ཆ་འཕྲིན་ཐེར་འདོན། mzjubao@cnr.cn

འཛམ་གླིང་སྐར་ཁུང་།

▶སུའུ་ཏན་གྱི་གདོང་ཐུག་ཁྲོད་ཉུང་མཐར་ཡང་མི་676རྐྱེན་ལམ་དུ་ཤོར་འདུག

2023-05-17 15:11:00     责编:娜科

     ཟླ་5པའི་ཚེས་14ཉིན་ལུའུ་ཐུའུ་གསར་འགྱུར་ཁང་གིས་གནས་ཚུལ་སྤེལ་བར་གཞིགས་ན། སུའུ་ཏན་གྱི་རྒྱལ་ས་ཁར་ཐུམ་གྱི་ས་ཁུལ་ཁག་གཅིག་ཏུ་སྔར་བཞིན་མེ་སྒྱོགས་བརྒྱབ་པ་དང་མཁའ་རྒོལ་བྱས་པ་རེད། གནམ་གྲུ་འབབ་ཐང་གི་ཉེ་འགྲམ་དུ་སྡོད་པའི་གྲོང་མི་ཞིག་གིས་ཉིན་གང་མེ་མདའི་སྒྲ་གཅིག་རྗེས་གཉིས་མཐུད་དུ་གྲགས་ཡོང་བ་བརྗོད་ཡོད།

མཉམ་འབྲེལ་རྒྱལ་ཚོགས་ཀྱིས་སུའུ་ཏན་གྱི་དྲག་ཤུགས་གདོང་ཐུག་ནང་མི་676རྐྱེན་ལམ་དུ་ཤོར་ཞིང་མི་5576ལ་རྨས་སྐྱོན་ཕོག་ཡོད་ཅེས་བསྟན་ཡོད། 

     སུའུ་ཏན་གྱི་གདོང་ཐུག་ཕྱོགས་གཉིས་ཏེ་སུའུ་ཏན་དྲག་ཆས་དམག་དཔུང་དང་མྱུར་སྐྱོར་དཔུང་སྡེས་ཟླ་5པའི་ཚེས་11ཉིན་སོ་ཏི་ཨ་རབ་ཏུ་ཐོག་མའི་རྩ་དོན་གྲོས་མཐུན་ལ་མིང་རྟགས་བཀོད་ནས་དུས་ཐུང་དམག་མཚམས་འཇོག་རྒྱུའི་སྐོར་ལ་སྔོན་དུ་གྲོས་བསྡུར་བྱས་ཏེ། བྲེལ་མྱུར་མི་ཆོས་དངོས་ཟོག་སོགས་སྐྱེལ་འདྲེན་བྱེད་པར་སྟབས་བདེ་བསྐྲུན་རྒྱུར་མོས་མཐུན་བྱུང་ཡོད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། 

ཞུ་དག གངས་ཕྲུག་བློ་རྒྱ།

སྒྲིག་སྒྱུར། སྒྲོལ་མ་མཚོ། 

འཛམ་གླིང་སྐར་ཁུངས།

▶དབྱིན་ཇིས་ཡུག་རེན་ལ་སྐོར་ཞིབ་འཕུར་མདེལ་མཁོ་འདོན་བྱ་རྒྱུའི་་་

སྤྱི་ཚེས་12ཉིན། ཨུ་རུ་སུའི་ཕྱི་འབྲེལ་པུས་དབྱིན་ཇིས་ཡུག་རེན་ལ“རླུང་འཚུབ་ཀྱི་གྲིབ་མ”ཞེས་འབོད་པའི་སྐོར་ཞིབ་འཕུར་མདེལ་མ་ལག་མཁོ་འདོན་བྱ་རྒྱུ་ཐག་བཅད་པའི་ཐད་གསལ་བསྒྲགས་སྤེལ་ཡོད།

中央广播电视总台 央广网 版权所有