ཆ་འཕྲིན་ཐེར་འདོན། mzjubao@cnr.cn

འཛམ་གླིང་སྐར་ཁུང་།

ཨུ་རུ་སུས་ཨ་རི་ནི་ལྐོག་ཇུས་འདོན་མཁན་གཙོ་བོ་རེད་ཅེས་བཤད་འདུག

2023-05-08 10:14:00     责编:娜科

       སྤྱི་ཚེས་4ཉིན། ཨུ་རུ་སུའི་ཙུང་ཐུང་གི་གསར་འགྱུར་དྲུང་ཡིག་ཕེ་སི་ཁོའོ་ཧྥུའུ་ཡིས་ཨུ་རུ་སུའི་ཙུང་ཐུང་བཞུགས་གནས་ཁེ་ལི་མུའུ་ལིན་ཕོ་བྲང་ལ་འཇིགས་སྐུལ་འཇབ་རྒོལ་ཕོག་པའི་ཐད། ཨ་རི་ནི་མི་མེད་གནམ་གྲུས་ཁེ་ལི་མུའུ་ལིན་ཕོ་བྲང་ལ་འཇབ་རྒོལ་བྱེད་པའི་ལྐོག་ཇུས་འདོན་མཁན་རེད་ཅེས་དང་། ཁོང་གིས་ཁེ་ལི་མུའུ་ལིན་ཕོ་བྲང་ལ་འཇབ་རྒོལ་བྱེད་པའི་ཇུས་འདོན་མཁན་ནི་ཡུག་རེན་མ་ཡིན་པར། དེ་ནི་ཨ་རི་ཡིན་པ་དང་། ཡུག་རེན་གྱིས་ཨ་རིའི་ཁ་ལ་ཉན་གྱི་ཡོད་ཅེས་བརྗོད་འདུག

 

 

 

       ཨུ་རུ་སུའི་ཙུང་ཐུང་གི་གསར་འགྱུར་དྲུང་ཡིག་ཕེ་སི་ཁོ་ཧྥུའུ་ཡིས། འཇིགས་སྐུལ་འཇབ་རྒོལ་དེ་རིགས་ཀྱི་ཇུས་འདོན་མཁན་ནི་ཨ་རི་ཡིན་པ་ལས་ཡུག་རེན་མིན་པ་ང་ཚོས་གསལ་པོ་ཤེས་ཀྱི་ཡོད། ཡུག་རེན་གྱིས་ཨ་རིའི་ཁ་ལ་ཉན་གྱི་ཡོད་ཅེས་བརྗོད་ཡོད།

       ཕེ་སི་ཁོ་ཧྥུའུ་ཡིས་ཡུག་རེན་དང་ཨ་རིས་འཇབ་རྒོལ་དོན་རྐྱེན་དེ་བཟོས་པ་ཡིན་པ་རྩ་བ་ནས་ཁས་མི་ལེན་པ་དེ་ནི་དགོད་བྲོ་བའི་བྱ་སྤྱོད་ཅིག་རེད་ཅེས་དང་། ཨུ་རུ་སུས་ཨ་རི་ནི་ཐེངས་འདིའི་འཇབ་རྒོལ་དོན་རྐྱེན་གྱི་ལྐོག་ཇུས་འདོན་མཁན་ཡིན་པ་ཤེས་ཀྱི་ཡོད་པ་དེ་ཨ་རིས་ཀྱང་ཤེས་ཀྱི་ཡོད་སྲིད་ཅེས་བསྟན་ཡོད།

       ཨུ་རུ་སུའི་ཕྱི་འབྲེལ་པུས་མི་མེད་གནམ་གྲུས་ཁེ་ལི་མུའུ་ལིན་ཕོ་བྲང་ལ་འཇབ་རྒོལ་བྱས་པའི་བྱེད་སྤྱོད་ལ་སྐྱོན་བརྗོད་དྲག་པོ་བྱས། 

       ཨུ་རུ་སུའི་ཕྱི་འབྲེལ་པུས་ཚེས་4ཉིན་གསལ་བསྒྲགས་ཤིག་སྤེལ་ནས། ཨུ་རུ་སུས་མི་མེད་གནམ་གྲུས་ཁེ་ལི་མུའུ་ལིན་ཕོ་བྲང་ལ་འཇིགས་སྐུལ་རིང་ལུགས་ཀྱི་འཇབ་རྒོལ་བྱ་རྒྱུའི་རེ་ངན་བཅངས་པར་སྐྱོན་བརྗོད་དྲག་པོ་བྱ་རྒྱུ་ཡིན། བྱ་སྤྱོད་དེ་ནི་ཤིན་ཏུ་ཚབས་ཆེ། རྒྱུ་མཚན་ནི་དེ་ནི་ཨུ་རུ་སུའི་རྒྱལ་ཁ་ཐོབ་ཉིན་གྱི་སྔ་ནུབ་ཏུ་ཨུ་རུ་སུའི་ཙུང་ཐུང་ལྐོག་གསོད་བྱ་རྩིས་བྱས་པ་ཞིག་ཡིན་པས། བྱ་སྤྱོད་དེ་རིགས་ལ་ཨུ་རུ་སུ་ཕྱོགས་ཀྱིས་ཡ་ལན་མི་སློག་ཀ་མེད་ཡིན་ཞེས་བསྟན་ཡོད།

       མིག་སྔར། ཨུ་རུ་སུའི་མྱུལ་ཞིབ་ཨུ་ལྷན་གྱིས་དེའི་ཐད་གྱོད་དོན་ཐོ་འགོད་བྱས་ནས་བརྟག་དཔྱད་བྱེད་བཞིན་ཡོད་པ་དང་། དེ་དང་འབྲེལ་བའི་མི་ཚང་མ་རྩད་ཆོད་ཐུབ་པའི་ཡིད་ཆེས་ཡོད། 

