས་ཀ་གང་ཞིག་ཀྱང་བྱེད་མི་འདོད་པར་འགྱུར་གྱི་ཡོད། དེར་བརྟེན། རྟག་ཏུ་ནས་མཇིང་ཚིགས་ནད་འགོག་བཅོས་བྱ་རྒྱུ་ནི་གལ་འགངས་ཤིན་ཏུ་ཆེན་པོ་ཡིན་པས། ང་ཚོས་གཤམ་གསལ་གྱི་འགུལ་སྟངས་འདི་སྦྱངས་ན་ནད་རྟགས་འདི་རིགས་ཐོན་རྒྱུ་སྔོན་འགོག་བྱེད་ཐུབ་ཀྱི་ཡོད།

 

 

 

 

འཛམ་གླིང་སྐར་ཁུངས།

▶སུའུ་ཏན་གྱི་གདོང་ཐུག་ཁྲོད་ཉུང་མཐར་ཡང་མི་676རྐྱེན་ལམ་དུ་ཤོར་འདུག

སུའུ་ཏན་གྱི་གདོང་ཐུག་ཕྱོགས་གཉིས་ཏེ་སུའུ་ཏན་དྲག་ཆས་དམག་དཔུང་དང་མྱུར་སྐྱོར་དཔུང་སྡེས་ཟླ་5པའི་ཚེས་11ཉིན་སོ་ཏི་ཨ་རབ་ཏུ་ཐོག་མའི་རྩ་དོན་གྲོས་མཐུན་ལ་མིང་རྟགས་བཀོད་ནས་དུས་ཐུང་དམག་མཚམས་འཇོག་རྒྱུའི་སྐོར་ལ་སྔོན་དུ་གྲོས་བསྡུར་བྱས་ཏེ། བྲེལ་མྱུར་མི་ཆོས་དངོས་ཟོག་སོགས་སྐྱེལ་འདྲེན་བྱེད་པར་སྟབས་བདེ་བསྐྲུན་རྒྱུར་མོས་མཐུན་བྱུང་ཡོད།

中央广播电视总台 央广网 版权所有

མཇིང་ཚིགས་ཀྱི་ནད་འགོག་པའི་ཐབས་མཆོག་འདིར་ཡོད།

གལ་ཏེ་མཇིང་ཚིགས་ཀྱི་ནད་ཕོག་ཚེ། ཉི་མ་ལོ་ལས་རིང་བའི་ཚོར་སྣང་སྦྱིན་པ་དང་། དེ་བཞིན་མགོ་བོ་དང་། མཇིང་པ། དཔུང་པ་བཅས་ལ་ན་ཟུག་གཏོང་བའི་ཁར་ལག་པ་སྦྲིད་པའི་ཚོར་སྣང་སྦྱིན་པ་མ་ཟད།