ཆ་འཕྲིན་ཐེར་འདོན། mzjubao@cnr.cn

འཚོ་བའི་རྒྱུན་ཤེས།

ཁྱིམ་བདག་ཚོ། སྨན་བཅོས་སྐོར་གྱི་གཏམ་བཟང་ཞིག་འདུག

2023-07-05 18:35:00     责编:娜科

    ལྷན་སྐྱེས་སྙིང་ནད་ནི་བྱིས་པའི་རྒྱུན་མཐོང་གི་སྙིང་ནད་ཅིག་ཡིན་ཞིང་། ནད་དེ་རྒྱུད་པ་དང་ཁོར་ཡུག་སོགས་ཀྱི་རྒྱུ་རྐྱེན་དང་འབྲེལ་བ་ཡོད་སྲིད། བོད་དུ་ས་བབ་མཐོ་བ་དང་། གྲང་ངར་ཆེ་བ། གསོ་རླུང་དཀོན་པ་སོགས་གནམ་གཤིས་ཀྱི་ཤུགས་རྐྱེན་དབང་གིས་ལྷན་སྐྱེས་སྙིང་ནད་མང་ཙམ་ཐོན་སའི་ས་ཁུལ་ཞིག་རེད།

    སྔ་ཙམ་ཤེས་རྟོགས་དང་སྔ་ཙམ་སྨན་བཅོས་བྱ་ཆེད། ཡུན་ནན་ཞིང་ཆེ ན་ཕུའུ་ཕྱི་བ ཅོས་སྙིང་དང་ཁྲག་རྩའི་སྨན་བཅོས་སྨན་ཁང་གིས་ 2023 ལོའི་ཟླ་ 7 ཚེས་ 3 ཉིན་ནས་ཚེས་ 6 ཉིན་བར་བོད་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་གཉིས་པའི བཅིངས་འགྲོལ་ནུབ་ལམ་སྒོ་རྟགས་ 92 སྒོ་བསྟེན་ཚོམས་ཆེན་དུ་ལྷན་སྐྱེས་སྙིང་ནད་ཕོག་ཡོད་མེད་བརྟག་དཔྱད་དང་ཐོ་རྒྱག་གི་འདུག

    ཟླ་ 7 ཚེས་ 7 ཉིན། ཡུན་ནན་ཞིང་ཆེན་ཕུའུ་ཕྱི་བཅོས་སྙིང་དང་ཁྲག་རྩའི་སྨན་བཅོས་སྨན་ཁང་གི་རིགས་གཅིག་མཁས་ཅན་གྱིས་གཅིག་སྡུད་ཐོག་བརྟག་དཔྱད་བྱ་རྒྱུ་དང་ ལོ་14མན་གྱི་བྱིས་པ་ཚང་མ་བརྟག་དཔྱད་བྱེད་ཁོངས་སུ་བཅུག་ཡོད་པ་མ་ཟད། གཤགས་བཅོས་བྱེད་ཆོག་པའི་ནད་པ་ཚང་མ་སྒྲིག་འཛུགས་བྱས་ནས་མཉམ་དུ་ནང་སར་གཤགས་བཅོས་བྱེད་པར་འགྲོ་རྒྱུ་རེད། བརྟག་དཔྱད་དང་སྨན་བཅོས་ཀྱི་རིན་པ་སྤྲོད་དགོས་མེད།

     ཐོ་འགོད་ཀྱི་དུས་ཚོད།  

     2023 ལོའི་ཟླ་ 7 ཚེས་ 3 ཉིན་ནས་ཚེས་ 6 ཉིན་བར།

    སྔ་དྲོ། 9∶30—12∶30 ཕྱི་དྲོ། 15∶30—18∶00

     མིང་ཐོ་འགོད་ས། བོད་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་གཉིས་པའི་ཁ་སྦུག་ཚན་ཁག་གི་ནད་དཔྱད་ཁུལ།

     བློ་འདྲིའི་ཁ་པར།  0891—6653071

中央广播电视总台 央广网 版权所有

ཁྱིམ་བདག་ཚོ། སྨན་བཅོས་སྐོར་གྱི་གཏམ་བཟང་ཞིག་འདུག