ཆ་འཕྲིན་ཐེར་འདོན། mzjubao@cnr.cn

འཛམ་གླིང་སྐར་ཁུང་།

▶འཛམ་གླིང་ཐོག་གི་མཁལ་རྡོ་ཆེ་ཤོས་དེ་བཏོན་འདུག

2023-07-01 20:50:00     责编:娜科

 

 

     སི་རི་ལན་ཁའི་དམག་ཕྱོགས་ཀྱིས་སྤྱི་ཚེས་14ཉིན་ཡོངས་བསྒྲགས་བྱས་པར་གཞིགས་ན།  ཉེ་ཆར་དམག་མི་སྨན་པ་ཞིག་གིས་ལོ་62ལ་སླེབས་པའི་ནད་པ་ཞིག་ལ་གཤག་བཅོས་བྱས་ནས། མིག་སྔའི་བར་འཛམ་གླིང་ཐོག་གི་མཁལ་མའི་རྡོ་ཆེ་ཤོས་དེ་བཏོན་ནས་ཅི་ཉི་སིའི་འཛམ་གླིང་ཟིན་ཐོ་གསར་པ་གཏོད་ཡོད་ཅེས་བསྟན་འདུག 

     ཧྥ་རན་སེའི་གསར་འགྱུར་ཁང་གིས་དམག་ཕྱོགས་ཀྱི་ཆ་འཕྲིན་དེ་ལུང་དུ་དྲངས་ནས་གནས་ཚུལ་སྤེལ་བ་ལྟར་ན། ནད་པའི་མིང་ལ་ཁ་ཉི་སི་ཐུའུ་སི་ཁོ་ཝུང་ཀེ་ཟེར་ཞིང་། དེ་ནི་དམག་ཞབས་ཐིམས་པའི་དམག་མི་ཞིག་རེད། ཁོང་གི་ལུས་སྟེང་ནས་བླངས་པའི་མཁལ་མའི་རྡོ་དེའི་རིང་ཚད་ལ་ལི་སྨི་13.372ཡོད་པ་དང་། དེ་དང་བསྡུར་ཚེ། སྤྱིར་བཏང་གི་མཁལ་མའི་རིང་ཐུང་ལ་ལི་སྨི་10ནས་12ཙམ་ལས་མེད། མཁལ་མའི་རྡོ་དེའི་ལྗིད་ཚད་ལ་ཁེ་801ཡོད་པ་དེ་ནི་སྐྱེས་པ་ཕལ་བའི་མཁལ་མའི་ཆ་སྙོམས་ལྗིད་ཚད་ཀྱི་ལྡབ་5ལྷག་རེད། 

 

 

     དམག་ཕྱོགས་ཀྱིས་གསལ་བསྒྲགས་ནང་དུ། སྤྱི་ཟླ་6ཚེས་1ཉིན་ཁོ་ལོན་པོའི་སྐམ་དམག་སྨན་ཁང་གི་གཤག་བཅོས་ཆེ་གྲས་ཤིག་ལས་འཛམ་གླིང་ཐོག་གི་མཁལ་མའི་རྡོ་ཆེ་ཤོས་དང་ལྗིད་ཚད་ཆེ་ཤོས་དེ་བླངས་ཡོད་ཅེས་བསྟན།  

     ཁོའོ་ཝུང་ཀའེ་ཡིས་ས་གནས་དེ་གའི་བརྙན་འཕྲིན་ལས་ཁུངས་ཤིག་ལ། སྤྱི་ལོ་2020ལོ་ནས་བཟུང་ཁོང་གྲོད་པ་ན་བ་དང་། སྨན་འཐུང་ན་ཕན་པ་མ་བྱུང་། ཉེ་ཆར་བཤར་འབེབས་ཐེངས་གཅིག་བྱས་རྗེས། ང་ལ་གཤགས་བཅོས་བྱེད་དགོས་པའི་བརྡ་བཏང་བྱུང་། གཤག་བཅོས་བྱས་རྗེས་ད་ལྟ་ཧ་ཅང་རྒྱུན་ལྡན་རེད་ཅེས་བཤད། 

 

 

     སྐམ་དམག་ཕྱི་བཅོས་ཚན་ཁག་གི་སྨན་པ་Kསུའུ་ཐའར་ཧྲང་གིས། ང་ཚོར་མཚོན་ན་གལ་ཆེ་ཤོས་དེ་ནི་མཁལ་རྡོ་ཡོད་ཀྱང་ནད་པ་ཁོང་གི་མཁལ་མའི་ནུས་པ་རྒྱུན་གཏན་ཡིན་པ་དེ་རེད་ཅེས་བཤད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། 

ཞུ་དག བསྟན་འཛིན་དབང་ཕྱུག 

ཡིག་སྒྱུར། སྙན་དབྱངས། 

འཛམ་གླིང་སྐར་ཁུངས།

▶ཨུ་རུ་སུས་ཡུག་རེན་གྱི་འཇིཊ་སྐུལ་འཇབ་རྒོལ་ལ་བཀག་འགོག་བྱས་པར་་

གཞན་ཡང་། ཚེས་18ཉིན་ཡུག་རེན་མཁའ་དམག་གི་མགྲིན་ཚབ་པ་དབྱི་ཀེ་ན་ཐེས་ཧེའར་སུང་མངའ་སྡེའི་ཤར་ལྷོའི་ཧའེ་ཧའེ་མཚོ་འགྲམ་གྱི་ཀེ་ཉི་ཆེ་སི་ཁེའི་ཨུ་རུ་སུའི་དམག་དཔུང་གི་རྫས་མདེལ་མ

中央广播电视总台 央广网 版权所有

▶འཛམ་གླིང་ཐོག་གི་མཁལ་རྡོ་ཆེ་ཤོས་དེ་བཏོན་འདུག

སྐམ་དམག་ཕྱི་བཅོས་ཚན་ཁག་གི་སྨན་པ་Kསུའུ་ཐའར་ཧྲང་གིས། ང་ཚོར་མཚོན་ན་གལ་ཆེ་ཤོས་དེ་ནི་མཁལ་རྡོ་ཡོད་ཀྱང་ནད་པ་ཁོང་གི་མཁལ་མའི་ནུས་པ་རྒྱུན་གཏན་ཡིན་པ་དེ་རེད་ཅེས་བཤད།