ཆ་འཕྲིན་ཐེར་འདོན། mzjubao@cnr.cn

འཚོ་བའི་རྒྱུན་ཤེས།

ཞོགས་པ་ལྟོ་སྟོང་ལ་ཆུ་བཏུངས་ན་འཚམ་པོ་ཡོད་དམ།

2023-05-17 15:18:00     责编:娜科

    མི་མང་ཆེ་བ་རྣམ་ཀུན་ནས་ཆུ་འཐུང་བར་དགའ་བ་དང་། ལྷག་པར་དུ་ཞོགས་པ་མལ་ནས་ལངས་རྗེས་ཆུ་འཐུང་བའི་གོམས་གཤིས་ཡོད་ཅིང་། དེར བདེ་ཐང་ཆུ དང དུག་སེལ་ཆུ ཞེས་བརྗོད་ནས་ཚང་མས་བདེ་ཐང་གི་འཚོ་བ་སྐྱེལ་སྟངས་ཤིག་ལ་བརྩི་གི་ཡོད། 

    འོན་ཀྱང་མི་འགའ་ཞིག་གིས་ཞོགས་པ་མལ་ནས་ལངས་རྗེས་འོ་མ་འཐུང་བ་དང་ཡང་ན་ཀོག་ཧྥེ་སོགས་འཐུང་གི་ཡོད། 

    འོ་ན། ཞོགས་པ་མལ་ནས་ལངས་རྗེས་ཡང་སྙིང་ཅི་ཞིག་འཐུང་དགོས་མིན་དང་གང་ལ་དོ་སྣང་བྱེད་དགོས་མིན་ཐད་རིགས་གཅིག་མཁས་ཅན་གྱིས་འདི་འདྲ་གསུངས་འདུག

ཞོགས་པ་མལ་ནས་ལངས་རྗེས་གང་ཞིག་འཐུང་དགོས་སམ།

 

    གནད་དོན་དེ་ཞོགས་པ་ཁྱེད་རང་གཉིད་ལས་སད་དུས་ཁ་སྐོམ་པའི་རང་བཞིན་དང་འབྲེལ་བ་མེད། གཙོ་བོ་ནི་ཁྱེད་ཀྱི་ལུས་པོར་ཆུ་མཁོ་མིན་ལ་ཐུག་ཡོད། ང་ཚོ་གཉིད་དུ་ཡུར་དུས་དབུགས་རྔུབ་གཏོང་དང་རྡུལ་ཆུ་འདོན་པ་སོགས་ལུས་ཁམས་ཀྱི་བྱེད་ནུས་སྔར་བཞིན་འགུལ་སྐྱོད་བྱེད་ཀྱི་ཡོད་པས། ལུས་པོའི་བརླན་གཤེར་གྱི་ཆ་ 4500ML རྫོགས་ཀྱི་ཡོད། དེས་ན་ཞོགས་པ་ཆུ་ཁོལ་གྲང་བཏུངས་ན་མཚན་དགུང་ལུས་པོ་ནས་ཤོར་བའི་ཆུ་དེ་དག་ཁ་གསབ་བྱེད་ཐུབ། 

    གལ་ཆེ་ཤོས་ནི་ཞོགས་པ་མལ་ནས་ལངས་དུས་ཆུ་བཏུངས་ན། ཁྲག་སླ་རུ་འགྲོ་བ་དང་། ཁྲག་ཤེད་དམའ་རུ་འགྲོ་བ། ཁྲག་འཁོར་སྐྱོད་ཡག་པོ་བྱས་ནས་འཕྲལ་མར་རིག་པ་གསལ་དུ་འགྲོ་བ་མ་ཟད། ད་དུང་སྙིང་ནད་མི་ཕོག་པའི་ནུས་པ་ཐོན་གྱི་ཡོད། བྱེད་ཐབས་འདི་ལོ་ན་རྒས་པའི་མི་ཚོགས་ཀྱི་ངོས་ནས་བརྗོད་ན་ལྷག་པར་གལ་འགངས་ཆེ། 

ཞོགས་པ་ཐོག་མར་ཅི་ཞིག་བཏུང་ན་འཚམ་མམ། 

འདི་ནི་ཆུ་ཁོལ་ཡིན་པ་སྨོས་མེད་རེད། 

    དེ་ཡང་ཆུ་ཁོལ་ནི་རང་བྱུང་ལྷད་མེད་ཀྱི་དྭངས་ཆུ་གཙང་སེལ་ཐེངས་མང་བྱས་ནས་བསྐོལ་བ་ཞིག་ཡིན་པས། ཆུ་གྲང་མོའི་ནང་གི་འབུ་ཕྲ་ཆུ་བསྐོལ་བས་མེད་པར་འགྱུར་གྱི་ཡོད། དེས་མ་ཟད། ཆུ་ཁོལ་ལ་འཚོ་བཅུད་ཀལ་སོགས་ལྡན་པས་མིའི་གཟུགས་པོར་ཕན་པ་ཧ་ཅང་ཆེན་པོ་ཡོད། 

