ཆ་འཕྲིན་ཐེར་འདོན། mzjubao@cnr.cn

འཚོ་བའི་རྒྱུན་ཤེས།

ཆང་རག་ཚོད་མེད་བཏུངས་ན་ཡོང་རྒྱུ་འདི་རེད།

2023-04-18 15:05:00     责编:娜科

  ལྷ་སའི་འགྲིམ་འགྲུལ་ཉེན་རྟོག་པས་ཆང་རག་དང་འབྲེལ་བའི་འགྲིམ་འགྲུལ་གྱི་ཁྲིམས་འགལ་བྱེད་སྤྱོད་ལ་ཞིབ་བཤེར་ཐག་གཅོད་བྱེད་ཤུགས་ཆེ་རུ་བཏང་ཡང་མི་ཁག་གཅིག་གིས་སྟེས་དབང་གི་བསམ་པ་བཅངས་ནས་མུ་མཐུད་ཆང་བཏུངས་འཁོར་གཏོང་བྱེད་ཀྱི་ཡོད།                                                                   

 

རྩད་ཆོད་པའི་དུས་ཚོད། 2023ལོའི་ཟླ་3ཚེས་23ཉིན་གྱི་ཐོ་རེངས་ཆུ་ཚོད་དང་པོ་ཙམ་ལ།

རྩད་ཆོད་ཡུལ། བརྒྱད་གཅིག་བྱང་ལམ་གྱི“ཝུན་ཅུན་ཡོན་ཁུལ་9པའི”མདུན་གྱི་ལམ་དུམ་བུ།

ཁྲིམས་འགལ་ཁ་ལོ་བ། ཅན་ཆེ་གེ་མོ།

འཁོར་རྟགས། ཡུས་A7……

གྱོད་གཞི་ངོ་སྤྲོད་མདོར་བསྡུས།

    དོ་བདག་ཅན་ཆེ་གེ་མོས་ཆང་རག་བཏུངས་ནས་ཡུས་A7……རྟགས་ཅན་གྱི་འཇིབ་ཆུང་ཞིག་བཏང་ནས་ལི་ཏུའུ་KTVཡི་རླངས་འཁོར་འཇོག་ས་ནས་ཝུན་ཅུན་ཡོན་ཁུལ་9པའི་ཕྱོགས་སུ་སྐྱོད་སྐབས། མང་ཚོགས་ཀྱིས་ཆང་བཏུངས་འཁོར་གཏོང་བྱས་པ་ཐེར་འདོན་བྱས། བཀའ་འབྱོར་རྗེས་མི་དམངས་ཉེན་རྟོག་པ་ས་ཆ་དངོས་སུ་བསྐྱོད་པ་དང་ཅན་ཆེ་གེ་མོར་ཨ་རག་གི་ཉིང་ཁུ་འདུས་ཚད་བརྟག་དཔྱད་བྱས་པ་རེད། 

 

    ཐེངས་དང་པོར་ཁྲག་ཧའོ་ཧྲེང་100ལ་ཨ་རག་གི་ཉིང་ཁུ་འདུས་ཚད་ཧའོ་ཁེ་54ཟིན་པ་དང་། ཐེངས་གཉིས་པར་ཁྲག་ཧའོ་ཧྲེང་100ལ་ཨ་རག་གི་ཉིང་ཁུ་འདུས་ཚད་ཧའོ་ཁེ་33ཟིན་ནས་ཅན་ཆེ་གེ་མོས་ཆང་བཏུངས་འཁོར་གཏོང་བྱས་པ་གཏན་འཁེལ་བྱས། 

 

    དེ་རྗེས་ཉེན་རྟོག་པས་ཅན་ཆེ་གེ་མོའི་ཁ་ལོ་བའི་ལག་ཁྱེར་ལ་ཞིབ་བཤེར་བྱས་པ་ལས། 2021ལོའི་ཟླ་4པའི་ཚེས་21ཉིན་དོ་བདག་ཅན་ཆེ་གེ་མོས་ཆང་བཏུངས་འཁོར་གཏོང་བྱས་པའི་དབང་གིས་ལྷ་ཉིང་མྱུར་བགྲོད་རུ་ཆེན་གྱིས་ཞིབ་བཤེར་ཐག་གཅོད་བྱེད་མྱོང་ཡོད་པས། ད་ཐེངས་ཆང་བཏུངས་འཁོར་གཏོང་ཐེངས་གཉིས་པ་རེད། 

