ཆ་འཕྲིན་ཐེར་འདོན། mzjubao@cnr.cn

འཚོ་བའི་རྒྱུན་ཤེས།

▶བོད་ལྗོངས་སུ་ཉེན་རྟོག་པ་སོཊ་ལ་བརྫུས་ནས་མགོ་སྐོར་གཏོང་བའི་གནས་་་

2023-05-08 10:18:00     责编:娜科

བོད་ལྗོངས་ཀྱི་ས་ཁུལ་མང་པོར་ཉེན་རྟོག་པ་སོགས་ལ་བརྫུས་ནས་མགོ་སྐོར་གཏོང་བའི་གནས་ཚུལ་ཐོན་འདུག་པས་གཟབ་རོགས། 

 

 

ནག་ཆུ་གྲོང་ཁྱེར། 

   ཉེ་སྔོན། ནག་ཆུ་གྲོང་ཁྱེར་དུ་ཉེན་རྟོག་པར་བརྫུས་ནས་མགོ་སྐོར་གཏོང་མཁན་བྱུང་བ་དང་།  མགོ་སྐོར་གཏོང་མཁན་གྱིས་ནག་ཆུ་གྲོང་ཁྱེར་སྤྱི་བདེ་ཅུས་ཀྱི་ཉེན་རྟོག་པ་ཡིན་ཟེར་ནས་མགོ་སྐོར་གཏོང་ཡུལ་ལ་མིང་འོག་གི་དངུལ་ཁང་བྱང་བུ་དེ་ཁྲིམས་འགལ་གྱིས་དངུལ་ལོར་གཙང་སྒྱུར་གྱོད་གཞི་དང་འབྲེལ་བ་འདུག་པས་ཞིབ་བཤེར་བྱེད་པར་རམ་འདེགས་བྱ་དགོས་ཚུལ་བཤད་པ་མ་ཟད།  མགོ་སྐོར་གཏོང་ཡུལ་དང་QQགྲོགས་པོ་བསྒྲིགས་ནས་བརྙན་རིས་ཁ་པར་གྱི་ལམ་ནས་མགོ་སྐོར་གཏོང་ཡུལ་ལ་ཉེན་རྟོག་དཔང་ཡིག་བསྟན་པ་དང་།  ཁྲིམས་ལུགས་ཡིག་ཆ་བསྐུར་བ། དེ་བཞིན་འཇིགས་སྣང་སྐུལ་བ་སོགས་བྱས་ཏེ་མགོ་སྐོར་གཏོང་ཡུལ་ལ་ཁ་པར་དངུལ་ཁང་གི་APPབཀོལ་སྤྱོད་བྱེད་དུ་འཇུག་པ་དང་། བཅོལ་དངུལ་བདེ་འཇགས་རྩིས་ཐོ་ཞེས་པའི་ནང་རྒྱག་ཏུ་བཅུག་ནས་མཐར་མགོ་སྐོར་བཏང་ཡོད་པ་རེད།

         པར་རིས་ནི་མགོ་སྐོར་གཏོང་མཁན་གྱིས་རྫུན་བཟོ་བྱས་པའི་ཁྲིམས་ལུགས་ཡིག་ཆ་ཡིན། 

 

       རྒྱུས་ལོན་པ་ལྟར་ན།  མགོ་སྐོར་གཏོང་སྟངས་དེ་རིགས་ཀྱི་ཁ་པར་ཨང་གྲངས་ནི་སྤྱིར་བཏང་དུ་024ནས་འགོ་ཚུགས་པ་ཡིན་ཞིང་།  མགོ་སྐོར་གཏོང་མཁན་གྱིས་མགོ་སྐོར་གཏོང་ཡུལ་གྱི་མིང་དང་ཐོབ་ཐང་ཨང་གྲངས།  གཞན་ནག་ཆུ་གྲོང་ཁྱེར་སྤྱི་བདེ་ཅུས་ཀྱི་གནས་ཡུལ།  ནང་ཁུལ་གྱི་ཁ་པར་ཨང་གྲངས་སོགས་ཆ་འཕྲིན་འཕྱུགས་མེད་ངང་བཤད་ཐུབ་པས།  མགོ་སྐོར་ཐེབས་མཁན་གྱིས་དེའི་སྤྱི་བདེ་ཉེན་རྟོག་པའི་ཐོབ་ཐང་ལ་ཡིད་ཆེས་ཐོབ་སླ་པོ་ཡོད།  རྒྱ་ཆེའི་གྲོང་མི་ཚོས་དོགས་ཟོན་ནན་མོ་བྱས་ནས་མགོ་སྐོར་ཐེབས་པར་གཟབ་དགོས།

 

 

