ཆ་འཕྲིན་ཐེར་འདོན། mzjubao@cnr.cn

འཛམ་གླིང་སྐར་ཁུང་།

ཝེ་རོན་ཀུང་སིར་དངུལ་ཆད་སྒོར་དུང་ཕྱུར་1.42བཅད་པ།

2023-06-20 17:04:00     责编:娜科

       ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་ཀྱི་ནོར་དཔལ་གྱི《དཔལ་འབྱོར་ཆ་འཕྲིན་མཉམ་བསྒྲགས》ལེ་ཚན་གྱི་སྤྱི་ཟླ་6ཚེས་7ཉིན་གྱི་བརྙན།

       ལུའུ་ཐུའུ་གསར་འགྱུར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཨ་རིའི་རྒྱལ་ཕྲན་མཉམ་འབྲེལ་ཉོ་ཚོང་ཨུ་ལྷན་གྱིས་སྤྱི་ཚེས་6ཉིན། ཝེ་རོན་མཉེན་ཆས་ཀུང་སིས《བྱིས་པའི་དྲ་ལམ་གསང་དོན་སྲུང་སྐྱོང་བཅའ་ཁྲིམས》ལས་འགལ་ཏེ། ཕ་མར་བརྡ་ཐོ་མ་བཏང་བའམ་ཡང་ན་ཕ་མའི་མོས་མཐུན་མ་ཐོབ་པའི་གནས་ཚུལ་འོག ལོ་13མན་གྱི་བྱིས་པས་ཀུང་སི་དེས་གསར་སྤེལ་བྱས་པའི་རོལ་རྩེད་འཕྲུལ་འཁོར(Xbox)ཐོ་འགོད་བྱེད་སྐབས། བྱིས་པ་ཚོའི་མི་སྒེར་གྱི་ཆ་འཕྲིན་བསྡུ་ལེན་བྱས་ཤིང་ཉར་ཚགས་བྱས་པས། མཉེན་ཆས་ཀུང་སིས་ཨ་སྒོར་ཁྲི་2000ཏེ། མི་དམངས་ཤོག་སྒོར་གྱི་ཕབ་ཐང་དུང་ཕྱུར་1.42ཀྱི་དངུལ་ཆད་སྤྲོད་དགོས་ལུགས་བརྗོད་ཡོད་པ་རེད། 

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།
ཞུ་དག བསྟན་འཛིན་དབང་ཕྱུག 
ཡིག་སྒྱུར། བྱམས་མཚོ།

འཛམ་གླིང་སྐར་ཁུངས།

མཁའ་ཐོག་གོད་ཆག་བྱུང་ནས་ཉིན་40སོང་རྗེས་བྱིས་པ་4བསྐྱབས་པ།

ཁོ་ལོམ་པི་ཡའི་ཁྱིམ་ཚང་ཕན་བདེའི་རྩ་འཛུགས་ཀྱིས་ཉིན་དེར་རོགས་སྐྱོབ་མི་སྣས་ཕྲུ་གུ་4གསོན་ཡོད་པའི་གནས་ཚུལ་ཤེས་རྟོགས་ཐུབ་ཡོད་ཅེས་བཤད་མོད། འོན་ཀྱང་ཁྱིམ་ཚང་ཕན་བདེའི་རྩ་འཛུགས་ཀྱིས་ཅུང་མ་འགོར་བའི་དུས་སུ་གནམ་གཤིས་ཡག་པོ་མེད་པ་

中央广播电视总台 央广网 版权所有

ཝེ་རོན་ཀུང་སིར་དངུལ་ཆད་སྒོར་དུང་ཕྱུར་1.42བཅད་པ།

ལུའུ་ཐུའུ་གསར་འགྱུར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཨ་རིའི་རྒྱལ་ཕྲན་མཉམ་འབྲེལ་ཉོ་ཚོང་ཨུ་ལྷན་གྱིས་སྤྱི་ཚེས་6ཉིན། ཝེ་རོན་མཉེན་ཆས་ཀུང་སིས《བྱིས་པའི་དྲ་ལམ་གསང་དོན་སྲུང་སྐྱོང་བཅའ་ཁྲིམས》ལས་འགལ་ཏེ།