ཆ་འཕྲིན་ཐེར་འདོན། mzjubao@cnr.cn

འཛམ་གླིང་སྐར་ཁུང་།

▶ཨུ་རུ་སུས་ཡུག་རེན་གྱི་འཇིཊ་སྐུལ་འཇབ་རྒོལ་ལ་བཀག་འགོག་བྱས་པར་་

2023-07-01 20:48:00     责编:娜科

ཨུ་རུ་སུས་ཡུག་རེན་གྱི་འཇིཊ་སྐུལ་འཇབ་རྒོལ་ལ་བཀག་འགོག་བྱས་པར་བརྗོད་ཅིང་། ཡུག་རེན་གྱིས་རྒྱལ་གཅེས་པའི་མ་ལག་མེད་པར་བཟོས་པ་ཁས་བླངས་མེད་པ།

 

 

     ཟླ་6པའི་ཚེས་19ཉིན། ཨུ་རུ་སུའི་རྒྱལ་ཕྲན་མཉམ་འབྲེལ་བདེ་འཇགས་ཅུས་ཀྱིས་བརྗོད་པ་ལྟར་ན། ཡུག་རེན་གྱི་གསང་འཕྲིན་སྡེ་ཚན་གྱིས་ཀྲ་པོ་ལུའོ་རེ་ས་ཁུལ་དུ་འཇིགས་སྐུལ་འཇབ་རྒོལ་གྱི་བྱེད་སྤྱོད་སྤེལ་བ་བདེ་བླག་ངང་བཀག་འགོག་ཐུབ་ཡོད། ཚེས་18ཉིན་གྱི་དགོང་མོར་ཡུག་རེན་གྱི་ཙུང་ཐུང་ཙེ་ལན་སི་ཅིས་རྒྱལ་གཅེས་པའི་འཕུར་མདེལ་མ་ལག་མེད་པར་བཟོས་པའི་སྐོར་གྱི་ཤོད་སྟངས་དེ་ཁས་བླངས་མེད་པ་དང་། འཕུར་མདེལ་མ་ལག་གིས་སྔར་བཞིན་ལས་ཀ་བྱེད་བཞིན་ཡོད་ཅེས་བཤད་ཡོད།

 

 

     ཨུ་རུ་སུ་རྒྱལ་ཕྲན་མཉམ་འབྲེལ་བདེ་འཇགས་ཅུས་ཀྱིས་གཞུང་ཕྱོགས་དྲ་བའི་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཅུས་དེས་ཡུག་རེན་གྱི་གསང་འཕྲིན་སྡེ་ཚན་གྱིས་ཀྲ་པོ་ལུའོ་རེ་ས་ཁུལ་གྱི་འབྲེལ་ཡོད་མི་སྣར་དམིགས་པའི་འཇིགས་སྐུལ་འཇབ་རྒོལ་བྱ་སྤྱོད་ལ་དམིགས་ནས་འཇིགས་སྐུལ་འཇབ་རྒོལ་བྱ་སྤྱོད་སྒྲིག་འཛུགས་བྱེད་མཁན་ནི་ཡུག་རེན་གྱི་གསང་འཕྲིན་སྡེ་ཚན་གྱི་ལས་དོན་མི་སྣ་ཡིན་པ་རྩད་ཆོད་ཡོད། 

     ཨུ་རུ་སུའི་པེར་ཀོ་ལུའོ་ཏེ་མངའ་སྡེའི་དཔོན་པོ་ཀེ་ལ་ཏེ་ཁོའོ་ཧྥུའུ་ཡིས་ཚེས་19ཉིན་སྤྱི་འབྲེལ་དྲ་བའི་ཐོག་ཡུག་རེན་དམག་གིས་མངའ་སྡེ་དེའི་ཝ་ལུའུ་དབྱི་ཅི་གྲོང་ཁྱེར་གྱི་འཇབ་རྒོལ་ཁྲོད་མི་7ལ་རྨས་སྐྱོན་ཕོག་པ་དང་ཁང་པ་ཐོག་བརྩེགས་ཁ་ཤས་ལ་སྐྱོན་ཕོག་ཡོད་ཅེས་བཤད་ཡོད།

 

 

     གཞན་ཡང་དེ་རིང་གི་ཨུ་རུ་སུ་ཞེས་པའི་གསར་འགྱུར་ཁང་གིས་ཝ་ལུའུ་དབྱི་ཅི་མངའ་སྡེའི་སྲིད་འཛིན་དཔོན་གྱི་སྐད་ཆ་དྲངས་ནས་གནས་ཚུལ་སྤེལ་བར་གཞིགས་ན། གྲོང་ཁྱེར་དེའི་ས་ཁོངས་ཤིག་ལ་ཚེས་19ཉིན་གྱི་ཞོགས་པར་སྒྱོགས་མདེལ་དང་མེ་ཤུགས་འཕུར་མདེལ་གྱི་འཇབ་རྒོལ་མང་པོ་ཕོག་ནས་གློག་སྒྱུར་ས་ཚིགས་ཤིག་ལ་གཏོར་སྐྱོན་ཕོག་ཡོད་པ་རེད།