གཞིས་ཀ་རྩེ་གྲོང་ཁྱེར།  

     ཉེ་སྔོན།  བོད་ལྗོངས་རྒྱལ་རྩེ་རྫོང་གི་མི་ལ་ལར་ཨང་གྲངས་(0099594321399)ཡིན་པའི་ཁ་པར་འབྱོར་ནས།  བོད་ལྗོངས་གཞིས་ཀ་རྩེ་གྲོང་ཁྱེར་སྤྱི་བདེ་ཅུས་ཀྱི་ཉེན་རྟོག་པ་ཡིན་ཟེར་མཁན་ཞིག་གིས། ཁྱོད་ཀྱི་ཐོབ་ཐང་ལག་ཁྱེར་གྱོད་གཞི་ཞིག་དང་འབྲེལ་འདུག་པས་ཞིབ་བཤེར་བྱེད་པར་རམ་འདེགས་བྱ་དགོས་ཟེར་ནས་ལས་བྱེད་མང་ཚོགས་མགོ་སྐོར་གི་རྒྱ་རུ་ཚུད་ཐབས་བྱས་ཡོད།

      རྒྱ་ཆེའི་ལས་བྱེད་མང་ཚོགས་ལ་དྲན་སྐུལ་ཞུ་རྒྱུར།  སྤྱི་བདེ་ལས་ཁུངས་ནས་ཡིན་ཟེར་བའི་ཁ་པར་འབྱོར་ཚེ་ངེས་པར་དུ་དོགས་ཟོན་ནན་མོ་བྱ་དགོས་ལ།   གང་འདོད་དུ་ཡིད་ཆེས་བྱ་རྒྱུ་མེད། ལྷག་པར་དུ་དངུལ་བསྒྱུར་རྒྱུ་མེད། གལ་སྲིད་དོགས་པ་ཡོད་པའམ་མགོ་སྐོར་ཐེབས་སོང་ན་དུས་ཐོག་ཏུ་ཉེན་དོན་སྙན་སེང་ཞུ་དགོས།

  

ཉིང་ཁྲི་གྲོང་ཁྱེར།

     སྐད་འཕྲིན་ཚོམས་ཆུང་ནང་བདེ་འཇགས་སློབ་གསོའི་མཐུད་སྣེ་བསྐུར་ཡོང་ན་ཡིད་ཆེས་བྱ་ཆོག་གམ།  ཉེ་ལམ་མི་ལ་ལས་ཉིང་ཁྲི་གྲོང་ཨུད་དྲིལ་བསྒྲགས་པུའུ་དཔལ་ཡོན་གཞུང་དོན་ཁང་གི་ལས་དོན་མི་སྣར་བརྫུས་ནས་ལས་ཁུངས་ཀྱིས་བདེ་འཇགས་སློབ་གསོའི་མཐུད་སྣེ་ཟེར་བ་བརྒྱུད་བསྐུར་བྱ་དགོས་པའི་བླང་བྱ་བཏོན།   གཞུང་ཕྱོགས་ནས་གསལ་འདོན་བྱས་དོན།  ཉིང་ཁྲི་གྲོང་ཨུད་དྲིལ་བསྒྲགས་པུའུ་དཔལ་ཡོན་གཞུང་དོན་ཁང་གིས་བྱ་བ་འདི་རིགས་སྤེལ་མྱོང་མེད་ལ་ལི་ཁྲང་དུ་འབོད་པའི་ལས་དོན་མི་སྣ་ཡང་མེད་པས།  རྒྱ་ཆེའི་ལས་བྱེད་མང་ཚོགས་ཀྱིས་ཆ་འཕྲིན་རྫུན་མར་ཡིད་མི་ཆེས་པ་དང་རྒྱུས་མེད་མཐུད་སྣེ་མི་གནོན་པར་སྒེར་གྱི་དོགས་ཟོན་འདུ་ཤེས་ཆེ་རུ་གཏོང་དགོས་པ་དང་། དུས་ཐོག་ཏུ་རྒྱལ་ཁབ་གཡོ་འགོག་ལྟེ་གནས་ཀྱི་APP”ནང་འཇུག་བྱ་རོགས། 

  

ཤ་ཚའི་དྲན་སྐུལ། 

   གཅིག  རང་ཉིད་ལ་སྤྱི་བདེ་དང་ཞིབ་དཔྱོད། ཁྲིམས་ཁང་གི་མི་སྣ་ཡིན་ཟེར་བའི་ཁ་པར་འབྱོར་ནས།  བདེ་འཇགས་རྩིས་ཁྲ་དང་མ་དངུལ་གཙང་བཤེར།  དངུལ་བསྐུར་བ་སོགས་གླེང་སྐབས་དེ་དག་ཚང་མ་ནི་མགོ་སྐོར་རེད། 

    གཉིས། རང་ཉིད་སྡེ་ཁག་གང་རུང་གི་ལས་དོན་པ་ཡིན་ཟེར་བ་དང་། རང་འགུལ་ངང་ཁྱོད་ལ་རོགས་རམ་བྱས་ཏེ་ཁ་པར་སྤྱི་བདེ་དང་ཞིབ་དཔྱོད། ཁྲིམས་ཁང་དུ་འབྲེལ་མཐུད་བྱེད་ཟེར་བ་ཚང་མ་ནི་མགོ་སྐོར་རེད། 