 

       ཡུག་རེན་ཕྱོགས་ཀྱིས་མི་མེད་གནམ་གྲུས་འཇབ་རྒོལ་དོན་རྐྱེན་བསླངས་པ་ཁས་བླངས་མེད།

       ཨུ་རུ་སུ་ཕྱོགས་ཀྱིས་བཤད་པའི་འཇབ་རྒོལ་དེ་ཡུག་རེན་གྱིས་བསླངས་པ་ཡིན་ཞེས་པའི་དོན་དེ་ཡུག་རེན་གྱི་ཙུང་ཐུང་ཙེ་ལན་སི་ཅི་དང་དཔོན་རིགས་གཞན་དག་གིས་ཁས་ལེན་བྱས་མེད་པ་མ་ཟད། ཨུ་རུ་སུས་དེ་ལྟར་བྱེད་དོན་ནི་ཡུག་རེན་ལ་“གཞི་ཁྱོན་ཆེན་པོས་ཚུར་རྒོལ”བྱེད་པར་ཁ་གཡར་ས་བཙལ་བཞིན་ཡིན་པའི་སྐོར་བརྗོད་ཡོད།

       ཙེ་ལན་སི་ཅིས་ང་ཚོས་ཕུའུ་ཅིང་ངམ་མོ་སི་ཁོ་ལ་འཇབ་རྒོལ་བྱས་མེད། ང་ཚོར་འཇབ་རྒོལ་བྱེད་པའི་མཚོན་ཆ་འདང་ངེས་ཤིག་མེད་ཅེས་བརྗོད་ཡོད།

       ཨ་རིའི་ཕོ་བྲང་དཀར་པོས་མི་མེད་གནམ་གྲུའི་འཇབ་རྒོལ་དོན་རྐྱེན་ནང་ཞུགས་པ་ཁས་བླངས་མེད།

       ཚེས་4ཉིན། ཨ་རིའི་ཕོ་བྲང་དཀར་པོའི་རྒྱལ་ཁབ་བདེ་འཇགས་ཨུ་ལྷན་གྱི་མགྲིན་ཚབ་པ་གཡོད་ཧན·ཁོ་པེ་ཡིས། ཨ་རིས་མི་མེད་གནམ་གྲུས་ཁེ་ལི་མུའུ་ལིན་ཕོ་བྲང་ལ་འཇབ་རྒོལ་བྱས་པའི་དོན་རྐྱེན་ནང་བྱ་སྤྱོད་ཅི་ཡང་སྤེལ་མེད། ཨ་རིས་ཡུག་རེན་གྱིས་མངའ་ཁོངས་ཕྱི་རོལ་དུ་འཇབ་རྒོལ་བྱ་རྒྱུར་སྐུལ་ལྕག་མི་བྱེད་ལ་དེ་ལྟར་བྱེད་ཀྱང་འཇུག་གི་མེད་ཅེས་བསྟན་ཡོད།

       ཁོ་པེ་ཡིས་ད་དུང་ཨ་རིའི་སྲིད་གཞུང་གིས་འཇབ་རྒོལ་དོན་རྐྱེན་དེའི་ལྐོག་ཇུས་འདོན་མཁན་སུ་ཡིན་གསལ་པོ་ཤེས་ཀྱི་མེད་མོད། འོན་ཀྱང་ཆ་འཕྲིན་མང་པོ་བསྡུ་རུབ་བྱེད་བཞིན་ཡོད་ཅེས་བཤད་ཡོད།

 

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།
ཞུ་དག གངས་ཕྲུག་བློ་རྒྱ། 
ཡིག་སྒྱུར། རིག་འཛིན་སྐྱིད།

འཛམ་གླིང་སྐར་ཁུངས།

▶ཨུ་རུ་སུས་ནུབ་ཕྱོཊ་ནི་ཡུག་རེན་དམག་དོན་གྱི་ལྐོག་ཇུས་པ་རེད་ཅེས་་་

ཡུག་རེན་གྱི་ཉམས་ཉེན་བྱུང་བ་ནས་བཟུང་བྱང་ཆིངས་སྒྲིག་འཛུགས་ཀྱིས་ཡུག་རེན་ལ་དམག་དོན་རྒྱབ་སྐྱོར་བྱས་པ་དང་། སྤྱི་ཚེས་27ཉིན་བྱང་ཆིངས་སྒྲིག་འཛུགས་ཀྱི་དྲུང་ཆེ་སི་ཐོར་ཐེ་པེ་ཀེས་བྱང་ཆིངས་སྒྲིག་འཛུགས་ཀྱི་གྲུབ་ཆའི་རྒྱལ་ཁབ་ཀྱིས་ཡུག་རེན་ལ་ཁྲབ་འཁོར་

中央广播电视总台 央广网 版权所有

ཨུ་རུ་སུས་ཨ་རི་ནི་ལྐོག་ཇུས་འདོན་མཁན་གཙོ་བོ་རེད་ཅེས་བཤད་འདུག

ཁོ་པེ་ཡིས་ད་དུང་ཨ་རིའི་སྲིད་གཞུང་གིས་འཇབ་རྒོལ་དོན་རྐྱེན་དེའི་ལྐོག་ཇུས་འདོན་མཁན་སུ་ཡིན་གསལ་པོ་ཤེས་ཀྱི་མེད་མོད། འོན་ཀྱང་ཆ་འཕྲིན་མང་པོ་བསྡུ་རུབ་བྱེད་བཞིན་ཡོད་ཅེས་བཤད་ཡོད།