ཆ་འཕྲིན་ཐེར་འདོན། mzjubao@cnr.cn

འཚོ་བའི་རྒྱུན་ཤེས།

▶འདི་ལྟར་བྱས་ན་ཚེ་ཇེ་རིང་དུ་འགྲོ་ཐུབ་པ་ཞིབ་འཇུག་ལས་ཤེས་འདུག

2023-05-17 15:09:00     责编:娜科

     སྤྱི་ལོ་2021ལོའི་ཟླ་9པར། ཨ་རིའི་མ་ས་ཀྲུའུ་སའེ་སློབ་ཆེན་ཨ་མོ་སི་ཐེ་ཡན་ལག་སློབ་གྲྭའི་མི་ལུས་འགུལ་སྐྱོད་རིག་པའི་ལས་རོགས་དགེ་རྒན་ཆེ་མོ་བ་ཨ་མན་ཏ་ཕ་ལུའུ་ཁེའི་ཞིབ་འཇུག་ཚོགས་པས། ཨ་རིའི་གསོ་རིག་སློབ་ཚོགས་དུས་དེབ་ཀྱི་ཡན་ལག་དུས་དེབ་《JMA Network Open》ཐོག་ཞིབ་འཇུག་གྲུབ་འབྲས་ཤིག་སྤེལ་བ་ལྟར་ན།  ཉིན་རེར་གོམ་པ་7000ཡན་སོང་ན་འཆི་རྐྱེན་གྱི་ཉེན་ཁ་ཇེ་ཆུང་དུ་གཏོང་ཐུབ།

     ཞིབ་འཇུག་ཚོགས་པ་དེས་ལོ་ངོ་14རིང་དུ་མི་དར་མ་2100ལ་རྗེས་འདེད་ཞིབ་འཇུག་བྱས་པ་ན།  ཉིན་རེར་གོམ་པ་7000མན་འགྲོ་མཁན་དང་བསྡུར་ན་ཉིན་རེར་གོམ་པ་7000ཡན་འགྲོ་མཁན་ཚོར་རྐྱེན་ལམ་དུ་ཤོར་བའི་ཉེན་ཁ་མངོན་གསལ་དོད་པོས་དམའ་བ་དང་།  དམའ་ཚད་དེ་50%ནས་70%བར་ཡས་མས་རེད། འོན་ཀྱང་འགྲོ་ཚད་དེ་ལས་མང་ནའང་དེ་བསྟུན་གྱི་ཕན་པ་མངོན་གསལ་ཡོང་མི་སྲིད་དེ། དཔེར་ན། ཉིན་རེར་གོམ་པ་10000ཡན་སོང་ནའང་ཚེ་ཚད་སྔོན་གསལ་གྱིས་ཇེ་རིང་དུ་འགྲོ་མི་སྲིད།

 

     སྤྱི་ལོ་2019ལོར། ཨ་རིའི་ཧ་ཧྥུའུ་སློབ་ཆེན་གསོ་རིག་སློབ་གླིང་གིས་སྤེལ་བའི་བུད་མེད་རྒན་གྲས་ཀྱི་ཚོགས་ལ་བརྟག་དཔྱད་བྱེད་སྐབས་ཀྱང་དེ་དང་འདྲ་བའི་སྡོམ་ཚིག་ཐོབ་ཡོད་དེ།  བརྟག་དཔྱད་དེའི་ནང་ཆ་སྙོམས་ལོ་ཚད་ལོ་72ལ་སླེབས་པའི་ཨ་རིའི་བུད་མེད་བགྲེས་སོང་ཁྲི་1.7གྱི་ཉིན་རེའི་གོམ་པའི་གྲངས་ཀ་འཚོལ་བསྡུ་བྱས་པ་ན། ཁོང་ཚོའི་ཉིན་རེའི་གོམ་པ་7500མན་ཡིན་ཚེ་ཚེ་ཚད་ཀྱང་གོམས་པའི་གྲངས་ཀ་ཇེ་མང་དུ་སོང་བ་དང་བསྟུན་ནས་ཇེ་དམའ་རུ་འགྲོ་བཞིན་ཡོད་པ་དང་། ཁོང་ཚོའི་ཉིན་རེའི་གོམ་པ་7500ལས་བརྒལ་རྗེས་ཚེ་ཚད་གོམ་གྲངས་འཕར་བ་དང་བསྟུན་ནས་མུ་མཐུད་དུ་ཇེ་དམའ་རུ་འགྲོ་བཞིན་མེད་པ་ཤེས་རྟོགས་བྱུང་།

     དེའི་ཐོག་ནས་ང་ཚོས་ཉིན་རེའི་གོམ་པ་7000ལྷག་ལས་བརྒལ་ཚེ་བདེ་ཐང་ལ་ཕན་པ་ཆེན་པོ་ཐོབ་ཡོད་པ་གསལ་བཤད་བྱས་ཡོད།   ཉིན་རེར་གོམ་པ་7000ལྷག་འགྲོ་རྒྱུ་དེའང་དེ་འདྲའི་ཁག་པོ་ཞིག་མིན་པ་དང་། དུས་རྒྱུན་གྱི་ལས་ཀ་དང་འཚོ་བའི་ཁྲོད་འགྲོ་འོང་ཅུང་ཙམ་བྱེད་པ་དང་དགོང་ཟས་བཟས་རྗེས་སླར་ཡང་སྐར་མ་30ཡན་ལ་འཆམ་འཆམ་དུ་སོང་ཚེ་གོམ་པ་7000ཟིན་གྱི་ཡོད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། 

ཞུ་དག བསྟན་འཛིན་དབང་ཕྱུག

སྒྲིག་སྒྱུར། སྙན་དབྱངས།

འཛམ་གླིང་སྐར་ཁུངས།

▶དབྱིན་ཇིས་ཡུག་རེན་ལ་སྐོར་ཞིབ་འཕུར་མདེལ་མཁོ་འདོན་བྱ་རྒྱུའི་་་

སྤྱི་ཚེས་12ཉིན། ཨུ་རུ་སུའི་ཕྱི་འབྲེལ་པུས་དབྱིན་ཇིས་ཡུག་རེན་ལ“རླུང་འཚུབ་ཀྱི་གྲིབ་མ”ཞེས་འབོད་པའི་སྐོར་ཞིབ་འཕུར་མདེལ་མ་ལག་མཁོ་འདོན་བྱ་རྒྱུ་ཐག་བཅད་པའི་ཐད་གསལ་བསྒྲགས་སྤེལ་ཡོད།

中央广播电视总台 央广网 版权所有

▶འདི་ལྟར་བྱས་ན་ཚེ་ཇེ་རིང་དུ་འགྲོ་ཐུབ་པ་ཞིབ་འཇུག་ལས་ཤེས་འདུག

དེའི་ཐོག་ནས་ང་ཚོས་ཉིན་རེའི་གོམ་པ་7000ལྷག་ལས་བརྒལ་ཚེ་བདེ་ཐང་ལ་ཕན་པ་ཆེན་པོ་ཐོབ་ཡོད་པ་གསལ་བཤད་བྱས་ཡོད།