    གསུམ།  ཕྱི་རྒྱལ་གྱི་ཁ་པར་ཨང་གྲངས་དང་+རྟགས་འཆར་བའམ་00ནས་འགོ་ཚུགས་པའི་ཁ་པར་འབྱོར་བ་དང་། རང་ཉིད་རྒྱལ་ཁབ་ལས་ཁུངས་ཀྱིལས་དོན་པ་ཡིན་ཟེར་པའི་ཁ་པར་ཚང་མ་ནི་མགོ་སྐོར་རེད།

    བཞི། དངུལ་ཁང་བྱང་བུའི་ཨང་གྲངས་དྲི་བ་དང་Appནང་འཇུག་བྱེད་པའམ་འཆར་ངོས་མཉམ་སྤྱོད་ཀྱི་ཁ་པར་སྒོ་འབྱེད་དུ་འཇུག་པ་ཚང་མ་ནི་མགོ་སྐོར་རེད། 

    ལྔ། ཁ་པར་གྱི་ནང་དོན་ངེས་པར་ཏུ་གསང་དགོས་པའམ།  དྲ་ལམ་ནས་འཛིན་བཟུང་བཀའ་རྒྱ་དང་ཉེན་རྟོག་དཔང་ཡིག་སྟོན་པ་ཚང་མ་ནི་མགོ་སྐོར་རེད། 

    དྲུག རང་ཉིད་སྤྱི་བདེ་དང་ཞིབ་དཔྱོད། ཁྲིམས་ཁང་གི་ལས་དོན་པ་ཡིན་ལ་ཁ་པར་དང་ QQ སྐད་འཕྲིན་སོགས་ཀྱི་ཟིན་ཐོ་འགོད་དགོས་ཟེར་བ་ཚང་མ་མགོ་སྐོར་རེད། 

   བདུན། གསོལ་མགྲོན་ཁང་དང་ཁྱིམ་ཚང་།  དྲ་ཁང་སོགས་སུ་སོང་ནས་ཞིབ་བཤེར་དང་ལེན་བྱ་དགོས་ཚུལ་བརྗོད་པ་ཚང་མ་ནི་མགོ་སྐོར་རེད། 

    བརྒྱད། ཡིད་གཟབ་མ་བྱས་པར་མགོ་སྐོར་ཐེབས་པའམ་དོགས་ཡོད་གནས་ཚུལ་འཕྲད་ན་བདེན་དཔང་སྲུང་སྐྱོབ་བྱེད་པར་དོ་སྣང་བྱེད་དགོས་ལ། དུས་ཐོག་ཏུ་110ལ་ཉེན་དོན་སྙན་ཞུ་བྱེད་པའམ་96110ལ་བློ་འདྲི་བྱ་དགོས།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། 

ཞུ་དག བསྟན་འཛིན།

ཡིག་སྒྱུར། རྡོ་རྗེ་ཚེ་རིང་།

འཚོ་བའི་རྒྱུན་ཤེས།

▶བོད་ལྗོངས་སུ་ཉེན་རྟོག་པ་སོཊ་ལ་བརྫུས་ནས་མགོ་སྐོར་གཏོང་བའི་གནས་་་

央广网

འཛམ་གླིང་སྐར་ཁུངས།

ཨུ་རུ་སུས་ཨ་རི་ནི་ལྐོག་ཇུས་འདོན་མཁན་གཙོ་བོ་རེད་ཅེས་བཤད་འདུག

ཁོ་པེ་ཡིས་ད་དུང་ཨ་རིའི་སྲིད་གཞུང་གིས་འཇབ་རྒོལ་དོན་རྐྱེན་དེའི་ལྐོག་ཇུས་འདོན་མཁན་སུ་ཡིན་གསལ་པོ་ཤེས་ཀྱི་མེད་མོད། འོན་ཀྱང་ཆ་འཕྲིན་མང་པོ་བསྡུ་རུབ་བྱེད་བཞིན་ཡོད་ཅེས་བཤད་ཡོད།

中央广播电视总台 央广网 版权所有

▶བོད་ལྗོངས་སུ་ཉེན་རྟོག་པ་སོཊ་ལ་བརྫུས་ནས་མགོ་སྐོར་གཏོང་བའི་གནས་་་

རྒྱ་ཆེའི་ལས་བྱེད་མང་ཚོགས་ལ་དྲན་སྐུལ་ཞུ་རྒྱུར། སྤྱི་བདེ་ལས་ཁུངས་ནས་ཡིན་ཟེར་བའི་ཁ་པར་འབྱོར་ཚེ་ངེས་པར་དུ་དོགས་ཟོན་ནན་མོ་བྱ་དགོས་ལ། གང་འདོད་དུ་ཡིད་ཆེས་བྱ་རྒྱུ་མེད། ལྷག་པར་དུ་དངུལ་བསྒྱུར་རྒྱུ་མེད། གལ་སྲིད་དོགས་པ་ཡོད་པའམ་མགོ་སྐོར་ཐེབས་སོང་ན་དུས་ཐོག་ཏུ་ཉེན་དོན་སྙན་སེང་ཞུ་དགོས།