    ཞིབ་འཇུག་ལས་མངོན་པར། འཚོ་བཅུད་ཀལ་དང་མའེ་སོགས་ལྡན་པའི་ཆུས་སྙིང་ཁྲག་གི་ནད་སྔོན་འགོག་ཐུབ་ཀྱི་ཡོད། གཞན་ཡང་ཆུ་ཁོལ་གྱིས་ལུས་པོར་ཆུ་ཁ་གསབ་ཐུབ་ལ་ཁྲག་འཁོར་སྐྱོད་བདེ་རུ་ཕྱིན་ནས་འཕྲལ་མར་རིག་པ་དྭངས་པོར་འགྱུར་ཐུབ། 

    དེར་བརྟེན་ཞོགས་པ་མལ་ནས་ལངས་རྗེས། གཟུགས་པོའི་དྲོད་ཚད་དང་འཚམ་པའི་ཆུ་200MLའཐུང་དགོས། དོ་སྣང་བྱེད་དགོས་པ་ཞིག་ལ་ཆུ་དེ་ག་ལེར་འཐུང་དགོས་པ་ལས་ཧོབ་ཐེངས་གཅིག་ལ་འཐུང་རྒྱུ་མེད། 

ཞོགས་པ་ཆུ་འཐུང་སྐབས་དོ་སྣང་བྱེད་དགོས་པ་གང་ཡོད་དམ།

ཆུའི་དྲོད་ཚད། 

    ཆུ་དྲོ་འཇམ་འཐུང་དགོས། ཡུན་རིང་བཞག་པའི་ཆུ་དང་ཞག་གཅིག་སོང་བའི་ཆུ་ཡག་ཤོས་བྱུང་ན་འཐུང་མི་ཉན། ད་ལྟ་བསྐོལ་མ་ཐག་པའི་ཆུ་ཁོལ་ཧྲེ་ཧྲི་ཏུའུ་40ཡས་མས་ཙམ་བཏུངས་ན་མིའི་གཟུགས་པོའི་དྲོད་ཚད་དང་འཚམ་པོ་ཡོད་པས་ལུས་པོར་ཕན་ཐོགས་ཆེན་པོ་ཡོད། འོན་ཀྱང་གྲང་དྲགས་པའམ་ཚ་དྲགས་ན་ཕོ་བར་གནོད་སྲིད། 

 

 

ཆུ་མང་ཉུང་། 

    ཆུ་མང་ཉུང་ཇི་ཙམ་འཐུང་དགོས་སམ་ཞེ་ན། ཞོགས་པ་ཆུ་200MLཙམ་བཏུངས་ན་འཚམ་ཤོས་རེད། བཏུངས་དྲགས་ན་ཕོ་བས་ཞོགས་ཟས་འཇུ་ཁག་ཏུ་འགྲོ་སྲིད། གལ་སྲིད་མཁལ་མའི་སྙིགས་དོར་ནུས་པ་ཡག་པོ་མེད་ཚེ། སྨན་པའི་མངགས་བྱ་བཞིན་འཐུང་དགོས། 

ཆུ་འཐུང་བའི་དུས་ཚོད། 

    ཞོགས་པ་མལ་ནས་ལངས་ནས་ཁ་ལག་མ་ཟས་གོང་བཏུངས་ན་ཡག་ཤོས་རེད། 

འཛམ་གླིང་སྐར་ཁུངས།

▶སུའུ་ཏན་གྱི་གདོང་ཐུག་ཁྲོད་ཉུང་མཐར་ཡང་མི་676རྐྱེན་ལམ་དུ་ཤོར་འདུག

སུའུ་ཏན་གྱི་གདོང་ཐུག་ཕྱོགས་གཉིས་ཏེ་སུའུ་ཏན་དྲག་ཆས་དམག་དཔུང་དང་མྱུར་སྐྱོར་དཔུང་སྡེས་ཟླ་5པའི་ཚེས་11ཉིན་སོ་ཏི་ཨ་རབ་ཏུ་ཐོག་མའི་རྩ་དོན་གྲོས་མཐུན་ལ་མིང་རྟགས་བཀོད་ནས་དུས་ཐུང་དམག་མཚམས་འཇོག་རྒྱུའི་སྐོར་ལ་སྔོན་དུ་གྲོས་བསྡུར་བྱས་ཏེ། བྲེལ་མྱུར་མི་ཆོས་དངོས་ཟོག་སོགས་སྐྱེལ་འདྲེན་བྱེད་པར་སྟབས་བདེ་བསྐྲུན་རྒྱུར་མོས་མཐུན་བྱུང་ཡོད།

中央广播电视总台 央广网 版权所有

ཞོགས་པ་ལྟོ་སྟོང་ལ་ཆུ་བཏུངས་ན་འཚམ་པོ་ཡོད་དམ།

ཆུ་མང་ཉུང་ཇི་ཙམ་འཐུང་དགོས་སམ་ཞེ་ན། ཞོགས་པ་ཆུ་200MLཙམ་བཏུངས་ན་འཚམ་ཤོས་རེད། བཏུངས་དྲགས་ན་ཕོ་བས་ཞོགས་ཟས་འཇུ་ཁག་ཏུ་འགྲོ་སྲིད། གལ་སྲིད་མཁལ་མའི་སྙིགས་དོར་ནུས་པ་ཡག་པོ་མེད་ཚེ། སྨན་པའི་མངགས་བྱ་བཞིན་འཐུང་དགོས།