ཆ་འཕྲིན་ཐེར་འདོན། mzjubao@cnr.cn

འཚོ་བའི་རྒྱུན་ཤེས།

▶སྲོག་ཉེན་ལས་སྐྱོབ་ཐབས་འདི་ཤེས་རྒྱུ་གལ་ཆེ།

2023-05-08 10:17:00     责编:娜科

    སྐར་ཆ་44རིང་གི་མྱུར་སྐྱོབ་སྟེ།  ཉེན་རྟོག་པ་ཝང་ཧའོ་དང་ཀྲང་ཁྲའོ་ཧིན་ལ་རོགས་སྐྱོར་འབོད་བརྡ་འབྱོར་བ་ནས་བུ་མོ་ཆུང་ཆུང་དེ་ཉེན་ཁ་ལས་ཐར་བའི་བར་སྐར་ཆ་44ལས་འགོར་མེད།  སྤྱི་ཟླ་5པའི་ཚེས་2ཉིན་གྱི་དགོང་ཁར་ཝང་ཧྥུ་ཅིན་རྐང་ཐང་སྲང་ལམ་དུ་མི་ཚོགས་འཚང་ཁ་ཤིག་ཤིག་བྱེད་པ་དང་།  དགོང་མོའི་ཆུ་ཚོད་བདུན་དང་ཕྱེད་ཀའི་ཐོག་ལས་རེས་བྱེད་བཞིན་པའི་ཉེན་རྟོག་པ་ཝང་ཧའོ་དང་ཀྲང་ཁྲའོ་ཧིན་གཉིས་ཀྱིས་གློ་བུར་དུ་རླུང་འཕྲིན་ནང་གི་འབོད་སྒྲ་ཐོས་བྱུང་པ་སྟེ།  ཧྲིན་ཞི་ཧྥུའི་ཉེ་འཁོར་དུ་བུ་མོ་ཆུང་ཆུང་གིས་ཟ་མ་ཟ་སྐབས་མིད་པ་འགག་ནས་དབུགས་ལེན་དཀའ་བས་མགྱོགས་པོར་མྱུར་སྐྱོབ་བྱ་དགོས་ཟེར།

 

     ཝང་ཧའོ་དང་ཀྲང་ཁྲའོ་ཧིན་གྱིས་གོ་མ་ཐག་ཨ་ལན་བསླགས་ཏེ་ཡུལ་དངོས་སུ་རྒྱུགས་ནས་སྐར་ཆ་20ལས་མ་འགོར་ལ། དུས་མཉམ་དུ་མངག་གཏོང་ཁང་གི་ལས་གྲོགས་གཞན་དག་གིས་999མྱུར་སྐྱོར་རླངས་འཁོར་ལ་འབྲེལ་བ་བྱས་ཏེ་མགྱོགས་པོར་ལས་དུ་ཆས།  ཝང་ཧའོ་ཡིས་ཁྱིམ་མི་དག་བརྒྱུད་ནས་བུ་མོ་ཆུང་ཆུང་དེས་ཀ་ཆ་བྱི་རིལ་ཟ་སྐབས་ཀ་ར་མིད་པར་འགག་ནས་དབུགས་ལེན་མ་ཐུབ་པར་དབུགས་གཅོད་པའི་ཉེན་ཁར་འཕྲད་ཡོད་པ་ཤེས་རྟོགས་བྱུང་།  དགོང་ཁའི་ཝང་ཧྥུ་ཅིན་དུ་མི་ཚོགས་ཀྱི་འདུ་འགོད་འཁྲུག་ཅིང་། 999མྱུར་སྐྱོབ་རླངས་འཁོར་དུས་ཐོག་ཏུ་མི་ཚོགས་ཁྲོད་ནས་ཡོང་ཐབས་བྲལ་བས།  གནས་ཚུལ་ཛ་དྲག་གི་སྐབས་སུ་ཝང་ཧའོ་ཡིས་ཧེ་མོའུ་ལེ་ཁུ་མྱུར་སྐྱོབ་ཐབས་སྤྱད་པ་རེད། 

    ཝང་ཧའོ་ཡིས་དཔུང་བ་གཉིས་ཀྱིས་བྱིས་པའི་རྐེད་པ་ནས་བསྡམས་ཤིང་།  ལག་པ་གཅིག་གིས་ཁུ་ཚུར་བཅིངས་ཏེ་བྱིས་པའི་ཕོ་བར་གཏད་པ་དང་ལག་པ་གཅིག་གིས་ཁུ་ཚུར་བསྡམས་ཏེ་ཐེངས་བཅུ་ལྷག་ལ་གཡུག་གཡུག་བྱས་མཐར་བུ་མོ་ཆུང་ཆུང་གི་མིད་པར་ཁེགས་ཡོད་པའི་ཀ་ར་གཞི་ནས་ཕྱི་རུ་ཐོན་སོང་།  མྱུར་སྐྱོབ་སྤེལ་མགོ་བརྩམས་པ་ནས་བསྐྱབ་པའི་བར་སྐར་ཆ་24ལས་འགོར་མེད་པ་རེད། 

