ཆ་འཕྲིན་ཐེར་འདོན། mzjubao@cnr.cn

འཛམ་གླིང་སྐར་ཁུང་།

▶མེ་ལས་འབར་ཆེ་ཞིང་ཆུ་ལས་རླབས་ཆེ་བའི་ཨུ་ཡུག་གི་དམག་འཁྲུག

2023-05-17 15:07:00     责编:娜科

     ཨུ་རུ་སུའི་རྒྱལ་སྲུང་པུའུ་ཡིས་ས་གནས་དེ་གའི་དུས་ཚོད་སྤྱི་ཚེས་13ཉིན་གྱི་དམག་འཐབ་ཚགས་པར་ཐོག་འདས་ཟིན་པའི་ཉིན་གཅིག་རིང་། ཨུ་རུ་སུའི་དམག་དཔུང་གིས་ཧུང་ལི་མན་དང་། ཏུན་ཉེ་ཚེ་ཁེ། ཧར་ཁོ་ཧྥུའུ། ཀྲ་པོ་ལུའོ་རེ། ཧེའར་སུང་སོགས་ལ་ཕར་རྒོལ་བྱས་ནས་ཡུག་རེན་དམག་དཔུང་གི་གོ་མཚོན་མཛོད་དང་དེ་བཞིན་ལྕགས་ཁྲབ་འཁོར་ལོ། མེ་སྒྱོགས་སོགས་ཀྱི་མཚོན་ཆར་རྡུང་རྡེག་བཏང་བ་དང་། ཨུ་རུ་སུའི་མཁའ་ཟོན་དཔུང་སྡེས་ཡུག་རེན་དམག་གི་མེ་ཤུགས་འཕུར་མདའི་འབར་མདེལ་མང་པོ་བཀག་པ་དང་འབྲེལ་ཡུག་རེན་དམག་གི་མི་མེད་གནམ་གྲུ་བཅུ་ལྷག་ཙམ་གཏོར་བ།  དེ་མིན་ཨུ་རུ་སུའི་དམག་དཔུང་གིས་ད་དུང་པ་ཧོ་མུའུ་ཐེའི་ས་ཁུལ་ཁ་ཤས་དབང་དུ་བསྒྱུར་ཡོད་ཅེས་འཁོད་ཡོད།

 

 

 

     ཉིན་དེར། ཡུག་རེན་དྲག་ཆས་དཔུང་སྡེའི་སྤྱི་ཁྱབ་ཇུས་འདོན་པུའུ་ཡིས་དམག་འཐབ་ཚགས་པར་ཐོག ཨུ་རུ་སུའི་དམག་དཔུང་གིས་ཧུང་ལི་མན་དང་། པ་ཧོ་མུའུ་ཐེ། ཨ་ཕུའུ་ཅེ་ཡེ་ཕུའུ་ཁ། མ་ལིན་ཁ་སོགས་ཀྱི་ཕྱོགས་སུ་གཙོ་གནད་འཇབ་རྒོལ་བྱས་ཡོད་པ་དང་། ཡུག་རེན་མཁའ་དམག་དང་སྒྱོགས་དམག་དཔུང་སྡེས་ཨུ་རུ་སུའི་དམག་མི་དང་གོ་མཚོན་གཅིག་འདུས་ཁུལ་ལ་རྡུང་རྡེག་བཏང་བ་དང་ཨུ་རུ་སུའི་དམག་དཔུང་གི་རྫས་མདེལ་མཛོད་དང་དེ་བཞིན་མཁའ་ཟོན་མ་ལག མི་མེད་གནམ་གྲུ་སོགས་གཏོར་ཡོད་ཅེས་ཁྱབ་བསྒྲགས་བྱས་ཡོད།

 

 

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། 

ཞུ་དག བསྟན་འཛིན་དབང་ཕྱུ

སྒྲིག་སྒྱུར། སྒྲོལ་མ་མཚོ།

འཛམ་གླིང་སྐར་ཁུངས།

▶དབྱིན་ཇིས་ཡུག་རེན་ལ་སྐོར་ཞིབ་འཕུར་མདེལ་མཁོ་འདོན་བྱ་རྒྱུའི་་་

སྤྱི་ཚེས་12ཉིན། ཨུ་རུ་སུའི་ཕྱི་འབྲེལ་པུས་དབྱིན་ཇིས་ཡུག་རེན་ལ“རླུང་འཚུབ་ཀྱི་གྲིབ་མ”ཞེས་འབོད་པའི་སྐོར་ཞིབ་འཕུར་མདེལ་མ་ལག་མཁོ་འདོན་བྱ་རྒྱུ་ཐག་བཅད་པའི་ཐད་གསལ་བསྒྲགས་སྤེལ་ཡོད།

中央广播电视总台 央广网 版权所有

▶མེ་ལས་འབར་ཆེ་ཞིང་ཆུ་ལས་རླབས་ཆེ་བའི་ཨུ་ཡུག་གི་དམག་འཁྲུག

ཉིན་དེར། ཡུག་རེན་དྲག་ཆས་དཔུང་སྡེའི་སྤྱི་ཁྱབ་ཇུས་འདོན་པུའུ་ཡིས་དམག་འཐབ་ཚགས་པར་ཐོག ཨུ་རུ་སུའི་དམག་དཔུང་གིས་ཧུང་ལི་མན་དང་།