 

 

     ཡུག་རེན་གྱི་ཙུང་ཐུང་དྲ་ཚིགས་ཐོག་ཚེས་18ཉིན་གནས་ཚུལ་སྤེལ་བར་གཞིགས་ན། ཡུག་རེན་གྱི་ཙུང་ཐུང་ཙེ་ལན་སི་ཅིས་ཉིན་དེའི་དགོང་མོར་བརྙན་ལམ་གཏམ་བཤད་བྱས་པའི་ནང་། ཡུག་རེན་གྱི་རྒྱལ་གཅེས་པའི་འཕུར་མདེལ་མ་ལག་མེད་པར་བཟོས་པའི་སྐོར་གྱི་ཤོད་སྟངས་ཁས་བླངས་མེད་པ་རེད། ཁོང་གིས་འཕུར་མདེལ་མ་ལག་གིས་སྔར་བཞིན་ལས་ཀ་བྱེད་བཞིན་ཡོད་ལ་ཨུ་རུ་སུ་ཕྱོགས་ཀྱི་འཕུར་མདེལ་སྔར་བཞིན་འཕེན་བཞིན་ཡོད་ཅེས་བཤད་ཡོད། ཚེས་19ཉིན་ཙེ་ལན་སི་ཅིས་ཡུག་རེན་གྱི་ཆེས་མཐོའི་སྤྱི་ཁྱབ་བཀོད་འདོམས་པུའུ་ཡི་ཚོགས་འདུ་འཚོགས་ནས་གཡུལ་སའི་དུས་བབ་ལ་གཙོ་གནད་ཐོག་གྲོས་བསྡུར་བྱས་ཡོད་པ་དང་། འབྲེལ་ཡོད་སྡེ་ཚན་གྱིས་དམག་འཐབ་གནས་ཚུལ་དང་། རྫས་མདེལ་ཁ་གསབ། དེ་བཞིན་ཨུ་རུ་སུའི་དམག་དཔུང་གི་བྱ་སྤྱོད་ལ་སྔོན་དཔག་བྱས་ཚུལ་བཅས་སྙན་ཞུ་བྱས་ཡོད།

     གཞན་ཡང་། ཚེས་18ཉིན་ཡུག་རེན་མཁའ་དམག་གི་མགྲིན་ཚབ་པ་དབྱི་ཀེ་ན་ཐེས་ཧེའར་སུང་མངའ་སྡེའི་ཤར་ལྷོའི་ཧའེ་ཧའེ་མཚོ་འགྲམ་གྱི་ཀེ་ཉི་ཆེ་སི་ཁེའི་ཨུ་རུ་སུའི་དམག་དཔུང་གི་རྫས་མདེལ་མཛོད་ཆེ་གྲས་ཤིག་རྩ་བརླག་ཏུ་བཏང་བ་ར་སྤྲོད་བྱས་ཡོད་ལ།  ཉིན་དེར་ཡུག་རེན་རྒྱལ་ཁབ་གསར་འགྱུར་ཁང་གིས་ཨུ་རུ་སུ་ཕྱོགས་ཀྱིས་ཚོད་འཛིན་བྱས་པའི་ཧེའར་སུང་མངའ་སྡེའི་གཡོན་ངོགས་ས་ཁུལ་ནས་འབར་གས་དྲག་པོ་བྱུང་ཡོད་པའི་གནས་ཚུལ་སྤེལ་ཡོད། 

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། 

ཞུ་དག གངས་ཕྲུག་བློ་རྒྱ། 

ཡིག་སྒྱུར། སྒྲོལ་མ་མཚོ། 

འཛམ་གླིང་སྐར་ཁུངས།

▶ཕྱུག་བདག་སོཊ་བསྡད་པའི་ཨ་རིའི་མཚོ་གྲུ་ཞིག་གར་སོང་ཆ་མེད་དུ་གྱུར།

ཅ་ལུའོ་ཡིས་ཆུར་འཛུལ་མཚོ་གྲུ་ལ་རང་ངོས་ནས་གནོད་འཚེ་རང་བཞིན་གྱི་འབར་གས་བྱུང་པ་དེ་ནི་འཇིགས་སུ་རུང་བ་ཞིག་རེད། གལ་ཏེ་གནས་ཚུལ་དེའི་རིགས་བྱུང་ཚེ།

中央广播电视总台 央广网 版权所有

▶ཨུ་རུ་སུས་ཡུག་རེན་གྱི་འཇིཊ་སྐུལ་འཇབ་རྒོལ་ལ་བཀག་འགོག་བྱས་པར་་

གཞན་ཡང་། ཚེས་18ཉིན་ཡུག་རེན་མཁའ་དམག་གི་མགྲིན་ཚབ་པ་དབྱི་ཀེ་ན་ཐེས་ཧེའར་སུང་མངའ་སྡེའི་ཤར་ལྷོའི་ཧའེ་ཧའེ་མཚོ་འགྲམ་གྱི་ཀེ་ཉི་ཆེ་སི་ཁེའི་ཨུ་རུ་སུའི་དམག་དཔུང་གི་རྫས་མདེལ་མ