མཇུག་ཏུ་མི་དམངས་ཉེན་རྟོག་པས་ཁྲིམས་ལྟར་ཆད་པ་བཅད་པ་གཤམ་གསལ།

    《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འགྲོ་ལམ་འགྲིམ་འགྲུལ་བདེ་འཇགས་བཅའ་ཁྲིམས》ཀྱི་དོན་ཚན་གོ་གཅིག་པའི་ནང་ཚན་དང་པོའི་གཏན་འབེབས་ལྟར། སྤྱི་བདེ་ལས་ཁུངས་ཀྱིས་ཁྲིམས་ལྟར་དོ་བདག་ཅན་ཆེ་གེ་མོས་ཡང་བསྐྱར་ཆང་བཏུངས་འཁོར་གཏོང་བྱས་པའི་ཁྲིམས་འགལ་གྱི་བྱེད་སྤྱོད་ལ་སྲིད་འཛིན་བཀག་ཉར་ཉིན་བདུན་གྱི་ཆད་པ་བཅད་པ་དང་། ཁ་ལོ་བའི་ལག་ཁྱེར་མེད་པར་བཟོས་པ་མ་ཟད། ད་དུང་སྒོར་1900ཡི་སྲིད་འཛིན་ཆད་པ་བཅད་པ་རེད།

ཉེན་རྟོག་ཕྱོགས་ཀྱིས་དྲན་སྐུལ་བྱས་དོན།

    དམིགས་ཡུལ་གཙོ་བོ་ཆད་པ་གཅོད་རྒྱུ་མིན་པར་བདེ་འཇགས་ཀྱི་ཆེད་དུ་ཡིན། ཆང་རག་བཏུངས་རྗེས་རླངས་འཁོར་གཏན་ནས་གཏོང་མི་རུང་། དགའ་ཉེ་སྤུན་མཆེད་ཚོས་ཀྱང་ཁ་ལོ་བར་ཆང་རག་བཏུངས་ནས་རླངས་འཁོར་མི་གཏོང་བ་དང་ཁྲིམས་དང་མཐུན་པའི་སྒོ་ནས་ཕྱིར་སྐྱོད་བྱས་ཏེ་ཐུན་མོང་ཐོག་བདེ་འཇགས་དང་འཆམ་མཐུན་གྱི་འགྲོ་ལམ་འགྲིམ་འགྲུལ་གྱི་ཁོར་ཡུག་ཅིག་གཏོད་དགོས་པའི་ཁ་ཏ་བསླབ་བྱ་བྱེད་དགོས།

ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར།

འཛམ་གླིང་སྐར་ཁུངས།

▶ལོ་80ལ་སླེབས་པའི་པའེ་ཏེང་2024ལོར་མུ་མཐུད་ཙུང་ཐུང་་་

ལུའུ་ཐུའུ་གསར་འགྱུར་ཁང་གིས་སྤེལ་བའི་གནས་ཚུལ་ལྟར་ན། པའེ་ཏེང་གི་ལག་རོགས་དང་མནའ་གྲོགས་ཀྱིས་འདེམས་འགྲན་ནང་ཞུགས་པའི་གྲ་སྒྲིག་བྱེད་སྒོ་སྤེལ་འགོ་ཚུགས་ཤིང་མ་དངུལ་གྲབས་གསོག་གི་སྒྲིག་གཞི་འཛུགས་འགོ་ཚུགས་ཡོད།

中央广播电视总台 央广网 版权所有

ཆང་རག་ཚོད་མེད་བཏུངས་ན་ཡོང་རྒྱུ་འདི་རེད།

དམིགས་ཡུལ་གཙོ་བོ་ཆད་པ་གཅོད་རྒྱུ་མིན་པར་བདེ་འཇགས་ཀྱི་ཆེད་དུ་ཡིན། ཆང་རག་བཏུངས་རྗེས་རླངས་འཁོར་གཏན་ནས་གཏོང་མི་རུང་། དགའ་ཉེ་སྤུན་མཆེད་ཚོས་ཀྱང་ཁ་ལོ་བར་ཆང་རག་བཏུངས་ནས་རླངས་འཁོར་མི་གཏོང་བ་དང་ཁྲིམས་དང་མཐུན་པའི་སྒོ་ནས