    དེའི་རྗེས་སུ་999མྱུར་སྐྱོབ་རླངས་འཁོར་ཐོན་ནས་སྨན་པས་བཤད་རྒྱུར།  དུས་ཐོག་ཏུ་མྱུར་སྐྱོབ་བྱ་ཐུབ་སོང་བས་བྱིས་པར་སྐྱོན་ཆེན་པོ་བྱུང་མི་འདུག་ཅེས་བརྗོད་བྱུང་། 

    ཉེན་རྟོག་པས་གསལ་འདེབས་ཞུ་དོན།  དངོས་ཟོག་གང་རུང་གིས་མིད་པ་འགག་ཚེ་བློ་རིག་སྐྱེན་པོ་བྱ་དགོས་པ་དང་།  འཚུབ་ཆ་ལངས་ནས་ལག་པས་འདྲུ་བ་སོགས་མ་རུང་སྟེ། སྟབས་མ་ལེགས་པར་མིད་པའི་ནང་ཐུར་ལ་སོང་ཚེ་དེ་བས་ལེན་དཀའ་བར་ཆགས་འགྲོ།  

     ཧེ་མོའུ་ལེ་ཁི་ཐབས་ནི་དབུགས་ལམ་གྱི་ཁེགས་དངོས་ཕྱིར་ལེན་པའི་མྱུར་སྐྱོབ་བྱ་ཐབས་ཤིག་ཡིན་ལ། ཁྱེད་ཀྱི་འབྲེལ་ཡོད་ཤེས་བྱར་སློབ་སྦྱོང་བྱས་ཏེ་དགོས་ངེས་ལ་འཕྲད་ཚེ་བེད་སྤྱོད་བྱ་རྒྱུ་གལ། 

     གནས་ཚུལ་འདི་རིགས་བྱུང་ཚེ་དུས་ཐོག་ཏུ་མྱུར་སྐྱོབ་ཁ་པར་གཏོང་བ་དང་། མྱུར་སྐྱོབ་མི་སྣར་ཁེགས་པའི་དངོས་པོ་ནི་ཅི་ཞིག་ཡིན་པ་དང་ཆེ་ཆུང་ག་འདྲ་ཡིན་པ་སོགས་གནས་ཚུལ་བཤད་ནས་དེ་བསྟུན་གྱི་ཐབས་བཀོད་བཟོས་ཏེ་གང་མགྱོགས་ཀྱིས་ལེན་ཐབས་བྱ་དགོས།

 

 

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། 

ཞུ་དག བཀྲ་ཤིས་བཟང་པོ།

སྒྲིག་སྒྱུར། རྡོ་རྗེ་ཚེ་རིང་།  

འཛམ་གླིང་སྐར་ཁུངས།

ཨུ་རུ་སུས་ཨ་རི་ནི་ལྐོག་ཇུས་འདོན་མཁན་གཙོ་བོ་རེད་ཅེས་བཤད་འདུག

ཁོ་པེ་ཡིས་ད་དུང་ཨ་རིའི་སྲིད་གཞུང་གིས་འཇབ་རྒོལ་དོན་རྐྱེན་དེའི་ལྐོག་ཇུས་འདོན་མཁན་སུ་ཡིན་གསལ་པོ་ཤེས་ཀྱི་མེད་མོད། འོན་ཀྱང་ཆ་འཕྲིན་མང་པོ་བསྡུ་རུབ་བྱེད་བཞིན་ཡོད་ཅེས་བཤད་ཡོད།

中央广播电视总台 央广网 版权所有

▶སྲོག་ཉེན་ལས་སྐྱོབ་ཐབས་འདི་ཤེས་རྒྱུ་གལ་ཆེ།

ཧེ་མོའུ་ལེ་ཁི་ཐབས་ནི་དབུགས་ལམ་གྱི་ཁེགས་དངོས་ཕྱིར་ལེན་པའི་མྱུར་སྐྱོབ་བྱ་ཐབས་ཤིག་ཡིན་ལ། ཁྱེད་ཀྱི་འབྲེལ་ཡོད་ཤེས་བྱར་སློབ་སྦྱོང་བྱས་ཏེ་དགོས་ངེས་ལ་འཕྲད་ཚེ་བེད་སྤྱོད་བྱ་རྒྱུ་གལ།